བོད་ལྗོངས།
སྨན་བཅོས་ཤེས་ལྡན་པའི་ཚོགས་སྒྲིག་རྣམ་པའི་བོད་སྐྱོར་གྱིས་བོད་ལྗོངས་ལ་ས་གནས་དེ་རང་གི་ཤེས་ལྡན་པ་གསོ་སྐྱོང་བྱས་པ།

    ལོ་ལྔའི་རིང་སྨན་བཅོས་ཚོགས་པ་826དང་ས་གནས་དེ་རང་གི་སྨན་དོན་མི་སྣ་2354ལ་རོགས་ཁྲིད་བྱས་པ།

    2015ལོའི་ཟླ་8པ་ནས་སྨན་བཅོས་ཤེས་ལྡན་པའི་ཚོགས་སྒྲིག་རྣམ་པའི་བོད་སྐྱོར་ལས་དོན་སྤེལ་ཚུན། རོགས་སྐྱོར་བྱེད་མཁན་དང་རོགས་སྐྱོར་བྱ་ཡུལ་ཕྱོགས་གཉིས་ཀས་རོགས་སྐྱོར་བྱ་ཡུལ་གྱི་སྨན་ཁང་ལ་ཆུ་ཚད་མཐོ་བའི་ས་གནས་དེ་རང་གི་སྨན་བཅོས་ཤེས་ལྡན་པའི་དཔུང་ཁག་ཅིག་འཛུགས་སྐྱོང་བྱ་རྒྱུ་ལས་འགན་གཙོ་བོར་བྱས་ཏེ་དགོས་མཁོའི་ཐད་ནས་གནད་སྨིན་ངང་ཞུགས་པ་དང་། “དགེ་རྒན”གྱི་ཉམས་མྱོང་གི་ལེགས་ཆ་དང་རྩལ་ནུས་ཀྱི་ལེགས་ཆ་དེ“དགེ་ཕྲུག”གི་ཤེས་བརྩོན་གྱི་འགུལ་ནུས་དང་སྦྲེལ་མཐུད་ནུས་ལྡན་བྱས་པས“དགེ་རྒན་གྱིས་སློབ་མར་སློབ་པ”ནས“སློབ་མས་ཤེས་ཏེ་མི་གཞན་ཁྲིད་པའི”བར་གྲུབ་འབྲས་ཐོབ་པའི་ངང་ཕྱོགས་སྒྱུར་མངོན་འགྱུར་བྱུང་ཡོད།

    ལོ་ལྔའི་རིང་། བོད་སྐྱོར་སྨན་བཅོས་རིགས་གཅིག་མཁས་ཅན་གྱིས་སྨན་བཅོས་ཚོགས་པ་826དང་ས་གནས་དེ་རང་གི་སྨན་དོན་མི་སྣ་2354ལ་རོགས་ཁྲིད་བྱས་ཏེ་སྨན་དོན་རྐང་འཛིན་པ་1640གསོ་སྐྱོང་དང་། སྨན་པ་192ཀྱིས་རང་རྐྱ་འཕེར་བའི་ངང་གཤགས་བཅོས་སྣ་ཁ་1ནས་2བར་བྱེད་ཐུབ་པ་བྱེད་པ་དང་། སྨན་དོན་མི་སྣ་1027གྱི་གོ་མིང་རིམ་སྤོར་བཅས་བྱས་ཡོད།

