བོད་ལྗོངས།
2020ལོའི་ཅང་སུའུ་ཡི་བོད་སྐྱོར་རྣམ་གྲངས་གཅིག་སྡུད་ཐོག་ལས་འགོ་བསྐྱར་འཛུགས་བྱས་པ།

    2020ལོའི་ཅང་སུའུ་ཡི་བོད་སྐྱོར་རྣམ་གྲངས་དང་མལ་གྲོ་གུང་དཀར་རྫོང་གི་གཙོ་གནད་རྣམས་གྲངས་འཛུགས་སྐྲུན་ལས་དོན་འགོ་ཚུགས་པ་དེས་ཏོག་གསར་གློ་ཚད་རིམས་ནད་ཀྱི་ཤུགས་རྐྱེན་ལ་ཁ་གཏད་ནུས་ལྡན་གཅོག་པ་དང་ལྷ་སའི་དཔལ་འབྱོར་དང་སྤྱི་ཚོགས་རྒྱུན་མཐུད་སྐྱོན་བྲལ་ངང་འཕེལ་རྒྱས་ལ་སྐུལ་མ་བཏང་ནས། ལྷ་སའི་དབུལ་སྒྲོལ་འགག་སྒྲོལ་གྱི་གྲུབ་འབྲས་སྲ་བརྟན་དུ་གཏོང་བ་དང་། ཕྱོགས་ཡོངས་ནས་འབྱོར་འབྲིང་སྤྱི་ཚོགས་སྐྲུན་པའི་དམིགས་ཚད་དུས་བཀག་ལྟར་མངོན་འགྱུར་ཡོང་ཆེད་འདེགས་སྐྱོར་ནུས་ལྡན་ཐུབ་རྒྱུ་རེད།

    2020ལོར་ཅང་སུའུ་ཞིང་ཆེན་གྱིས་བོད་སྐྱོར་རྣམ་གྲངས་57བཀོད་སྒྲིག་བྱས་པར་མ་དངུལ་སྒོར་ཁྲི37257ཟིན་ཞིང་། དེའི་ནང་མང་ཚོགས་ཀྱི་ཐོན་སྐྱེད་དང་འཚོ་བའི་ཆ་རྐྱེན་ལེགས་སུ་གཏོང་རྒྱུའི་རྣམ་གྲངས་18ཡོད་པར་མ་དངུལ་སྒོར་ཁྲི་18348ཟིན་པ་དང་། སྤྱི་ཚོགས་ཀྱི་བྱ་གཞག་འཕེལ་རྒྱས་ལ་རྒྱབ་སྐྱོར་བྱེད་པའི་རྣམ་གྲངས་18ཡོད་པར་མ་དངུལ་སྒོར་ཁྲི་8880.6ཟིན་པ། ཁྱད་ལྡན་ལེགས་ལྡན་ཐོན་ལས་འཕེལ་རྒྱས་དང་ལས་ཞུགས་ལ་སྐུལ་འདེད་གཏོང་བའི་རྣམ་གྲངས་8ཡོད་པར་མ་དངུལ་སྒོར་ཁྲི་6788ཟིན་པ། རིག་སྟོབས་ཀྱི་རོགས་སྐྱོར་རྣམ་གྲངས་4ཡོད་པར་མ་དངུལ་སྒོར་ཁྲི་885ཟིན་པ། སྤེལ་རེས་འགྲོ་འོང་མཉམ་འདྲེས་རྣམ་གྲངས་9ཡོད་པར་མ་དངུལ་སྒོར་ཁྲི་1270ཟིན་ཡོད་པ་རེད།

འགན་འཁུར་རྩོམ་སྒྲིག་པ། བསྟན་ནོར།
010020070840000000000000011100001389813441