ཤིན་ཧྭ་དྲ་བའི་བོད་ཡིག་འཕྲིན་ལམ་ནས། ཉེ་ཆར་བོད་ལྗོངས་ནག་ཆུ་གྲོང་ཁྱེར་འབྲི་རུ་རྫོང་དུ་ས་ཡོམ་རིམ་པ་6.1བརྒྱབ་ཡོད། འབྲི་རུ་རྫོང་ཤག་ཆུ་གྲོང་རྡལ་སློབ་ཆུང་ནི་ཡོམ་ལྟེ་དང་བར་ཐག་ཉེ་ཤོས་ཀྱི་སློབ་གྲྭ་དེ་ཡིན། སློབ་ཚན་འཚོག་བཞིན་པའི་རྒན་ཀརྨ་ལགས་ཀྱིས་དུས་ཐུང་ནང་བཀོད་འདོམས་བྱས་ནས་སློབ་མ་རྣམས་བདེ་འཇགས་དང་གྲལ་སྒྲིག་པའི་ངང་སློབ་གྲྭའི་ལུས་རྩལ་ཐང་དུ་ཕྱིར་འཐེན་བྱེད་ཐུབ་ཡོད་ཅིང་། ལྟ་སྐུལ་འཕྲུལ་ཆས་ཀྱིས་གནས་ཚུལ་ངོ་མ་དེ་པར་ལེན་བྱས་ཡོད།
གསར་འགོད་པ། བསྟན་འཛིན་ཉི་མ་མཆོག་གྲུབ།
ཤིན་ཧྭ་གསར་འགྱུར་ཁང་གི་སྒྲ་བརྙན་པུའུ་ནས་བཟོས།