གསར་འགྱུར་ལྟེ་གནས། ནོར་སྲིད་ཁྲིམས་ལུགས། སྤྱི་ཚོགས་དམངས་འཚོ། ཚན་རྩལ་སློབ་གསོ། རིག་གནས་སྒྱུ་རྩལ། ཞིང་འབྲོག་གསར་པ།
སྣོད་བཅུད་ཡུལ་སྐོར། དམངས་སྲོལ་ཆོས་ལུཊ། དམིཊ་བསལ་ཆེད་སྒྲིག གནའ་དེང་མི་སྣ། བོད་སྐྱོར་ལས་དོན། གསོ་རིག་བོད་སྨན།
༄༅།། དམངས་ ཁྲོད་ ཀྱི་ བོད་ ལུགས་ གསོ་ རིག་ གི་ སྨན་ ཤོག་ ཁྲི་ 10ལྷག་ ཙམ་ གྲངས་ གཞི་ ཅན་ གྱི་ ཡིག་ ཚགས་ བཟོས་ པ།
2014-05-23        གསར་འགྱུར་འབྱུང་ཁུངས། ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།        འགན་འཁུར་རྩོམ་སྒྲིག་པ། བསྟན་ཉི།

    བོད་རང་སྐྱོང་ལྗོངས་སྨན་རྩིས་ཁང་གིས་ལོ་གཅིག་ལྷག་ཙམ་གྱི་དུས་ཚོད་སྤྱད་དེ་བོད་ལུགས་གསོ་རིག་གི་སྨན་པ་རྒན་གྲས་བཅུ་ལྷག་ཙམ་གྱིས་གསོག་འཇོག་བྱས་པའི་སྨན་དཔྱད་ཁྲི་བརྒྱ་ལྷག་ཙམ་ཁྲོད་ནས་རྩ་ཆེའི་བོད་ལུགས་གསོ་རིག་དང་བོད་སྨན་གྱི་སྨན་ཤོག་ཁྲི་10བདམས་ཏེ་གྲངས་གཞི་ཅན་གྱི་ཐོག་ནས་རིགས་དབྱེ་དང་ཨང་སྒྲིག་བྱས་ཐོག་སྨན་དོན་མི་སྣས་ནད་བརྟག་དང་སྨན་སྤྲོད་སྐབས་ཚན་རིག་དང་མཐུན་ལ་སྟབས་བདེ་ཡོང་བ་བྱ་རྒྱུ་ཡིན་པ་རེད།

    རང་སྐྱོང་ལྗོངས་སྨན་རྩིས་ཁང་གི་ཡོན་ཀྲང་གཞོན་པ་ཡེ་ཤེས་གཡང་འཛོམས་ཀྱིས་དམངས་ཁྲོད་བོད་ལུགས་གསོ་རིག་དང་བོད་སྨན་གྱི་སྨན་ཤོག་གྲངས་འབོར་ཧ་ཅང་མང་པོ་ཡོད་ཀྱང་བལྟོས་བཅས་ཀྱིས་ཁ་ཐོར་ཡིན་པས་བོད་ལུགས་གསོ་རིག་དང་བོད་སྨན་གྱི་ཐོན་ཁུངས་ཚན་རིག་དང་མཐུན་ལ་གོ་རིམ་ལྡན་པའི་ངང་གསར་སྤེལ་དང་ཞིབ་འཇུག་བྱ་རྒྱུར་ཕན་པ་མེད་པ་དང་།“གསང་བའི་སྦྱོར་རྟ་བྱེད་ཐབས”དེ་དག་རྒྱུན་འཛིན་བྱེད་མ་ཐུབ་ཚེ་བོད་ལུགས་གསོ་རིག་དང་བོད་སྨན་ལས་རིགས་ལ་ཁ་གསབ་བྱེད་ཐབས་བྲལ་བའི་གྱོང་གུན་ཕོག་རྒྱུ་རེད་ཅེས་ངོ་སྤྲོད་བྱས་པ་རེད།

    རྩ་ཆེའི་ཉམས་མྱོང་ལྡན་པའི་སྨན་དཔྱད་དེ་དག་བསྡུ་རུབ་དང་ལེགས་སྒྲིག་བྱ་ཆེད་2013ལོའི་ལོ་སྟོད་དུ་རང་སྐྱོང་ལྗོངས་སྨན་རྩིས་ཁང་གིས་2006ལོ་ནས་བཟུང་རྒྱལ་ཁབ་རིམ་པའི་སྨན་པ་མཁས་ཅན་བྱམས་པ་འཕྲིན་ལས་ལགས་དང་བོད་ལུཌ་གསོ་རིག་གི་སྨན་པ་གྲགས་ཅན་དཔལ་ལྡན་བསྟན་འཛིན་དང་བློ་བཟང་དབྱིག་གཉེན་སོགས་ཀྱི་ཉམས་མྱོང་ཟབ་པའི་སྨན་དཔྱད་བསྡུ་རུབ་བྱེད་འགོ་བཙུགས་ཡོད།མིག་སྔར་སྨན་དཔྱད་ཁྲི་10ལྷག་ཙམ་གདམ་གསེས་བྱས་པ་མ་ཟད།

    གྲངས་གཞི་ཅན་གྱི་ཡིག་ཚགས་བཟོས་པ་དང་སྨན་དཔྱད་སྨན་ནུས་སོགས་ཀྱི་ཆ་འཕྲིན་གསལ་ཐག་ཆོད་མཐོང་ཐུབ་པ་དང་སྨན་དོན་མི་སྣས་ཁྲག་མང་ནད་སོགས་བཅོས་དཀའ་བའི་ནད་རྟགས་ཀྱི་ནད་རྐྱེན་དང་དེ་བཞིན་སྨན་གྱི་སྦྱོར་སྡེབ་སོགས་འབྲེལ་ཡོད་ནད་བརྟག་སྨན་བཅོས་ཀྱི་ཡིག་ཆ་ལས་སླ་པོའི་ངང་འཚོལ་ཐུབ་ཀྱི་ཡོད་པ་རེད། 

མཛའ་འབྲེལ་དྲ་བ།
010020070840000000000000011100001333553211