བོད་ལྗོངས།
༄༅།།ཁ་གཏད་བོད་སྐྱོར་བྱས་ནས་ལོ་20འཁོར་བའི་རིགས་པའི་གཞུང་ལུགས་ཀྱི་བགྲོ་གླེང་ཚོཌ་འདུ་འཚོཌ་པ།

    ཟླ་10ཚེས་15ཉིན་གྱི་སྔ་དྲོ་རང་ལྗོངས་ཀྱིས་ཁ་གཏད་བོད་སྐྱོར་བྱས་ནས་ལོ་20འཁོར་བའི་རིགས་པའི་གཞུང་ལུགས་ཀྱི་བགྲོ་གླེང་ཚོགས་འདུ་འཚོགས་ནས་ཁ་གཏད་བོད་སྐྱོར་ལས་དོན་གྱི་རྣམ་པ་གསར་པ་རྒྱུན་ཆད་མེད་པར་གསར་གཏོད་བྱེད་པར་རིག་སྟོབས་ཀྱི་ཐོག་ནས་རྒྱབ་སྐྱོར་དང་རིགས་པའི་གཞུང་ལུགས་ཀྱི་ཐོག་ནས་འདེགས་སྐྱོར་བྱས་པ་རེད།

    ད་ཐེངས་ཀྱི་བགྲོ་གླེང་ཚོགས་འདུའི་ཐོག་རིགས་པའི་གཞུང་ལུགས་ལ་གྲོས་བསྡུར་བྱེད་པའི་ཐོག་ནས་ཀྲུང་དབྱང་གིས་ཁ་གཏད་བོད་སྐྱོར་ལས་དོན་སྤེལ་བའི་གྲུབ་འབྲས་ཆེན་པོ་དང་གཞི་རྩའི་ཉམས་མྱོང་ཕྱོགས་སྡོམ་དང་བསམ་བློའི་ངོས་འཛིན་ཟབ་ཏུ་གཏོང་བ།  བོད་སྐྱོར་གྱི་ཆོས་ཉིད་ཁོང་དུ་ཆུད་པ།བོད་སྐྱོར་ལས་དོན་གྱི་བྱེད་ཐབས་གསར་པ་དང་ཐབས་ལམ་གསར་པ་འཚོལ་ཞིབ་བཅས་བྱས་པ་མ་ཟད།ཁ་གཏད་བོད་སྐྱོར་བྱེད་མཁན་སྤུན་ཟླའི་ཞིང་ཆེན་དང་གྲོང་ཁྱེར་ཁག་དང་།  ཀྲུང་དབྱང་དང་རྒྱལ་ཁབ་ལས་ཁུངས། ཀྲུང་དབྱང་ཁེ་ལས་བཅས་ཀྱི་ཤུགས་ཆེའི་རྒྱབ་སྐྱོར་དང་རོགས་རམ་འོག་བོད་ཀྱི་དཔལ་འབྱོར་དང་སྤྱི་ཚོགས་མགྱོགས་མྱུར་འཕེལ་རྒྱས་ཕྱིན་པ་དང་།  སྒྱུར་བཅོས་སྒོ་དབྱེ་རྒྱུན་ཆད་མེད་པར་གཏིང་ཟབ་ཏུ་ཕྱིན་པ།  མི་དམངས་ཀྱི་འཚོ་བ་མངོན་གསལ་དོད་པོས་ལེགས་སུ་སོང་བ།མི་རིགས་མཐུན་སྒྲིལ་རྒྱུན་ཆད་མེད་པར་སྲ་བརྟན་དུ་ཕྱིན་པ།  བྱ་གཞག་ཁག་དབྱར་མཚོ་རྒྱས་པ་ལྟར་འཕེལ་རྒྱས་འགྲོ་བ་བཅས་ཀྱི་དུས་བབ་ཧ་ཅང་བཟང་པོ་དྲིལ་བསྒྲགས་ཤུགས་ཆེན་བྱས་པས་བོད་སྐྱོར་ལས་དོན་དེ་སྐས་རིམ་གསར་པ་ཞིག་ཏུ་སླེབས་རྒྱུར་སྔར་བས་སྐུལ་མ་གཏོང་ཆེད་རིགས་པའི་གཞུང་ལུགས་ཀྱི་ཐོག་ནས་འདེགས་སྐྱོར་བྱས་ཡོད་པ་རེད། 

འགན་འཁུར་རྩོམ་སྒྲིག་པ། བསྟན་ཉི།
010020070840000000000000011100001337289281