བོད་ལྗོངས།
▶ བསྐྱར་དུ་གྲགས་འོང་བའི་ཅོང་སྒྲ། —— བོད་ལྗོངས་ཀྱི་འཕྲིན་གཏོང་བྱ་གཞག་གི་འཕོ་འགྱུར་ལ་ལྟ་བ།

    ཤིན་ཧྭ་དྲ་བའི་བོད་ཡིག་འཕྲིན་ལམ་ནས། འདི་ལོའི་ཟླ་7ཚེས་1ཉིན་ནས་བཟུང་ལྷ་སའི་སྦྲག་ཏར་ཐོག་ཁང་ཆེ་མོའི་ཅོང་སྒྲ་སླར་ཡང་གྲགས་འོང་། སྦྲག་ཏར་ཐོག་ཁང་ཆེ་མོ་ནི་དེ་སྔ་ལྷ་སའི་ས་གཤིས་མཚོན་རྟགས་ཀྱི་ཁང་པ་མཐོ་ཤོས་རེད། ཐོག་ཁང་འདི་དང་རྣ་བར་ཐོས་ཡོང་བའི་ཅོང་སྒྲ་དེས་ལྷ་སའི་གྲོང་མིའི་མི་རབས་འགའི་དྲན་ཤེས་མཚོན་ཐུབ་པ་མ་ཟད། ལྷ་ས་དང་ཐ་ན་བོད་ལྗོངས་ཀྱི་འཕྲིན་གཏོང་བྱ་གཞག་གི་འཕོ་འགྱུར་དང་འཕེལ་རྒྱས་ཀྱི་དཔང་པོ་དེ་བས་བྱས་ཡོད།

    1979ལོར། སྦྲག་ཏར་ཐོག་ཁང་དངོས་སུ་སྤྱོད་འགོ་ཚུགས་ཡོད། སྐབས་དེ་དུས་ལྷ་སའི་འཕྲིན་གཏོང་ནི་གནའ་ཉམས་ཕྱུག་པའི་བརྗེ་རེས་རྣམ་པའི་ཁ་པར་ལ་ཡོངས་སུ་བརྟེན་དགོས་ཀྱི་ཡོད། ལས་ཀ་བྱེད་ཐབས་དེ་རིགས་ང་ཚོར་རྒྱུས་མངའ་གཏན་ནས་མེད་རུང་སྔོན་ཆད་ཁ་པར་གྱི་སྐུད་ལམ་སྦྲེལ་མཁན་བགྲེས་སོང་ཀྲུང་ཆོས་སྒྲོན་ལགས་ཀྱི་ངོས་ན་བརྗོད་ན་ཐུགས་ལ་གསལ་པོར་ངེས་གནང་ཡོད།

    དུས་རབས་གོང་མའི་ལོ་རབས་90པའི་དུས་འགོར། ལྷ་སར་ཐག་རིང་རང་འགུལ་ཐད་གཏོང་ཁ་པར་དངོས་སུ་ཤར་གཏོང་ཐུབ་ནས་རྒྱལ་ནང་དང་རྒྱལ་སྤྱིའི་ཐག་རིང་རང་འགུལ་ཁ་པར་དྲ་བའི་ནང་བསྐྱོད་ཡོད། མཚན་གང་གློག་འོད་ཁྲ་ཆིལ་ལེར་གསལ་བའི་སྦྲག་ཏར་ཐོག་ཁང་གིས་སྐབས་དེའི་བྲེལ་འཚུབ་ཀྱི་རྣམ་པར་དཔང་པོ་བྱས་ཡོད།

    དུས་རབས་21པར་སླེབས་སྐབས་བོད་ལྗོངས་ཀྱི་འཕྲིན་གཏོང་བྱ་གཞག་གི་འཕེལ་རྒྱས་གོམ་སྟབས་མགྱོགས་སུ་ཕྱིན་ཡོད། ཤང་ཚང་མར་ཁ་པར་ཤར་གཏོང་ཐུབ་པ་ནས་སྒུལ་བདེའི་ཁ་པར་ཁྱབ་གདལ་བཏང་བའི་བར་དང་། དེ་རྗེས་5Gབརྡ་རྟགས་ཇོ་མོ་གླང་མའི་རྩེ་མོར་ཐོག་མར་ཁྱབ་པ་སོགས་དེང་རབས་ལངས་གཟུགས་ཀྱི་འཕྲིན་སྤེལ་དྲ་བ་ཞིག་གངས་ལྗོངས་ས་མཐོར་བཏིང་ཡོད།

    སྦྲག་ཏར་ཐོག་ཁང་ཆེ་མོའི་ཅོང་སྒྲ་སླར་ཡང་གྲགས་འོང་ཞིང་། ང་ཚོའི་ཉིན་གཅིག་གི་འཚོ་བ་གསར་པ་འགོ་ཚུགས་པ་དང་སྦྲགས་བོད་ལྗོངས་ཀྱི་ཉིན་རེ་ལས་མ་འདས་པར་འགྱུར་ལྡོག་འགྲོ་བའི་འཕོ་འགྱུར་ལ་དཔང་པོ་བྱེད་བཞིན་མཆིས།

 

    གསར་འགོད་པ། སུན་ཡང་དང་ཏུང་ལིན་ནཱ།

    ཤིན་ཧྭ་གསར་འགྱུར་ཁང་སྒྲ་བརྙན་པུའུ་ནས་སྒྲིག་བཟོ་བྱས།

(འགན་འཁུར་རྩོམ་སྒྲིག་པ། ཟླ་བ་ཚེ་རིང་།)

ཤིན་ཧྭ་དྲ་བ་མ་རྐང་ཚད་ཡོད་ཀུང་སིའི་བོད་ལྗོངས་ཡན་ལག་ཀུང་སི། ཤིན་ཧྭ་དྲ་བའི་བོད་ལྗོངས་འཕྲིན་ལམ། ཞལ་པར་ཨང་གྲངས། ༠༨༩༡--༦༢༨༢༥༢༡

Copyright @ 2000-2020 XINHUANET.com All Rights Reserved.

འདི་ག་དྲ་ཚུགས་ཐོག་བཀོད་པའི་ཤིན་ཧྭ་གསར་འགྱུར་ཁང་དང་ཤིན་ཧྭ་དྲ་བའི་གསར་འགྱུར། ཆ་འཕྲིན། དེ་བཞིན་ཆེད་སྒྲིག་སོགས་ཀྱི་ཡིག་ཆ་ཚང་མའི་བདག་དབང་ཤིན་ཧྭ་གསར་འགྱུར་ཁང་ལ་བདག་པས་གན་རྒྱ་དང་དབང་ཆ་སྤྲད་མེད་ཚེ་རང་དགར་ཕབ་སྤྱོད་བྱེད་མི་ཆོག

010020070840000000000000011100001310058717