བོད་ལྗོངས།
བརྙན་ཐུང་། ཇོ་རིའི་འདབས་ཀྱི་སློབ་མ་འདི་ད་ནས་བཟུང་སྦག་སྦག་བཞོན་ཏེ་དྲ་རྒྱ"འཚོལ"བར་འགྲོ་དགོས་མེད།

    ཤིན་ཧྭ་དྲ་བའི་བོད་ཡིག་འཕྲིན་ལམ་ནས། བོད་ལྗོངས་གཞིས་རྩེའི་དིང་རི་རྫོང་བཀྲ་ཤིས་འཛོམས་ཤང་དཔེ་ལེབ་གྲོང་ཚོ་ནི་ཇོ་མོ་གླང་མའི་འདབས་སུ་གནས་ཡོད། ཉིན་ཤས་གོང་ཚེ་རིང་ཆོས་བཟང་གིས་ཉིན་ལྟར་ཐོ་རེངས་སྐབས་སྦག་སྦག་བཞོན་ནས་ཤང་དུ་དྲ་ཐོག་ནས་སློབ་ཚན་འཚོགས་པར་བསྐྱོད་ཀྱི་ཡོད།

    ཚེ་རིང་ཆོས་བཟང་ནི་ཅང་སུའུ་བཟའ་བཅའ་དང་སྨན་རྫས་ལས་རིགས་ལག་རྩལ་སློབ་གླིང་གི་ལོ་རིམ་གཉིས་པའི་སློབ་མ་ཡིན་པ་དང་། རིམས་ནད་ཀྱི་ཤུགས་རྐྱེན་ཐེབས་ནས་སློབ་གྲྭར་ཕྱིར་ལོག་ཐུབ་མེད་པས་ཉིན་ལྟར་དྲ་ཐོག་ནས་སློབ་ཚན་འཚོག་དགོས་ཀྱི་ཡོད། དཔེ་ལེབ་གྲོང་ཚོ་ནི་ཐག་རིང་ལུང་ཁུག་ཡིན་པས་དྲ་རྒྱའི་བརྡ་རྟགས་བརྟན་པོ་མེད།

    ས་ཆ་དེ་གའི་མི་དམངས་ཉེན་རྟོག་པས་གནས་ཚུལ་དེར་དོ་སྣང་བྱུང་རྗེས་ས་ཆ་དེ་གའི་གློག་འཕྲིན་ལས་ཁུངས་དང་འབྲེལ་བ་བྱས་ཡོད། ལས་དོན་མི་སྣའི་རྒྱབ་སྐྱོར་འོག་ཚེ་རིང་ཆོས་བཟང་གི་ཁྱིམ་དུ་དྲ་རྒྱའི་བརྡ་རྟགས་བརྟན་པོ་བྱུང་ཡོད་པས་གྲོང་ཚོའི་ནང་དྲ་ཐོག་སློབ་ཚན་ཉན་ཐུབ་པ་བྱུང་ཡོད།

    ཤིན་ཧྭ་གསར་འགྱུར་ཁང་གི་གསར་འགོད་པ། བློ་གྲོས་རྒྱ་མཚོ། (འཕྲིན་སྤེལ་བ། ཝང་ཝེ་ཐའོ། )

(འགན་འཁུར་རྩོམ་སྒྲིག་པ། བསྟན་ནོར།)
010020070840000000000000011100001388394121