བོད་ལྗོངས།
གཡག་རྒད་པོའི་བོད་ཀྱི་ལས་འབྲེལ།

(新华全媒头条·图文互动)(1)“老牦牛”亚格博的西藏情缘——记北京援藏干部吴雨初

    འདི་ནི་ཝུའུ་ཡུས་ཁྲུའུ་ཡིས་བོད་བྱང་ཐང་དུ་འབྲི་གཡག་ལ་རྟོག་ཞིབ་བྱེད་བཞིན་པ།

    འདི་ནི་རྒྱལ་གཅེས་དང་། འབད་འཐབ། ཕུགས་འདུན་དོན་གཉེར་བཅས་ཀྱི་གཏམ་རྒྱུད་ཅིག་རེད། ནང་སའི་རྒྱ་རིགས་ལས་བྱེད་པ་ཝུའུ་ཡུས་ཁྲུའུ་བོད་སྐྱོར་ལས་ཀ་བྱེད་པར་ཐེངས་གཉིས་ཡོང་བ་དང་། ཐེངས་གཅིག་ལ་ལོ་16དང་། ཐེངས་གཅིག་ལ་ལོ་8བསྡད་པ་རེད།

    བོད་ལ་ཐེངས་དང་པོ་ཡོང་སྐབས། ཝུའུ་ཡུས་ཁྲུའུ་ལོ་22ཡིན་ཞིང་། ཁོང་གིས“སྐབས་དེར་ང་ལ་བོད་རིགས་སྤུན་ཟླ་སེམས་བཟང་མང་པོ་ཐུག་བྱུང་བས། སེམས་ལ་བག་ཆགས་ཟབ་མོ་བཞག་པ་མ་ཟད། ངའི་མི་ཚེ་གང་པོར་ཡང་ཤུགས་རྐྱེན་བཟང་པོ་ཐེབས་སོང”ཞེས་བརྗོད།

    བོད་ལ་ཐེངས་གཉིས་པ་ཡོང་སྐབས་ཝུའུ་ཡུས་ཁྲུའུ་ལོ་57ལ་སླེབས་ཤིང་། ཁོང་གིས་པེ་ཅིང་དཔེ་སྐྲུན་ཚོགས་པའི་ཏང་ཨུད་ཀྱི་ཧྲུའུ་ཅི་དང་ཏུང་ཧྲི་ཀྲང་གི་གོ་གནས་བློས་བཏང་ནས་གངས་ལྗོངས་ས་མཐོར་ཡོང་སྟེ། གོམ་པ་དང་པོ་ནས་འགོ་བཙུགས་ཏེ“རྒྱལ་ནང་གི་སྟོང་ཆ་སྐོང་བའི”བོད་ལྗོངས་གཡག་རྟེན་མཛོད་གླིང་བསྐྲུན་པ་རེད།

(新华全媒头条·图文互动)(2)“老牦牛”亚格博的西藏情缘——记北京援藏干部吴雨初

    འདི་ནི་ཝུའུ་ཡུས་ཁྲུའུ་ཡིས་བོད་ལྗོངས་གཡག་རྟེན་མཛོད་གླིང་དུ་འབྲི་གཡག་གི་གསོབ་ལ་ཞིབ་འཇུག་བྱེད་བཞིན་པ།

    “གཤིས་འཇམ། དཔའ་མཛངས། བྱམས་བརྩེ། བློས་བཏང”བཅས་ནི་ཝུའུ་ཡུས་ཁྲུའུ་ཡིས་གཡག་གི་སྙིང་སྟོབས་རགས་བསྡུས་བྱས་པ་ཞིག་རེད།

    ཟླ་12འཆར་སྐབས། ལྷ་ས་ཁུལ་དུ་གནམ་གཤིས་གྲང་ངར་ཆེ་ཙམ་ཡོད་པས་བོད་ལྗོངས་གཡག་རྟེན་མཛོད་གླིང་གི་ལས་དོན་མི་སྣས་རྟེན་མཛོད་གླིང་དུ་ཉར་ཚགས་བྱས་པའི་རིག་དངོས་ཐུམ་སྒྲིལ་རྒྱག་བཞིན་ཡོད་པ་རེད།

    ད་ལྟའི་ནམ་དུས་ནི་བོད་དུ་ཡུལ་སྐོར་བྱེད་མཁན་ཉུང་བའི་སྒང་ཡིན་པ་དང་། ཉར་ཚགས་རིག་དངོས་800ལྷག་ཙམ་ཤིང་སྒམ་50ཡི་ནང་བླུགས་ཏེ། སྤྱི་ལེ་4000ལྷག་ཙམ་གྱི་སར་གནས་པའི་ཀྲེ་ཅང་ཞིང་ཆེན་རང་བྱུང་རྟེན་རྫས་བཤམས་མཛོད་ཁང་དུ་དགུན་དུས་འགྲེམས་སྟོན་བྱས་ནས། ནང་སའི་ལྷོ་རྒྱུད་ཀྱི་ལྟད་མོ་བ་ཚོས་བར་ཐག་ཉེ་པོས་འབྲི་གཡག་དང་བོད་རིགས་མི་དམངས་ཀྱི་གཏམ་རྒྱུད་ཤེས་རྟོགས་བྱེད་དུ་བཅུག་ཡོད་པ་རེད།

