བོད་ལྗོངས།
2020ལོ་འཁོར་གྱི“བོད་སྐྱོར་ཁྲིམས་རྩོད་པའི་ཞབས་ཞུ་ཚོགས་པའི”བྱེད་སྒོ་སྤེལ་འགོ་ཚུགས་པ།

    ཤིན་ཧྭ་གསར་འགྱུར་ཁང་པེ་ཅིང་ནས་གློག་འཕྲིན་འབྱོར་གསལ། ཚེས་25ཉིན་གསར་འགོད་པར་ཁྲིམས་འཛིན་པུའུ་ནས་ཤེས་རྟོགས་བྱུང་བར། ཉེ་ཆར་2020ལོ་འཁོར་གྱི“བོད་སྐྱོར་ཁྲིམས་རྩོད་པའི་ཞབས་ཞུ་ཚོགས་པའི”བྱེད་སྒོའི་འགོ་ཚུགས་མཛད་སྒོ་བོད་ལྗོངས་ལྷ་སར་འཚོགས་པ་རེད། ནུབ་རྒྱུད་མི་རིགས་ས་ཁུལ་གྱི་སྤྱི་པའི་བཅའ་ཁྲིམས་ཞབས་འདེགས་ཞུ་ཤུགས་ཆེ་རུ་གཏོང་བའི་དམངས་ཕན་བྱེད་ཐབས་གལ་ཆེན་ཞིག་ཡིན་པའི་ངོས་ནས་དེ་ནི་ཁྲིམས་འཛིན་པུས་ལོ་གཉིས་བསྟུད་མར་བྱེད་སྒོ་དེ་སྤེལ་བ་ཞིག་རེད།

    ཤེས་རྟོགས་བྱུང་བར་གཞིགས་ན། ལོ་གཅིག་རིང་བོད་སྐྱོར་ཁྲིམས་རྩོད་པ་68ཀྱིས་སྔ་རྗེས་སུ་བོད་ཀྱི་གྲོང་ཁྱེར(ས་ཁུལ)7གྱི་རྫོང(ཆུས)42སུ་བཅའ་ཁྲིམས་ཞབས་ཞུའི་ལས་དོན་སྤེལ་བར་བསྐྱོད་ཅིང་། ཁོང་ཚོས་ཏང་ཨུད་དང་སྲིད་གཞུང་གི་བཅའ་ཁྲིམས་ཀྱི་བློ་འདྲིའི་འགན་ཧུར་ཐག་ཁུར་ཏེ་ཐབས་ཇུས་གལ་ཆེན་གྱི་ཁྲིམས་མཐུན་རང་བཞིན་གྱི་ཞིབ་བཤེར་ནང་ཞུགས་ནས་ཁྲིམས་སྐྱོང་སྒྲོག་འགྲེལ་རྒྱ་ཆེར་བྱས་པ་དང་། འགལ་ཟླ་དང་རྩོད་གཞི་སེལ་བའི་ལས་དོན་ནང་ཞུགས་ཏེ་ལོ་གཅིག་རིང་བཅའ་ཁྲིམས་རོགས་སྐྱོར་གྱོད་གཞི་ཁྱོན་1540བསྒྲུབས་པ། མི་ཐེངས་ཁྲི་1.5ལྷག་ཙམ་གྱི་བཅའ་ཁྲིམས་ཀྱི་བློ་འདྲི་རིན་མེད་ངང་དང་ལེན་བྱས་པ། བཅའ་ཁྲིམས་ཀྱི་ཡིག་ཆ་4000ལྷག་ཙམ་འབྲི་རོགས་བྱས་པ། དཔལ་འབྱོར་གྱོང་གུན་སྒོར་ཁྲི་9700ལྷག་ཙམ་སེལ་བ་བྱས་པ་བཅས་ལ་བརྟེན་ནས་བོད་ཀྱི་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་ལ་སྐུལ་འདེད་དང་། མི་དམངས་མང་ཚོགས་ཀྱི་ཁྲིམས་མཐུན་ཁེ་དབང་འགན་ལེན། སྤྱི་ཚོགས་ཞི་བདེ་བརྟན་ལྷིང་ལ་སྲུང་སྐྱོང་བཅས་ཀྱི་ཕྱིར་དགེ་མཚན་ལྡན་པའི་ལེགས་སྐྱེས་ཕུལ་བར་ཡུལ་དེ་གའི་ཏང་ཨུད་དང་སྲིད་གཞུང་གི་ཁས་ལེན་གང་ལེགས་དང་མི་རིགས་ཁག་གི་མང་ཚོགས་ཀྱི་བསྔགས་བརྗོད་རྒྱ་ཁྱབ་ཏུ་ཐོབ་ཡོད་པ་རེད།

