བོད་ལྗོངས།
ཧུའུ་པེ་ཞིང་ཆེན་ཤང་དབྱང་གྲོང་ཁྱེར་བོད་སྐྱོར་སྨན་བཅོས་རུ་ཁག་གིས་སྙིང་ནད་ཕོག་པའི་ནད་པ་ཞིག་བསྐྱབས་པ།

    ཉེ་ཆར། འཕྱོངས་རྒྱས་རྫོང་གི་སྙིང་ནད་ཕོག་པའི་ནད་པ་ཞིག་ཧུའུ་པེ་ཞིང་ཆེན་ཤང་དབྱང་གྲོང་ཁྱེར་བོད་སྐྱོར་སྨན་བཅོས་རུ་ཁག་གི་རོགས་རམ་འོག་ཤང་དབྱང་གྲོང་ཁྱེར་མི་དམངས་སྨན་ཁང་དང་པོ་ནས་དྲག་སྐྱེད་བྱུང་སྟེ་ཕ་ཡུལ་དུ་ལོག་པ་རེད།

    ད་ལོའི་ཟླ་9པའི་ཟླ་འགོར། འཕྱོངས་རྒྱས་རྫོང་གི་ཞིང་པ་བསྟན་འཛིན་གཡུ་སྒྲོན་ལ་ལྷན་སྐྱེས་ཀྱི་སྙིང་ནད་ཕོག་སྟེ་སྲོག་ཉེན་ཡོད་པས་འཕྲལ་མར་གཤགས་བཅོས་བྱེད་དགོས་ཀྱི་ཡོད། འོན་ཀྱང་ས་གནས་དེ་གའི་སྨན་བཅོས་ཀྱི་ལག་རྩལ་མི་འདང་བའི་ཁར་གཤགས་བཅོས་ཀྱི་ཆ་རྐྱེན་ཡང་མེད་སྟབས། ཧུའུ་པེ་ཞིང་ཆེན་ཤང་དབྱང་གྲོང་ཁྱེར་གྱི་བོད་སྐྱོར་སྨན་བཅོས་རུ་ཁག་གིས་ཤང་དབྱང་གྲོང་ཁྱེར་མི་དམངས་སྨན་ཁང་དང་པོ་དང་འབྲེལ་གཏུག་བྱས་ནས་ནད་པ་འཕྲལ་མར་ཤང་དབྱང་གྲོང་ཁྱེར་སྨན་ཁང་དང་པོར་སྨན་བཅོས་བྱེད་པར་བསྐྱལ་བ་རེད། དེའི་རིང་ཧུའུ་པེ་ཞིང་ཆེན་ཤང་དབྱང་གྲོང་ཁྱེར་གྱི་བོད་སྐྱོར་སྨན་བཅོས་རུ་ཁག་དང་ཤང་དབྱང་གྲོང་ཁྱེར་མི་དམངས་སྨན་ཁང་དང་པོས་ནད་པར་བསུ་ལེན་དང་སྐད་སྒྱུར་སོགས་ཀྱི་ཞབས་འདེགས་ཧུར་ཐག་ཞུས་ནས་སྨན་རིན་ཁག་གཅིག་ཆག་ཡང་དང་རྩ་ཆག་བཏང་སྟེ། ནད་པར་མི་རིགས་མཐུན་སྒྲིལ་ཁྱིམ་ཚང་གཅིག་ལྟར་བརྩེ་བའི་དྲོ་སྐྱིད་ཟབ་མོ་ཚོར་དུ་བཅུག “ཧུའུ་པེའི་མི་དམངས་ཀྱིས་ང་ལ་རོགས་རམ་ཧུར་ཐག་བྱས་པ་ངས་དུས་ནམ་ཡང་བརྗེད་མི་སྲིད། ཏང་ཀྲུང་དབྱང་གིས་ང་ཚོར་བོད་སྐྱོར་སྨན་བཅོས་རུ་ཁག་ཡག་པོ་འདི་འདྲ་བཏང་ནས་ཏང་གི་ཐུགས་ཁུར་དང་བྱམས་སྐྱོང་གངས་ལྗོངས་མཐའ་མཚམས་སུ་ཁྱབ་པར་ཐུགས་རྗེ་ཆེ”ཞེས་ནད་གཞི་དྲག་སྐྱེད་བྱུང་བའི་བསྟན་འཛིན་གཡུ་སྒྲོན་གྱིས་བཤད།

(འགན་འཁུར་རྩོམ་སྒྲིག་པ། བསྟན་ནོར།)

ཤིན་ཧྭ་དྲ་བ་མ་རྐང་ཚད་ཡོད་ཀུང་སིའི་བོད་ལྗོངས་ཡན་ལག་ཀུང་སི། ཤིན་ཧྭ་དྲ་བའི་བོད་ལྗོངས་འཕྲིན་ལམ། ཞལ་པར་ཨང་གྲངས། ༠༨༩༡--༦༢༨༢༥༢༡

Copyright @ 2000-2020 XINHUANET.com All Rights Reserved.

འདི་ག་དྲ་ཚུགས་ཐོག་བཀོད་པའི་ཤིན་ཧྭ་གསར་འགྱུར་ཁང་དང་ཤིན་ཧྭ་དྲ་བའི་གསར་འགྱུར། ཆ་འཕྲིན། དེ་བཞིན་ཆེད་སྒྲིག་སོགས་ཀྱི་ཡིག་ཆ་ཚང་མའི་བདག་དབང་ཤིན་ཧྭ་གསར་འགྱུར་ཁང་ལ་བདག་པས་གན་རྒྱ་དང་དབང་ཆ་སྤྲད་མེད་ཚེ་རང་དགར་ཕབ་སྤྱོད་བྱེད་མི་ཆོག

010020070840000000000000011100001395241761