བོད་ལྗོངས།
༄༅།།2014ལོའི་ལོ་མཇུག་བར་བོད་སྐྱོར་རྣམ་གྲངས་བརྒྱད་སྟོང་ལྷག་ཙམ་བསྐྲུན་པ།

    2014ལོའི་ལོ་མཇུག་བར་བོད་སྐྱོར་རྣམ་གྲངས་ཁྱོན་བརྒྱད་སྟོང་ལྷག་ཙམ་བསྐྲུན་པ་དང་། བོད་སྐྱོར་མ་དངུལ་སྒོར་དུང་ཕྱུར300ཙམ་དོན་འཁྱོལ་བྱུང་སྟེ་བོད་ལྗོངས་རྒྱུན་མཐུད་འཕེལ་རྒྱས་བྱུང་བའི་ཐོག་ནས་རྒྱལ་ཁབ་ཀྱི་སྟོབས་ཤུགས་མཚོན་ཡོད་པ་རེད།

    གྲངས་གཞི་ཁག་གཅིག་གི་ཐོག་ནས་ལོ་ཤས་ནང་བོད་ལྗོངས་འཕེལ་རྒྱས་མྱུར་པོ་ཕྱིན་པ་མངོན་ཡོད་པ་སྟེ།1993ལོ་ནས2014ལོ་བར་ས་ཁུལ་གྱི་ཐོན་སྐྱེད་རིན་ཐང་བསྡོམས་འབོར་སྒོར་དུང་ཕྱུར37ནས་སྒོར་དུང་ཕྱུར920.83བར་འཕར་ཏེ་ལོ21བསྟུད་མར་གྲངས་གནས་གཉིས་འཕར་རྒྱུ་རྒྱུན་འཁྱོངས་ཐུབ་པ་དང་། ས་གནས་ནོར་སྲིད་ཀྱི་ཡོང་འབབ་སྒོར་དུང་ཕྱུར1.56ནས་སྒོར་དུང་ཕྱུར164.75བར་འཕར་ནས་ལྡབ་104འཕར་བ།2014ལོར་ཞིང་འབྲོག་པ་མི་རེའི་ཆ་སྙོམས་ཡོང་འབབ་ཁེ་གཙང་སྒོར7471ཟིན་པ་དེ་1993ལོའི་ལྡབ10.6ཡིན་པ་བཅས་རེད། གྲངས་གཞིའི་ཐོག་ནས་དྲོ་སྐྱིད་མཚོན་ཞིང་།འདིའི་ནང་ཏང་ཀྲུང་དབྱང་གི་བྱམས་བརྩེའི་ཐུགས་ཁུར་དང་བོད་ཀྱི་མི་རིགས་ཁག་གི་མི་དམངས་ཀྱི་དཀའ་སྤྱད་འབད་འཐབ་ཚུད་ཡོད་ལ་ཀྲུང་དབྱང་ལས་ཁུངས་དང་སྤུན་ཟླའི་ཞིང་ཆེན་དང་གྲོང་ཁྱེར། ཀྲུང་དབྱང་གི་རྐང་འཛིན་ཁེ་ལས་སོགས་ཀྱིས་ལོ་ངོ20ལྷག་ཙམ་ལ་རོགས་སྐྱོར་དང་རྒྱབ་སྐྱོར་ཤུགས་ཆེན་གནང་བ་ཚུད་ཡོད།

    “བོད་སྐྱོར་བྱེད་པར་སྔོན་ལ་སློབ་སྐྱོར་བྱེད་པ་དང་།འཕེལ་རྒྱས་གཏོང་བར་སྔོན་ལ་མི་གསོ་སྐྱོང་བྱེད” སྤུས་ལེགས་ཀྱི་སློབ་གསོའི་ཐོན་ཁུངས་དང་སྔོན་ཐོན་སློབ་གསོའི་ཐབས་ལམ་ལས་ནང་སའི་བོད་ལྗོངས་འཛིན་གྲྭ་དེ་བོད་རིགས་སློབ་ཕྲུག་མི་ཉུང་བ་ཞིག་གི་གདམ་ག་དང་པོར་གྱུར་ཅིང་། མིག་སྔའི་བར་རྒྱལ་ཡོངས་ཀྱི་ཞིང་ཆེན་དང་ཐད་གཏོགས་གྲོང་ཁྱེར21ལ་ནང་སའི་བོད་ལྗོངས་འཛིན་གྲྭ(སློབ་གྲྭ)དང་“འབྲིང་རིམ་ལས་རིགས་འཛིན་གྲྭ”བཙུགས་ཡོད་པར་སློབ་གྲྭར་ཡོད་མུས་ཀྱི་སློབ་མ་ཁྱོན་ཁྲི2.69ཟིན་ཡོད།

    བོད་སྐྱོར་ལས་བྱེད་པས་བཅའ་སྡོད་བྱ་ཡུལ་ཕ་ཡུལ་དུ་བརྩི་བ་དང་ས་གནས་དེའི་མང་ཚོགས་གཉེན་ཉེར་བརྩིས་པས། ས་གནས་མང་ཚོགས་ཀྱིས་ཁོང་ཚོས་བསྐྲུན་པའི་ལམ་ལ“མཐུན་སྒྲིལ་ལམ”དང་། བྲུས་པའི་ཁྲོན་པར“མཐུན་སྒྲིལ་ཆུ་མིག” བརྒྱབ་པའི་ཁང་པར“བདེ་སྐྱིད་ཁང་པ”ཞེས་འབོད་ཀྱི་ཡོད། བོད་སྐྱོར་ལས་བྱེད་པ་མང་ཆེ་བ་བོད་ནས་བྲལ་རྗེས་དུས་དང་རྣམ་པ་ཀུན་ཏུ་བོད་སྐྱོར་བྱ་ཡུལ་གྱི་འཕེལ་རྒྱས་ལ་དོ་ཁུལ་བྱེད་པ་དང་ཐབས་བརྒྱ་ཇུས་སྟོང་གིས་གནད་དོན་ཐག་གཅོད་བྱེད་རོགས་བྱས་ཏེ་བྱ་སྤྱོད་ངོ་མའི་ཐོག་ནས“བོད་སྐྱོར་ལོ་གསུམ་དང་། ཚེ་གང་བོད་སྐྱོར”ཞེས་པའི་དམ་བཅའ་ལག་ལེན་ཐུབ་པ་བྱེད་ཀྱི་ཡོད།

འགན་འཁུར་རྩོམ་སྒྲིག་པ། ཟླ་བ་ཚེ་རིང་།
010020070840000000000000011100001346100971