བོད་ལྗོངས།
ས་མཐོའི་བུ་ཕྲུག་ལེགས་པར་བསྐྱངས། ཕུགས་འདུན་སྒྲུབ་པའི་གཤོག་རྩལ་ངོམ།

    —— སློབ་གསོ་བོད་སྐྱོར་གྱིས་བོད་ཀྱི་སློབ་གསོ་མགྱོགས་མྱུར་འཕེལ་རྒྱས་ཡོང་བར་འདེགས་སྐྱོར་བྱས་པ།

    2016ལོར་སློབ་གསོ་བོད་སྐྱོར་གྱི་ལས་དོན་སྤེལ་ཚུན། ཧྲན་ཏུང་ཞིང་ཆེན་གྱིས་སློབ་གསོ་བོད་སྐྱོར་དེ་ཁ་གཏད་རོགས་སྐྱོར་གྱི་ནང་དོན་གལ་ཆེན་ཞིག་ལ་བརྩིས་ཤིང་། ཞིང་ཆེན་ཡོངས་ཀྱི་སྟོབས་ཤུགས་དང་བློ་རིག་གཅིག་སྡུད་བྱས་ནས་གཞིས་རྩེ་གྲོང་ཁྱེར་ལ་རྨང་གཞིའི་སློབ་གསོ་དང་། ལས་རིགས་སློབ་གསོ། རྒྱུན་མཐུད་སློབ་གསོ་བཅས་ལ་ཕྱོགས་ཡོངས་ནས་རོགས་སྐྱོར་བྱས་ཏེ། གཞིས་རྩེ་གྲོང་ཁྱེར་གྱི་སློབ་གསོའི་བྱ་གཞག་མགྱོགས་མྱུར་དང་སྐྱོན་བྲལ་ངང་འཕེལ་རྒྱས་ཡོང་བར་སྐུལ་འདེད་བཏང་བ་རེད།

    ཆི་ལུ་སློབ་ཆུང་བསྐྲུན་ཟིན་ནས་བེད་སྤྱོད་བྱེད་འགོ་ཚུགས་པ་ལས་སློབ་ལོ་ལོན་པའི་བྱིས་པ་མི་ཉུང་བ་ཞིག་ལ་སྤུས་ལེགས་ཀྱི་སློབ་གསོའི་ཐོན་ཁུངས་ལོངས་སུ་སྤྱོད་རྒྱུ་བྱུང་བ་དང་། གཞིས་རྩེའི་སློབ་གསོའི་བྱ་གཞག་འཕེལ་རྒྱས་གང་ལེགས་བྱུང་བ་ལས་ས་མཐོའི་ཕྲུ་གུ་དེ་བས་མང་པོ་ཞིག་རེ་བའི་གཤོག་ཟུང་རྒྱས་ནས་ནམ་འཕངས་གཅོད་རྒྱུ་བྱུང་ཡོད། དེ་ནི“ཚོགས་སྒྲིག་རྣམ་པའི”སློབ་གསོ་ཤེས་ལྡན་མི་སྣའི་བོད་སྐྱོར་ལས་དོན་གྱི་མཚོན་ཚུལ་ཞིག་རེད།

    2015ལོར་ཀྲུང་དབྱང་གིས་བོད་ཀྱི་ལས་དོན་སྐོར་གྱི་བཞུགས་མོལ་ཚོགས་འདུ་ཐེངས་དྲུག་པ་འཚོགས་ནས་ལོ་ལྟར་རྨང་གཞིའི་སློབ་གསོའི་དུས་མཚམས་ཀྱི་དགེ་རྒན་འགའ་ཞིག་བོད་དུ་སློབ་སྐྱོར་བྱེད་པར་འདེམས་གཏོང་བྱ་རྒྱུ་ཡིན་ཞེས་ཁ་གསལ་བཏོན་པ་དང་འབྲེལ། བོད་ཀྱི་དགེ་རྒན་ནང་སར་གསོ་སྦྱོང་བྱེད་པར་སྒྲིག་འཛུགས་ཀྱང་བྱས་ཡོད།

    2015ལོའི་ཟླ་12པར་སློབ་གསོ་པུས་སྡེ་ཚན་མང་པོ་ཞིག་དང་མཉམ་དུ《“ཚོགས་སྒྲིག་རྣམ་པའི”སློབ་གསོའི་ཤེས་ལྡན་མི་སྣའི་བོད་སྐྱོར་ལས་དོན་གྱི་ལག་བསྟར་ཇུས་གཞི》བཀྲམ་སྟེ། “ཚོགས་སྒྲིག་རྣམ་པའི”སློབ་གསོའི་ཤེས་ལྡན་མི་སྣའི་བོད་སྐྱོར་ལས་དོན་དངོས་སུ་ལག་ལེན་བསྟར་འགོ་ཚུགས་པ་དང་། དགེ་རྒན་10ནས་50བར་ཚོགས་པ་རེ་བྱས་ཏེ། སློབ་གྲྭ་འབྲིང་ཆུང་རེ་ལ་གཅིག་སྡུད་ཁ་གཏད་རོགས་སྐྱོར་བྱས་ནས་སློབ་གསོའི་བོད་སྐྱོར་གྱི་ལེའུ་གསར་པ་ཞིག་རྩོམ་འགོ་ཚུགས་ཡོད།