    སྨན་བཅོས་ཚོགས་སྒྲིག་རྣམ་པའི་བོད་སྐྱོར་རིགས་གཅིག་མཁས་ཅན་གྱིས་རོགས་ཁྲིད་བྱ་ཡུལ་གནད་སྨིན་ངང་བདམས་ཤིང་། སློབ་དཔོན་གྱིས་འོས་སྦྱོར་དང་། རང་གིས་རང་ངོ་སྤྲོད། ཚན་ཁག་གིས་འོས་སྦྱོར་བཅས་ཟུང་དུ་འབྲེལ་བའི་བྱེད་ཐབས་ལ་བརྟེན་ནས་གཉིས་མོས་གདམ་ག་དང་རང་མོས་ཆ་སྒྲིག་གིས་རོགས་ཁྲིད་གྲོས་མཐུན་ཡི་གེ་ཐུན་མོང་ཐོག་བཞག་སྟེ་མི་སྣ་དང་། ལས་གནས་སོགས་བསྒྲགས་ཡིག་སྦྱར་ནས་ཡོངས་བསྒྲགས་དང་། ཡོངས་བསྒྲགས་ཁས་ལེན། ལྟ་སྐུལ་དང་ལེན་བཅས་བྱས་ཏེ་འགན་འཁྲི་དོན་འཁྱོལ་ལ་སྐུལ་འདེད་བཏང་བ་དང་། རོགས་ཁྲིད་ཀྱི་འཆར་གཞི་བཟོས་ཏེ་དོན་གཉེར་བྱས་ཤིང་། སློབ་མའི་དོན་དངོས་ཀྱི་གནས་ཚུལ་ལ་གཞིགས་ཏེ་གསོ་སྐྱོང་གི་དམིགས་ཚད་དང་བྱེད་ཐབས་ཁ་གསལ་བཟོ་བ་དང་། “འཚར་ལོངས་རྩིས་ཐོ”བཟོ་བ། “འཆར་གཞི”འགོད་པ་བཅས་ཀྱིས་རོགས་ཁྲིད་ལས་དོན་ལ་ཁ་ཕྱོགས་དང་། གཙོ་གནད། དམིགས་ཚད་བཅས་ཡོད་པའི་འགན་ལེན་བྱེད་དགོས། རྗེས་སྙེག་འདྲི་རྩད་དོན་གཉེར་བྱས་ཤིང་། རོགས་ཁྲིད་ཀྱི་དུས་ཚོད་ཐུང་བ་དང་སློབ་མ་ཁག་གཅིག་ཡར་རྒྱས་འགོར་བ་སོགས་ཀྱི་གནད་དོན་དངོས་ལ་དམིགས་ཏེ་རྒྱུན་མཐུད་རང་བཞིན་གྱི་གསོ་སྐྱོང་བྱེད་ཐབས་འཚོལ་ཞིབ་དང་། མཚམས་མི་ཆད་པ། རྒྱུན་སྲིང་རང་བཞིན། རྗེས་སྙེག་རྣམ་པའི་རོགས་ཁྲིད་བཅས་མཐའ་འཁྱོངས་ཀྱིས་དགེ་ཕྲུག་དགེ་རྒན་དང་ཁ་མི་བྲལ་བ་དགོས། རོགས་ཁྲིད་འབྲེལ་བ་མཚམས་མི་ཆད་པ་བྱས།

    རིགས་པའི་གཞུང་ལུགས་ཀྱི་སློབ་ཁྲིད་དང་གཤགས་བཅོས་རྣམ་པའི་དཔེ་སྟོན་སློབ་ཁྲིད་གལ་ཆེ་མཉམ་འཛིན་མཐའ་འཁྱོངས་བྱེད་དགོས། བོད་སྐྱོར་རིགས་གཅིག་མཁས་ཅན་སྒྲིག་འཛུགས་ཀྱིས་སྒོ་བསྟེན་རོགས་ཁྲིད་དང་གཤགས་བཅོས་རྣམ་པའི་དཔེ་སྟོན་སློབ་ཁྲིད་སོགས་བྱེད་ཐབས་སྣ་ཚོགས་སྤྱད་དེ་མཛུབ་མོ་རི་སྟོན་ངང་ཤེས་བྱ་དང་། བྱེད་ཐབས། ལག་རྩལ་བཅས་སློབ་པ་དང་ཆབས་ཅིག དམིགས་སའི་རང་བཞིན་ལྡན་པའི་སྒོ་ནས་སློབ་མར་དྲི་བ་འདོན་པ་དང་། ལས་འགན་སྤྲོད་པ། འགན་འཁྲི་ནན་དུ་གཏོང་བ་བཅས་བྱས་ཏེ་སློབ་མ་ཚོར་ལག་ལེན་བསྟར་རིང་རིགས་པའི་གཞུང་ལུགས་ཀྱི་བྱང་ཚད་དང་ནད་ཐོག་སྨན་བཅོས་ཀྱི་འཇོན་ཐང་ཆེ་རུ་གཏོང་བར་ཁྲིད་སྟོན་བྱས་པ་དང་། བོད་དུ་སྡོད་རིང་གཅིག་སྡུད་སློབ་ཁྲིད་དང་ནང་སར་ལོག་སྐབས་ལས་གནས་སུ་སློབ་ཁྲིད་བྱེད་པ་གཉིས་ཟུང་འབྲེལ་མཐའ་འཁྱོངས་བྱས། སློབ་མ་རྣམས་དགེ་རྒན་གྱིས་སྣེ་ཁྲིད་དེ་སྒྲིག་འཛུགས་བྱས་པའི་ཞིབ་འཇུག་བྱ་གཞི་དང་རིག་གཞུང་སྤེལ་རེས་སོགས་ཀྱི་བྱེད་སྒོར་ཞུགས་རྒྱུར་སྣེ་ཁྲིད་ཧུར་ཐག་དང་བཀོད་སྒྲིག་བྱས་ནས་སློབ་མའི་མིག་རྒྱང་དང་། ཤེས་རྒྱ། འཇོན་ཐང་བཅས་ཆེ་རུ་འགྲོ་བར་སྐུལ་འདེད་བཏང་ཡོད།

འགན་འཁུར་རྩོམ་སྒྲིག་པ། བསྟན་ནོར།
010020070840000000000000011100001390088981