བོད་ལྗོངས།
ཧུའུ་པེའི་ཐོན་ལས་གལ་ཆེན་གྱི་བོད་སྐྱོར་རྣམ་གྲངས་ལྷོ་ཁར་བཙུགས་པ།

    ཉེ་དུས་ཧུའུ་པེ་ཞིང་ཆེན་ཝུའུ་ཧན་ཧུང་ནུང་ཞིང་འབྲོག་ཚད་ཡོད་ཀུང་སི་དང་ལྷོ་ཁ་གྲོང་ཁྱེར་མི་དམངས་སྲིད་གཞུང་གིས་དངོས་སུ་གན་རྒྱ་བཞག་སྟེ། མ་དངུལ་སྒོར་དུང་ཕྱུར་5བཏང་ནས་ལྷོ་ཁར་བོད་ཀྱི་གཞི་ཁྱོན་ཆེ་ཤོས་ཀྱི་དེང་རབས་ཅན་དང་གྲངས་འཛིན་ཅན་གྱི་བོད་བྱ་གསོ་ཚགས་ཁེ་ལས་བསྐྲུན་རྒྱུ་ཡིན་ཞིང་། འདི་ལོའི་ཟླ་7པར་ལས་འགོ་བཙུགས་ནས་2021ལོའི་ཟླ་5པར་དངོས་སུ་འཁོར་རྒྱུག་བྱ་རྒྱུ་རེད།

    ཤེས་རྟོགས་བྱུང་བར་གཞིགས་ན། རྣམ་གྲངས་དེ་ད་ཐེངས་ཀྱི་ས་གནས་ས་ཐོག་གི་ཚོགས་འདུའི་ཐོག་གན་འཇོག་དངུལ་འབོར་མང་ཤོས་ཀྱི་ཞིང་འབྲོག་ལས་ཀྱི་ཐོན་ལས་ཅན་གྱི་རྣམ་གྲངས་ཤིག་རེད་ལ། ཧུའུ་པེ་ཞིང་ཆེན་གྱིས་2019ལོར《ཧུའུ་པེའི་ཐོན་ལས་བོད་སྐྱོར་ལས་དོན་ལ་ཕྱོགས་ཡོངས་ནས་ཤུགས་སྣོན་རྒྱག་རྒྱུའི་སྐོར་གྱི་ལག་བསྟར་བསམ་འཆར》བཏོན་རྗེས་ཀྱི་དངོས་སུ་གན་རྒྱ་བཞག་ནས་ལྷོ་ཁར་བཙུགས་པའི་རྣམ་གྲངས་གལ་ཆེན་དང་པོ་དེའང་རེད། རྣམ་གྲངས་དེས་བོད་བྱ་ཁྱོན་ཁྲི་120གསོ་ཚགས་བྱེད་རྩིས་ཡོད་པའི་ཁྲོད། བཟོ་གྲྭ་ཅན་གྱིས་བོད་བྱ་ཁྲི་100གསོ་ཚགས་་དང་མཐའ་འཁོར་གྱི་ཞིང་དུད་ལ་བོད་བྱ་ཁྲི་20གསོ་ཚགས་བྱ་རྒྱུའི་སྐུལ་ཁྲིད་བྱས་པ་དེས་ཉུང་མཐར་ཡང་ཞིང་དུད་500ཐག་ཉེ་ས་དང་སྟབས་བདེ་སར་དབུལ་སྒྲོལ་འབབ་འཕར་ཡོང་རྒྱུར་སྐུལ་ཁྲིད་ཐུབ་རྒྱུ་རེད།

འགན་འཁུར་རྩོམ་སྒྲིག་པ། བསྟན་ནོར།

ཤིན་ཧྭ་དྲ་བ་མ་རྐང་ཚད་ཡོད་ཀུང་སིའི་བོད་ལྗོངས་ཡན་ལག་ཀུང་སི། ཤིན་ཧྭ་དྲ་བའི་བོད་ལྗོངས་འཕྲིན་ལམ། ཞལ་པར་ཨང་གྲངས། ༠༨༩༡--༦༢༨༢༥༢༡

Copyright @ 2000-2020 XINHUANET.com All Rights Reserved.

འདི་ག་དྲ་ཚུགས་ཐོག་བཀོད་པའི་ཤིན་ཧྭ་གསར་འགྱུར་ཁང་དང་ཤིན་ཧྭ་དྲ་བའི་གསར་འགྱུར། ཆ་འཕྲིན། དེ་བཞིན་ཆེད་སྒྲིག་སོགས་ཀྱི་ཡིག་ཆ་ཚང་མའི་བདག་དབང་ཤིན་ཧྭ་གསར་འགྱུར་ཁང་ལ་བདག་པས་གན་རྒྱ་དང་དབང་ཆ་སྤྲད་མེད་ཚེ་རང་དགར་ཕབ་སྤྱོད་བྱེད་མི་ཆོག

010020070840000000000000011100001392022811