    ལོ་ཤས་རིང་། ཁ་གཏད་རོགས་སྐྱོར་བྱེད་མཁན་ཞིང་ཆེན་དང་གྲོང་ཁྱེར་17གྱི་རོགས་སྐྱོར་ཐོབ་ཡུལ་སློབ་གྲྭ་28ཀྱི་བོད་སྐྱོར་ཚོགས་པས་རང་སྐྱོང་ལྗོངས་ཀྱིས་བཏོན་པའི་དམིགས་ཚད་དང་བླང་བྱར་དམ་པོར་དམིགས་པ་དང་། ཀུན་སྤྱོད་ལ་བརྟེན་ནས་མི་སྐྱོང་བའི་རྩ་བའི་ལས་འགན་མཐའ་འཁྱོངས་བྱེད་པ། ཁྲིད་སྟོན་ཁྱབ་འགྱེད་ཀྱི་ནུས་པ་འདོན་སྤེལ་གང་ལེགས་བྱེད་པ་བཅས་ཀྱི་སྒོ་ནས་རོགས་སྐྱོར་ཐོབ་ཡུལ་སློབ་གྲྭའི་དོ་དམ་ཆུ་ཚད་དང་སློབ་གསོ་སློབ་ཁྲིད་ཀྱི་སྤུས་ཚད་ཕྱོགས་ཡོངས་ནས་གོང་མཐོར་བཏང་བ་དང་སྤྱི་ཚོགས་རིང་ལུགས་ཀྱི་ལྟེ་བའི་རིན་ཐང་ལྟ་བ་སྐྱེད་སྲིང་དང་ལག་བསྟར་བྱ་རྒྱུ་དཔེ་ཁྲིད་མི་སྐྱོང་གི་བརྒྱུད་རིམ་ཧྲིལ་པོའི་ནང་མཉམ་འདྲེས་ཐུབ་པ་བྱས་པས“ཚོགས་སྒྲིག་རྣམ་པའི”སློབ་གསོའི་ཤེས་ལྡན་མི་སྣའི་བོད་སྐྱོར་ལས་དོན་ལ་དུས་མཚམས་རང་བཞིན་གྱི་གྲུབ་འབྲས་ཐོབ་ནས་བོད་ཀྱི་སློབ་གསོ་འཕེལ་རྒྱས་མགྱོགས་མྱུར་ཡོང་བར་སྐུལ་འདེད་ཐེབས་ཡོད།

    “ལོ་ལྔ་ཚན་བཅུ་གསུམ་པའི”རིང་། ཞིང་ཆེན་དང་གྲོང་ཁྱེར་17དང་སྡེ་ཚན་ཁོངས་གཏོགས་མཐོ་སློབ་ཀྱི་ཞོར་གཏོགས་སློབ་གྲྭ་འབྲིང་ཆུང་གིས་དགེ་རྒན་1676བདམས་ཏེ་བོད་ལ་སློབ་སྐྱོར་བྱེད་པར་སྔ་རྗེས་སུ་མངགས་ཤིང་། “100%བྱས་པ་ལྔ”དམ་འཛིན་བྱ་གཞིར་བྱེད་པ་དང་།“100%བྱས་པ་ལྔ”ཡི་དམིགས་ཚད་ལས་འགན་ལ་དམ་པོར་དམིགས་པ། ཉམས་ཞན་སར་དམིགས་པ། རང་བྱུང་ཚན་རིག་གི་ཚན་ཁག་དང་ཚོད་ལྟའི་སློབ་ཁྲིད་ལ་ཤུགས་སྣོན་རྒྱག་པ། ལྗོངས་ཡོངས་ཀྱི་རྨང་གཞིའི་སློབ་གསོའི་སྤུས་ཚད་བརྟན་པོའི་ངང་གོང་མཐོར་འགྲོ་རྒྱུར་སྐུལ་ཁྲིད་བཅས་བྱས་པས་ལྗོངས་ཡོངས་ཀྱི་མཐོ་འབྲིང་དང་སློབ་འབྲིང་གི་སློབ་ཚན་ཁག་གི་ཆ་སྙོམས་ཚད་གཞི་ལོན་ཚད་མཐོ་རུ་ཤུགས་ཆེན་ཕྱིན་ཡོད། བོད་སྐྱོར་དགེ་རྒན་གྱི་སྐྱེད་སྲིང་ནུས་པ་འདོན་སྤེལ་གང་ལེགས་བྱས་ཤིང་། “ཆིང་ལན་འདུ་འགོད”ཀྱི་དགེ་སློབ་ཆ་སྒྲིག་དང“གཅིག་གིས་གཅིག་ཁྲིད་པ་དང་གཅིག་གིས་མང་པོ་ཁྲིད་པའི”ཆ་སྒྲིག་རྣམ་པ་བརྒྱུད། ས་གནས་དེ་གའི་དགེ་རྒན་ལ་སྔོན་ཐོན་གྱི་སློབ་གསོའི་འདུ་ཤེས་དང་། དོ་དམ་བྱ་ཐབས། སློབ་ཁྲིད་བྱ་ཐབས་བཅས་ཁྲིད་ནས་དགེ་རྒན་འཚར་ལོངས་མགྱོགས་པོ་ཡོང་བར་སྐུལ་འདེད་བཏང་ཡོད། ཁ་གཏད་རོགས་སྐྱོར་མཐོ་སློབ་ཀྱི་རོགས་རམ་འོག རང་ལྗོངས་ཀྱི་རོགས་སྐྱོར་ཐོབ་ཡུལ་མཐོ་སློབ་ཀྱིས་སློབ་ཚན་གྱི་ཆེད་ལས་འཛུགས་སྐྱོང་ལ་ཤུགས་སྣོན་ཧུར་ཐག་བརྒྱབ་པས་རང་ལྗོངས་ཀྱི་མཐོ་སློབ་ཀྱི་ཁ་སྦུག་གསོ་རིག་ཆེད་ལས་མེད་པ་ནས་ཡོད་པའི་བར་འཕེལ་རྒྱས་བྱུང་ཡོད། དེ་དང་དུས་མཚུངས་སུ་རིག་ཚན་ཁག་གཅིག་གི་ཆེད་ལས་བཙུགས་ནས་རང་ལྗོངས་ཀྱི་མཐོ་རིམ་སློབ་གསོའི་བཟོ་རྩལ་རིག་པ་དང་གསོ་བ་རིག་པ་སོགས་ཁྱབ་ཁོངས་ཀྱི་རིག་ཚན་གྱི་སྟོང་ཆ་བསྐངས་ཡོད།

