བོད་ལྗོངས།
བརྙན་ཐུང་། བདག་ཏུ་མ་བཟུང་བའི་སྲོག་ཆགས་ཀྱི་ཞིང་ཁམས་བོད་ཀྱི་མཚོ་གཉིས་རྫོང་།

    ཤིན་ཧྭ་དྲ་བའི་བོད་ཡིག་འཕྲིན་ལམ་ནས། བོད་རང་སྐྱོང་ལྗོངས་ནག་ཆུ་གྲོང་ཁྱེར་མཚོ་གཉིས་རྫོང་གི་ཆ་སྙོམས་ས་བབ་མཐོ་ཚད་ཧ་ལམ་སྨི་5000ཙམ་ཟིན་པ་དང་། བྱང་རྒྱུད་བྱང་ཐང་རྒྱལ་ཁབ་རིམ་པའི་རང་བྱུང་སྲུང་སྐྱོང་ཁུལ་དང་འབྲེལ་ཡོད་ཅིང་། རྫོང་དེའི་ས་ཁོངས་ནང་གི་སྲུང་སྐྱོང་ཁུལ་གྱི་རྒྱ་ཁྱོན་སྤྱི་ལེ་ངོས་གྲུ་ཁྲི་6.01ཟིན་ཡོད། མི་ཧ་ཅང་ཉུང་བའི་བོད་བྱང་ཐང་གི་རྩྭ་ཐང་དེའི་ཐོག་གཙོད་དང་དྲེད་མོང་། རྐྱང་། གསའ། འབྲོང་། སྤྱང་ཀི་སོགས་བདག་ཏུ་མ་བཟུང་བའི་སྲོག་ཆགས་རྣམས་མིའི་རིགས་ཀྱི་གནོད་པ་མེད་པར་གདོད་མའི་འཚོ་བར་རོལ་བཞིན་ཡོད།

འགན་འཁུར་རྩོམ་སྒྲིག་པ། བསྟན་ནོར།
010020070840000000000000011100001387734601