བོད་ལྗོངས།
སློབ་གསོའི་བོད་སྐྱོར་ལ་སླར་ཡང་ཤུགས་སྣོན་བརྒྱབ་པ།——འཕྱོངས་རྒྱས་རྫོང་གི“སྒོ་འགྲམ་གྱི་ནང་སའི་བོད་ལྗོངས་འཛིན་གྲྭ”ཐོག་མའི་སློབ་འགོ་ཚུགས་པ།

    ཤིན་ཧྭ་དྲ་བའི་བོད་ཡིག་འཕྲིན་ལམ་དུ་གནས་ཚུལ་འབྱོར་གསལ། ཟླ་3ཚེས་15ཉིན“སྒོ་འགྲམ་གྱི་ནང་སའི་བོད་ལྗོངས་འཛིན་གྲྭ(ཚོད་ལྟའི་འཛིན་གྲྭ)”——འཕྱོངས་རྒྱས་རྫོང་སློབ་འབྲིང་གི་ནང་སའི་བོད་ལྗོངས་འཛིན་གྲྭ(ཚོད་ལྟའི་འཛིན་གྲྭ)ལྷོ་ཁ་གྲོང་ཁྱེར་འཕྱོངས་རྒྱས་རྫོང་དུ་དངོས་སུ་བཙུགས་ཡོད། འཛིན་གྲྭ་དེའི་དགེ་རྒན་གྱི་དཔུང་ཁག་ནི་ཧུའུ་པེའི“མི་ཁྲིའི་འཆར་གཞིའི”བོད་སྐྱོར་དགེ་རྒན་དང་ཧུའུ་པེའི་རིག་གནས་དང་རང་བྱུང་ཚན་རིག་ཚན་ཁག་སློབ་གླིང་གི་སྐལ་བཟང་མེ་ཏོག་སློབ་ཆེན་སློབ་མའི་སློབ་སྐྱོར་ཚོགས་པའི་ཁོངས་མི་ལས་གྲུབ་ཅིང་། “ཚན་རིག་དང་མཐུན་པའི་ངང་འཛིན་གྲྭ་གཉེར་བ་དང་ཡུལ་བབ་དང་བསྟུན་པའི”རྩ་དོན་གཞིར་བཟུང་ནང་སའི་དོ་དམ་བྱེད་ཐབས་དང་སློབ་ཁྲིད་བྱེད་ཐབས་ལག་ལེན་བསྟར་ནས་སློབ་མ་རྣམས་རང་ཁྱིམ་གྱི་སྒོ་འགྲམ་ནས“ནང་སའི་བོད་ལྗོངས་འཛིན་གྲྭར”སློབ་སྦྱོང་བྱེད་དུ་འཇུག་རྒྱུ་རེད།

    2020ལོའི་དགུན་དུས་སུ་ཤང་ཡང་བོད་སྐྱོར་ལས་དོན་རུ་ཁག་དང་འཕྱོངས་རྒྱས་རྫོང་སློབ་གསོ་ཚན་པས་ཞིབ་འཇུག་བྱས་པ་བརྒྱུད་2021ལོའི་དཔྱིད་ཀྱི་སློབ་དུས་སྐབས་འཕྱོངས་རྒྱས་རྫོང་སློབ་འབྲིང་དུ“སྒོ་འགྲམ་གྱི་ནང་སའི་བོད་ལྗོངས་འཛིན་གྲྭ”ཞིག་ཚོད་ལྟ་བྱས་ནས་བཙུགས་ཏེ“སློབ་མ་སྒུལ་བའི”རྣམ་པ་ནས“དགེ་རྒན་སྒུལ་བའི”རྣམ་པའི་ཕྱོགས་སུ་བསྒྱུར་ནས་བོད་ཀྱི་ཕྲུ་གུ་དེ་བས་མང་བར་ནང་སའི་སློབ་ཁྲིད་བྱེད་ཐབས་དང་སློབ་གསོའི་འདུ་ཤེས་ལོངས་སུ་སྤྱོད་ཐུབ་པ་བྱ་རྒྱུ་ཐག་བཅད་ཡོད། འདེམས་སྒྲུག་བྱས་པ་བརྒྱུད་སློབ་མ་30ཚོད་ལྟའི་འཛིན་གྲྭར་སློབ་སྦྱོང་བྱེད་པར་ཚུད་ཡོད།

    དགེ་རྒན་བཀོད་སྒྲིག་བྱེད་པའི་ཐད་ཚང་མ་ནང་སའི་དགེ་རྒན་ལས་གྲུབ་པ་དང་བོད་སྐྱོར་དགེ་རྒན་གྱིས་རོགས་སྐྱོར་བྱ་ཡུལ་སློབ་གྲྭའི་རྒྱུན་གཏན་གྱི་སློབ་ཁྲིད་ལས་འགན་ཡག་པོ་འཁུར་བ་དང་ཆབས་ཅིག་ཚོད་ལྟའི་འཛིན་གྲྭའི་སློབ་ཚན་ཚང་མའི་སློབ་ཁྲིད་ལས་འགན་ཡང་འཁུར་ཡོད། འཛིན་གྲྭའི་སྒྲིག་འཛུགས་དང་དོ་དམ་ཐད་ནང་སའི་བྱེད་ཐབས་བེད་སྤྱད་པ་དང་སློབ་ཚན་བཀོད་སྒྲིག་ཐད་ལའང་ནང་སའི་བྱེད་ཐབས་སྤྱད་ཡོད། ནང་སའི་དཔྱད་བསྡུར་བྱེད་ཐབས་ནང་འདྲེན་བྱས་ནས་ནང་སའི་དགེ་རྒན་དང“མཉམ་དུ་ཞིབ་འཇུག་དང་མཉམ་དུ་སློབ་ཁྲིད”བྱེད་པ་དང་། ནང་སའི་སློབ་མ་དང“མཉམ་དུ་ཚད་ལེན་དང་མཉམ་དུ་དཔྱད་བསྡུར”བྱ་རྒྱུ་རེད།