    2020ལོ་འཁོར་གྱི“བོད་སྐྱོར་ཁྲིམས་རྩོད་པའི་ཞབས་ཞུ་ཚོགས་པའི”བྱེད་སྒོ་སྤེལ་རིང་། ཁྲིམས་འཛིན་པུས་བོད་ཀྱི་སྤྱི་པའི་བཅའ་ཁྲིམས་ཞབས་ཞུ་འཛུགས་སྐྱོང་བྱ་རྒྱུ་ཅུང་ཉམས་ཞན་ཡིན་པའི་གནས་ཚུལ་ལ་དམིགས་ཏེ། ཞབས་ཞུའི་གཞི་ཁྱོན་སྔར་བས་ཆེ་རུ་བཏང་ཞིང་། ཁྲིམས་རྩོད་པ་མེད་པའི་རྫོང་1ལ་དང་བླངས་ཁྲིམས་རྩོད་པ་1བཀོད་སྒྲིག་བྱེད་པའི་ཚད་གཞི་གཞིར་བཟུང་། རྒྱལ་ཡོངས་ཀྱི་ཞིང་ཆེན་དང་། རང་སྐྱོང་ལྗོངས། གྲོང་ཁྱེར་བཅས་22ནས་ཕུལ་བྱུང་ཁྲིམས་རྩོད་པ་74བོད་དུ་དུས་ཡུན་ལོ་གཅིག་གི་བཅའ་ཁྲིམས་ཀྱི་ཞབས་འདེགས་ཞུ་བར་འདེམས་གཏོང་བྱས་ཏེ་དེར་བརྟེན་ནས་སྤྱི་པའི་བཅའ་ཁྲིམས་ཀྱི་ཞབས་ཞུའི་ཐད་ཀྱི་བོད་ཀྱི་མི་རིགས་ཁག་གི་མང་ཚོགས་ཀྱི་དགོས་མཁོ་བསྐངས་པ་རེད།

    2019ལོར“བོད་སྐྱོར་ཁྲིམས་རྩོད་པའི་ཞབས་ཞུ་ཚོགས་པའི”བྱེད་སྒོ་སྤེལ་འགོ་ཚུགས་པ་ནས་བཟུང་ཁྲིམས་འཛིན་པུའུ་ཁྲིམས་རྩོད་པའི་ལས་དོན་ཅུས་དང་། ཀྲུང་ཧྭ་རྒྱལ་ཡོངས་ཁྲིམས་རྩོད་པའི་མཐུན་ཚོགས་དང་ཀྲུང་གོ་བཅའ་ཁྲིམས་རོགས་སྐྱོར་ཐེབས་རྩ་ལྷན་ཚོགས་ཀྱིས་ཐུན་མོང་ཐོག་བྱེད་སྒོ་སྒྲིག་འཛུགས་ལག་བསྟར་བྱེད་པའི་དམིགས་ཡུལ་ནི་རྒྱལ་ཡོངས་ཀྱི་ཁྱབ་ཁོངས་ནང་དང་བླངས་ཁྲིམས་རྩོད་པ་བསྡུས་ཏེ་ཁྲིམས་རྩོད་པ་ཁ་ཐང་བའི་བོད་ཀྱི་ས་ཁུལ་དུ་སྤྱི་ཕན་གྱི་བཅའ་ཁྲིམས་ཞབས་འདེགས་ཞུས་ནས་ཡུལ་དེ་གའི་ཁྲིམས་སྐྱོང་འཛུགས་སྐྱོང་གི་ཆུ་ཚད་མཐོ་རུ་འགྲོ་རྒྱུར་སྐུལ་འདེད་གཏོང་ཆེད་ཡིན་པ་རེད།

འགན་འཁུར་རྩོམ་སྒྲིག་པ། བསྟན་ནོར།

ཤིན་ཧྭ་དྲ་བ་མ་རྐང་ཚད་ཡོད་ཀུང་སིའི་བོད་ལྗོངས་ཡན་ལག་ཀུང་སི། ཤིན་ཧྭ་དྲ་བའི་བོད་ལྗོངས་འཕྲིན་ལམ། ཞལ་པར་ཨང་གྲངས། ༠༨༩༡--༦༢༨༢༥༢༡

Copyright @ 2000-2020 XINHUANET.com All Rights Reserved.

འདི་ག་དྲ་ཚུགས་ཐོག་བཀོད་པའི་ཤིན་ཧྭ་གསར་འགྱུར་ཁང་དང་ཤིན་ཧྭ་དྲ་བའི་གསར་འགྱུར། ཆ་འཕྲིན། དེ་བཞིན་ཆེད་སྒྲིག་སོགས་ཀྱི་ཡིག་ཆ་ཚང་མའི་བདག་དབང་ཤིན་ཧྭ་གསར་འགྱུར་ཁང་ལ་བདག་པས་གན་རྒྱ་དང་དབང་ཆ་སྤྲད་མེད་ཚེ་རང་དགར་ཕབ་སྤྱོད་བྱེད་མི་ཆོག

010020070840000000000000011100001392430561