བོད་ལྗོངས།
ཞིང་ལས་དངུལ་ཁང་བོད་ལྗོངས་ཡན་ལག་དངུལ་ཁང་གིས་དངུལ་རྩའི་ཞབས་འདེགས“དཀའ་ཚེགས་ཆེ་བའི་ཁུལ”དུ་མཁོ་འདོན་བྱེད་པ།

    མི་རིང་བའི་གོང་པེ་ཅིང་དུ་སྐོང་འཚོགས་བྱས་པའི་ཐེངས་225ཡི་དངུལ་ཁང་དང་འགན་བཅོལ་ལས་རིགས་ཀྱི་འཆར་ཅན་གསར་འགྱུར་ཡོངས་བསྒྲགས་ཚོགས་འདུའི་ཐོག་ཞིང་ལས་དངུལ་ཁང་བོད་ལྗོངས་ཡན་ལག་དངུལ་ཁང་ཏང་ཨུད་ཀྱི་ཨུ་ཡོན་དང་ཧང་ཀྲང་གཞོན་པ་ཝང་ཧུང་གིས་གཏམ་བཤད་སྤེལ་དོན། ཞིང་ལས་དངུལ་ཁང་བོད་ལྗོངས་ཡན་ལག་དངུལ་ཁང་ནི་བོད་ཀྱི་མཐའ་མཚམས་ས་ཁུལ་གྱི་ཤང་གྲོང་དུ་ལས་གཉེར་ས་ཚིགས་ཁྱབ་རྒྱ་ཆེ་ཤོས་ཡིན་པའི་ཚོང་ལས་དངུལ་ཁང་ཆེ་གྲས་ཤིག་ཡིན་པའི་ངོས་ནས་ཐོག་མཐའ་བར་གསུམ་དུ“རྒྱལ་ཁབ་སྐྱོང་བར་ངེས་པར་དུ་མཐའ་མཚམས་སྐྱོང་དགོས་པ་དང་། མཐའ་མཚམས་སྐྱོང་བར་སྔོན་ལ་བོད་ལྗོངས་བརྟན་ལྷིང་ཡོང་བ”བྱེད་དགོས་པའི་ཐབས་ཇུས་དགོངས་པ་ལག་བསྟར་ནན་ཏན་གྱིས་ཀྲུང་དབྱང་དང་། རང་སྐྱོང་ལྗོངས། ཞིང་ལས་སྤྱི་ཁྱབ་དངུལ་ཁང་བཅས་ཀྱི་གཅིག་གྱུར་འཆར་འགོད་ལ་དམ་པོར་གཞིགས་པ་དང་ཞིང་འབྲོག་མང་ཚོགས་ཀྱི་དེང་རབས་ཅན་གྱི་དངུལ་རྩའི་ཞབས་འདེགས་ཀྱི་དགོས་མཁོར་དམིགས་ཏེ། “དངོས་ལྡན་ལས་ཚིགས+རང་རོགས་དངུལ་ཁང+ཞིང་གསུམ་དངུལ་རྩའི་ཞབས་འདེགས་ས་ཚིགས+དྲ་ཐོག་དངུལ་རྩའི་ལས་སྟེགས+སྐོར་སྐྱོད་དངུལ་རྩའི་ཞབས་འདེགས”བཅས“གནས་ལྔ་གཞི་གཅིག”གི་རྣམ་གསར་ཞབས་འདེགས་ཐབས་ལམ་རྒྱ་ཆེར་གཏོད་ནས་རྒྱ་ཆེའི་ཞིང་འབྲོག་མང་ཚོགས་གྲོང་ཚོ་དང་རང་ཁྱིམ་ནས་ཁ་བྲལ་མི་དགོས་པའི་སྟབས་བདེའི་རྨང་གཞིའི་དངུལ་རྩའི་ཞབས་འདེགས་ལོངས་སྤྱོད་ཐུབ་པ་བྱས་ཡོད།

    མིག་སྔའི་བར་དངུལ་ཁང་དེས་བོད་ཀྱི་མཐའ་མཚམས་ས་ཁུལ་དུ་བཙུགས་པའི་ལས་གཉེར་ལས་ཚིགས་108ཡོད་པ་དང་མཐའ་མཚམས་ས་ཁུལ་གྱི་ཞབས་འདེགས་ཞུ་བའི་རྒྱ་ཁྱོན་བོད་ཀྱི་སྤྱིའི་རྒྱ་ཁྱོན་གྱི་28%ཟིན་གྱི་ཡོད་ལ་དེའི་ནང་མཐའ་མཚམས་ས་ཁུལ་གྱི་ལས་ཚིགས་17ནི་མཚོ་རྩིས་མཐོ་ཚད་སྨི་4800ཡན་གྱི་“དཀའ་ཚེགས་ཆེ་བའི་ཁུལ”དུ་གནས་ཡོད་པ་མ་ཟད་67%གྱི་ལས་བྱེད་ལས་བཟོས་མི་རབས་ནས་མི་རབས་བར་རང་བྱུང་ཁོར་ཡུག་གི་ཆ་རྐྱེན་ཤིན་དུ་ཞན་པའི་ཤང(གྲོང་རྡལ)ཞིང་འབྲོག་ཁུལ་གྱི་དངུལ་རྩའི་ཞབས་འདེགས་འཐབ་ས་དང་པོ་དམ་པོར་སྲུང་བཞིན་ཐོག་མཐའ་བར་གསུམ་དུ་ཚད་མཐོའི་འགན་འཁྲི་ཁུར་སེམས་དང་འཁྲི་འགན་སྒྲུབ་སེམས་ཀྱི་ཐོག་ནས་བོད་ལྗོངས་བརྟན་ལྷིང་དར་རྒྱས་ཡོང་ཆེད་དངུལ་རྩས་མཐའ་སྲུང་གི་འགན་འཁྲི་ཁྲག་ཏུ་འཁུར་བ་དང་དམ་འཛིན་ལྷོད་མེད་ཀྱིས་ཏང་གི་དམངས་ཕན་ཞབས་ཞུ་རྒྱ་ཆེའི་ཞིང་འབྲོག་མང་ཚོགས་ཀྱི་སྒོ་ཁར་འཁྱོལ་བར་བྱས་ཏེ་དངུལ་རྩས་དམངས་ཕན་གྱི་འབྲེལ་ཟམ་བཟང་པོ་ཞིག་སྐྲུན་ཡོད་ལ་ཚོང་ལས་དངུལ་ཁང་ཆེ་གྲས་ཤིག་གི“གཙོ་ཤུགས་དམག”གི་ནུས་པ་འདོན་སྤེལ་གང་ལེགས་བྱས་ཡོད།

འགན་འཁུར་རྩོམ་སྒྲིག་པ། བསྟན་ནོར།
010020070840000000000000011100001388355681