    སློབ་གསོའི་བོད་སྐྱོར་ནི་དཔལ་འབར་གྱི་འདུ་འགོད་དང་ཕུགས་རེའི་འདུ་འགོད་ཅིག་ཡིན་པས། ས་མཐོའི་སློབ་བུ་མང་པོ་ཞིག་གི་ས་མཐོ་ནས་ཐོན་པའི་ཕུགས་འདུན་གྱི་མེ་ལྕེ་སྤར་བ་དང་། ནང་སྐྱེས་འཕེལ་རྒྱས་ཀྱི་ས་བོན་ལྗོངས་ཡོངས་ཀྱི་མི་རིགས་ཁག་གི་མང་ཚོགས་དང་ཕྲུ་གུ་ཚོའི་སེམས་ནང་བཏབ་ཡོད། ད་ཆ་དགེ་རྒན་དེ་བས་མང་བས་སློབ་མར་སློབ་ཚན་འཁྲིད་པའམ་ཡང་ན་སློབ་མ་དང་སྤེལ་རེས་བྱེད་སྐབས། སློབ་མ་དེ་བས་མང་བའི་མིག་ཟུང་ནས་རེ་བའི་མེ་ལྕེ་འབར་བ་ནི་ཁོང་ཚོས་ཤེས་བྱ་སྦྱོང་འདོད་སྐོམ་པ་ཆུ་འདོད་ལྟར་བྱེད་པ་དང་མ་འོངས་པར་བློ་ཁ་ཕྱོགས་པ་ཞིག་རེད།

འགན་འཁུར་རྩོམ་སྒྲིག་པ། བསྟན་ནོར།

ཤིན་ཧྭ་དྲ་བ་མ་རྐང་ཚད་ཡོད་ཀུང་སིའི་བོད་ལྗོངས་ཡན་ལག་ཀུང་སི། ཤིན་ཧྭ་དྲ་བའི་བོད་ལྗོངས་འཕྲིན་ལམ། ཞལ་པར་ཨང་གྲངས། ༠༨༩༡--༦༢༨༢༥༢༡

Copyright @ 2000-2020 XINHUANET.com All Rights Reserved.

འདི་ག་དྲ་ཚུགས་ཐོག་བཀོད་པའི་ཤིན་ཧྭ་གསར་འགྱུར་ཁང་དང་ཤིན་ཧྭ་དྲ་བའི་གསར་འགྱུར། ཆ་འཕྲིན། དེ་བཞིན་ཆེད་སྒྲིག་སོགས་ཀྱི་ཡིག་ཆ་ཚང་མའི་བདག་དབང་ཤིན་ཧྭ་གསར་འགྱུར་ཁང་ལ་བདག་པས་གན་རྒྱ་དང་དབང་ཆ་སྤྲད་མེད་ཚེ་རང་དགར་ཕབ་སྤྱོད་བྱེད་མི་ཆོག

010020070840000000000000011100001392021891