བོད་ལྗོངས།
▶ནས་ཀྱི་ལྟ་སྲུང་བ།

 

    ཤིན་ཧྭ་དྲ་བའི་བོད་ཡིག་འཕྲིན་ལམ་ནས།ཉི་མ་བཀྲ་ཤིས་ནི་རང་རྒྱལ་གྱི་སྐད་གྲགས་ལྡན་པའི་ནས་ཀྱི་ཞིབ་འཇུག་ཐད་ཀྱི་རིགས་གཅིག་མཁས་ཅན་དང་། བོད་རང་སྐྱོང་ལྗོངས་ཞིང་འབྲོག་ཚན་རིག་ཁང་གི་ཏང་ཙུའི་ཧྲུའུ་ཅི་གཞོན་པ། ཡོན་ཀྲང་བཅས་ཡིན།

    ཁོང་ནི“ཞིང་པའི་ཡོན་ཀྲང”ཡིན་པས་མང་ཚོགས་རྣམས་གཉེན་ཉེར་རྩི།

    ཁོང་ནི“ནས་ཀྱི་འབུམ་རམས་པ”ཡིན་པས་ས་ཞིང་སྟེང་དུ་དཔྱད་རྩོམ་བྲིས།

    ཁོང་ནི“སོན་རྡོག་གཅིག”ཡིན་པས་སྙིང་སྟོབས་མཐོ་སྒང་གི་ས་གཞི་ཆེན་མོར་སྤེལ།

    2020ལོའི་ཟླ་9ཚེས་5ཉིན། བོད་ལྗོངས་མངའ་རིས་སུ་གཤམ་སྐྱོད་བརྟག་ཞིབ་གནང་བར་འགྲོ་བའི་ལམ་བར་དུ་རླངས་འཁོར་གྱི་ལས་འཛོལ་ཞིག་གིས་དགུང་ལོ་55ལ་ཕེབས་པའི་ཁོང་གི་ཚེ་སྲོག་འཕྲོག་ཡོད།

    ད་ལྟ། བོད་ལྗོངས་ཞིང་འབྲོག་ཚན་རིག་ཁང་ཞིང་ལས་ཞིབ་འཇུག་སོའོ་ཡི་ཞིང་ལས་ཚན་རྩལ་ལས་དོན་པ་ཚོས་ཉི་མ་བཀྲ་ཤིས་ལགས་ཀྱི་རྒྱུན་མཐུད་ནས་དགུན་ནས་ཀྱི་ཐོན་སྐྱེད་རྒྱ་ཁྱོན་དང་ཕན་འབྲས་ཆེ་རུ་གཏོང་ཆེད། ལོ་དང་ཟླ་བ་བསྟུད་ནས་དཀའ་ངལ་ཁྱད་བསད་ཀྱིས་ཞིང་ཁའི་ནང་མང་ཚོགས་དང་མཉམ་དུ་སྤེལ་རེས་དང་བརྟག་ཞིབ་གཏིང་ཟབ་བྱས་ནས་དཀའ་གནད་རེ་རེ་བཞིན་སེལ།

    གསར་འགོད་པ་བློ་བརྟན་དང་བསོད་ནམས་བདེ་སྐྱིད།

    ཤིན་ཧྭ་གསར་འགྱུར་ཁང་གི་སྒྲ་བརྙན་པུའུ་ནས་བཟོས།

འགན་འཁུར་རྩོམ་སྒྲིག་པ། བསྟན་ནོར།

ཤིན་ཧྭ་དྲ་བ་མ་རྐང་ཚད་ཡོད་ཀུང་སིའི་བོད་ལྗོངས་ཡན་ལག་ཀུང་སི། ཤིན་ཧྭ་དྲ་བའི་བོད་ལྗོངས་འཕྲིན་ལམ། ཞལ་པར་ཨང་གྲངས། ༠༨༩༡--༦༢༨༢༥༢༡

Copyright @ 2000-2020 XINHUANET.com All Rights Reserved.

འདི་ག་དྲ་ཚུགས་ཐོག་བཀོད་པའི་ཤིན་ཧྭ་གསར་འགྱུར་ཁང་དང་ཤིན་ཧྭ་དྲ་བའི་གསར་འགྱུར། ཆ་འཕྲིན། དེ་བཞིན་ཆེད་སྒྲིག་སོགས་ཀྱི་ཡིག་ཆ་ཚང་མའི་བདག་དབང་ཤིན་ཧྭ་གསར་འགྱུར་ཁང་ལ་བདག་པས་གན་རྒྱ་དང་དབང་ཆ་སྤྲད་མེད་ཚེ་རང་དགར་ཕབ་སྤྱོད་བྱེད་མི་ཆོག

010020070840000000000000011100001395086591