(新华全媒头条·图文互动)(3)“老牦牛”亚格博的西藏情缘——记北京援藏干部吴雨初

    འདི་ནི་ཝུའུ་ཡུས་ཁྲུའུ་ཡིས་བོད་ཀྱི་འབྲི་གཡག་རིག་དངོས་ཞལ་འདེབས་འབུལ་བའི་བྱེད་སྒོའི་ཐོག་ཤིས་ཚིག་སྒྲོན་བཞིན་པ།

    2016ལོར་པེ་ཅིང་དུ་འགྲེམས་སྟོན་དང་། 2017ལོར་ཀོང་ཀྲོའུ་རུ་འགྲེམས་སྟོན། 2018ལོར་ནན་ཅིང་དུ་འགྲེམས་སྟོན་བཅས་བྱས་པ་དང་། གཡག་རྟེན་མཛོད་གླིང་བསྐྲུན་རྗེས། ཝུའུ་ཡུས་ཁྲུའུ་ཡིས་རྟེན་མཛོད་གླིང་དུ་ཉར་ཚགས་བྱས་པའི་རིག་དངོས་རྒྱལ་ཡོངས་ཀྱི་ས་གནས་ཁག་ཏུ་སྐོར་སྐྱོད་འགྲེམས་སྟོན་བྱས་པ་རེད།

    2012ལོར། ཝུའུ་ཡུས་ཁྲུའུ་ཡིས་དང་བླངས་པའི་སྣེ་ཁྲིད་ནས་རྒྱལ་ཡོངས་ཀྱི་འབྲི་གཡག་གསོ་ཚགས་ཁུལ་དུ་བརྟག་དཔྱད་དང་རིག་དངོས་བསྡུ་རུབ་བྱས་ཤིང་། ལམ་ཐག་སྤྱི་ལེ་ཁྲི་3ཟིན་ཡོད་པ་རེད།

    2013ལོར་སླེབས་སྐབས། ཝུའུ་ཡུས་ཁྲུའུ་ཡིས་གཡག་རྟེན་མཛོད་གླིང་ལ་ཉར་ཚགས་རིག་དངོས་ཁག་2000ལྷག་ཙམ་བསྡུ་རུབ་བྱས་པའི་ནང་། མང་ཚོགས་ཀྱིས་ཞལ་འདེབས་བརྒྱབ་པའི་རིག་དངོས་ཀྱིས་40%ལྷག་ཙམ་ཟིན་ཡོད་པ་དང་། རྒྱལ་ཡོངས་ཀྱི་རྟེན་མཛོད་གླིང་ནང་སྤྱིར་ན་མེད་པ་ཤ་སྟག་རེད།

(新华全媒头条·图文互动)(4)“老牦牛”亚格博的西藏情缘——记北京援藏干部吴雨初

    འདི་ནི་ཝུའུ་ཡུས་ཁྲུའུ་ཡིས་བྱང་རྩྭ་ཐང་དུ་ལྕི་བ་འཚོལ་བསྡུ་བྱེད་བཞིན་པ།

    2014ལོའི་ཟླ་5ཚེས་18ཉིན། ལོ་3རིང་དཀའ་སྤྱད་འཛུགས་སྐྲུན་བྱས་པ་བརྒྱུད། བོད་ལྗོངས་གཡག་རྟེན་མཛོད་གླིང་ལྷ་སར་སྒོ་ཕྱེ་བ་དང་། དེའི་ནང་གཡག་དྲིན་འཇལ་བ་དང་། གཡག་ཁུངས་འཚོལ་བ། གཡག་དང་འགྲོགས་པ། གཡག་ཉམས་མངོན་པ་བཅས་ཀྱི་འགྲེམས་ཁང་བཞི་ཡོད་པ་དང་། འཛུགས་སྐྲུན་གྱི་རྒྱ་ཁྱོན་སྨི་ངོས་གྲུ་8800ལྷག་ཙམ་ཟིན་ཡོད་པ་རེད།

    2019ལོའི་ཟླ་7ཚེས་1ཉིན། 《སྨྲ་བ་མེད་པའི་འཐབ་གྲོགས》ཞེས་པའི་དམིགས་བསལ་འགྲེམས་སྟོན་བོད་ལྗོངས་གཡག་རྟེན་མཛོད་གླིང་དུ་འགོ་ཚུགས་ཤིང་། དེ་ནི་ཀྲུང་གོ་གུང་ཁྲན་ཏང་དབུ་བརྙེས་ནས་ལོ་98འཁོར་བ་དང་། ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་དབུ་བརྙེས་ནས་ལོ་ངོ་70འཁོར་བ། ཁྲོན་བོད་དང་མཚོ་བོད་གཞུང་ལམ་ཐོག་རླངས་འཁོར་ཤར་གཏོང་ཐུབ་ནས་ལོ་65འཁོར་བ། བོད་ལ་དམངས་གཙོའི་བཅོས་སྒྱུར་བྱས་ནས་ལོ་ངོ་60འཁོར་བ་བཅས་ལ་ཕུལ་བའི་ཕྱག་རྟགས་ཤིག་རེད།

    (ཤིན་ཧྭ་གསར་འགྱུར་ཁང་གི་གསར་འགོད་པ་ཧྥང་ལི་ཤིན་དང་། ཐན་ཀྲའོ་ཧུའེ། ཝང་ཅིང་ཞུའེ། ཆང་ཞའོ་ལིན)

འགན་འཁུར་རྩོམ་སྒྲིག་པ། བསྟན་ནོར།
010020070840000000000000011100001386343901