    “སྒོ་འགྲམ་གྱི་ནང་སའི་བོད་ལྗོངས་འཛིན་གྲྭར”སྒོ་དབྱེ་རྣམ་པའི་སློབ་ཁྲིད་བྱེད་ཐབས་སྤྱད་པ་དང་། ཕྱོགས་གང་ས་ཅི་ཐད་ནས་ཧུའུ་པེའི་སློབ་གསོའི་ཐོན་ཁུངས་བཀོད་སྒྲིག་དང་བེད་སྤྱད་དེ་མཉམ་འབྲེལ་ཐོག་སློབ་གྲྭ་གཉེར་བ་དང་ལག་གདང་སྦྲེལ་ནས་བོད་ཀྱི་སློབ་གསོའི་བྱ་གཞག་འཕེལ་རྒྱས་འགྲོ་རྒྱུར་རམ་འདེགས་བྱ་རྒྱུ་རེད། མཐོ་སློབ་ཀྱི་རྒྱང་ཁྲིད་སློབ་གསོའི་རྟེན་གཞིས“དྲ་ཐོག་སློབ་ཚན་ཉན་ནས་རང་ཉིད་ཡར་རྒྱས་གཏོང”ཞེས་པའི་བྱེད་སྒོ་སྤེལ་རྒྱུ་རེད། 2020ལོར་ཧྭ་ཀྲུང་དགེ་འོས་སློབ་ཆེན་གྱིས་འཕྱོངས་རྒྱས་རྫོང་སློབ་འབྲིང་དུ་རྒྱང་ཁྲིད་སློབ་གསོའི་རྟེན་གཞི་བཙུགས་ནས“གཅིག་གཏད་གཅིག”གི་དྲ་ཐོག་སློབ་ཞུགས་རོགས་རམ་དང་ཟབ་ཁྲིད་སློབ་ཚན་འཚོགས་ཏེ་དགེ་རྒན་གྱི་དཔུང་ཁག་དེང་རབས་ཅན་དུ་འཛུགས་པ་དང་། སློབ་སྤྱིའི་འགོ་ཁྲིད་ནུས་པ་དང་སློབ་གྲྭའི་བཅོས་སྐྱོང་། ས་ཁོངས་སློབ་གསོ་དེང་རབས་ཅན་དུ་འགྱུར་བ་སོགས་ལེགས་བཅོས་བྱས་ཡོད། འདི་ལོ་ཧུའུ་པེའི་སློབ་གསོའི་བོད་སྐྱོར་གྱིས“སྒོ་འགྲམ་གྱི་ནང་སའི་བོད་ལྗོངས་འཛིན་གྲྭ”ཚོད་ལྟར་བཟུང་སྟེ་ཧྭ་ཀྲུང་དགེ་འོས་སློབ་ཆེན་དང་འབྲེལ་བ་ཧུར་ཐག་བྱས་ནས་རྒྱང་ཁྲིད་དྲ་ཐོག་གི་སློབ་སྐྱོར་བྱེད་སྒོ་སྤེལ་རྒྱུ་དང་། འཕྱོངས་རྒྱས་རྫོང་སློབ་འབྲིང་གི་སློབ་གསོ་དོ་དམ་དང་སློབ་ཁྲིད་སྤུས་ཚད་མཐོ་རུ་གཏོང་བར་སྐུལ་འདེད་གཏོང་རྒྱུ་རེད།

(འགན་འཁུར་རྩོམ་སྒྲིག་པ། ཟླ་བ་ཚེ་རིང་།)

ཤིན་ཧྭ་དྲ་བ་མ་རྐང་ཚད་ཡོད་ཀུང་སིའི་བོད་ལྗོངས་ཡན་ལག་ཀུང་སི། ཤིན་ཧྭ་དྲ་བའི་བོད་ལྗོངས་འཕྲིན་ལམ། ཞལ་པར་ཨང་གྲངས། ༠༨༩༡--༦༢༨༢༥༢༡

Copyright @ 2000-2020 XINHUANET.com All Rights Reserved.

འདི་ག་དྲ་ཚུགས་ཐོག་བཀོད་པའི་ཤིན་ཧྭ་གསར་འགྱུར་ཁང་དང་ཤིན་ཧྭ་དྲ་བའི་གསར་འགྱུར། ཆ་འཕྲིན། དེ་བཞིན་ཆེད་སྒྲིག་སོགས་ཀྱི་ཡིག་ཆ་ཚང་མའི་བདག་དབང་ཤིན་ཧྭ་གསར་འགྱུར་ཁང་ལ་བདག་པས་གན་རྒྱ་དང་དབང་ཆ་སྤྲད་མེད་ཚེ་རང་དགར་ཕབ་སྤྱོད་བྱེད་མི་ཆོག

010020070840000000000000011100001398189591