བོད་ལྗོངས།
རྒྱལ་ཁབ་གློག་དྲ་བོད་ལྗོངས་གློག་ཤུགས་ཀུང་སིས་ཁེ་ལས་ཀྱི་གློག་སྤྱོད་མ་གནས་དུས་མཚམས་རང་བཞིན་གྱིས་དམའ་རུ་གཏོང་རྒྱུ་ཡིན་པ།

    བོད་ཀྱི་ཁེ་ལས་གོ་རིམ་ལྡན་པའི་ངང་ལས་འགོ་བསྐྱར་འཛུགས་དང་ཐོན་སྐྱེད་སླར་གསོ་ཡོང་རྒྱུར་ནུས་ཤུགས་ཡོད་རྒུས་སྐུལ་འདེད་གཏོང་ཆེད། རྒྱལ་ཁབ་གློག་དྲ་བོད་ལྗོངས་གློག་ཤུགས་ཚད་ཡོད་ཀུང་སིས་གློག་སྤྱོད་ཀྱི་མ་གནས་དུས་མཚམས་རང་བཞིན་གྱིས་དམའ་རུ་གཏོང་བའི་སྲིད་ཇུས་བཏོན་པ་དང་། སྔོན་རྩིས་བྱས་ན་རང་ལྗོངས་ཀྱི་ཁེ་ལས་ཁྲི་2.4ལ་གློག་སྤྱོད་མ་གནས་དམའ་རུ་བཏང་སྟེ་གློག་རིན་སྒོར་ཁྲི་5900ཙམ་ཆག་ཡང་དང་རྩ་ཆག་གཏོང་རྒྱུ་རེད། ད་ཐེངས་གློག་སྤྱོད་མ་གནས་དུས་མཚམས་རང་བཞིན་གྱིས་དམའ་རུ་གཏོང་བའི་སྲིད་ཇུས་ལག་བསྟར་བྱེད་པའི་དུས་ཚོད་ནི་ཟླ་2ཚེས་1ཉིན་ནས་ཟླ་6ཚེས་30ཉིན་བར་ཡིན་པ་དང་། ནུས་རྒྱུ་ཟད་གྲོན་ཆེ་བའི་ལས་རིགས་ཕུད། ད་ལྟ་ལག་ལེན་བསྟར་བའི་བཟོ་ཚོང་ལས་རིགས་དང་དེ་བཞིན་གློག་རིན་གཞན་དག་གི་གློག་ཤུགས་འཛད་སྤྱོད་པར་གློག་རིན་བསྡུ་སྐབས་དེ་སྔའི་ཁྱིམ་ཚང་གི་གློག་རིན་གྱི་95%གཞིར་བཟུང་གཅིག་གྱུར་རྩིས་རྒྱག་རྒྱུ་རེད།

འགན་འཁུར་རྩོམ་སྒྲིག་པ། བསྟན་ནོར།
010020070840000000000000011100001388422031