བོད་ལྗོངས།
ཆེ་དགྲ་ལྷས་ལྷ་ས་གྲོང་ཁྱེར་ལྟེ་བའི་སྨན་ཁང་གི་རྣམ་གྲངས་འཛུགས་སྐྲུན་གྱི་གནས་ཚུལ་ལ་བརྟག་ཞིབ་གནང་བ།

    ཚེས་13ཉིན་གྱི་ཕྱི་དྲོར། ལྗོངས་ཏང་ཨུད་ཀྱི་ཧྲུའུ་ཅི་གཞོན་པ་རང་སྐྱོང་ལྗོངས་ཀྱི་ཀྲུའུ་ཞི་ཆེ་དགྲ་ལྷས་ལྷ་ས་གྲོང་ཁྱེར་ལྟེ་བའི་སྨན་ཁང་འཛུགས་སྐྲུན་བྱ་ཡུལ་དུ་ཕེབས་ནས་རྣམ་གྲངས་འཛུགས་སྐྲུན་གྱི་གནས་ཚུལ་ལ་བརྟན་ཞིབ་གནང་ཞིང་། ཁོང་གིས་ཏང་གི་ཚོགས་ཆེན་བཅུ་དགུ་པའི་དགོངས་དོན་ལག་བསྟར་དོན་འཁྱོལ་ནན་ཏན་བྱས་ཏེ་ཐོག་མཐའ་བར་གསུམ་དུ་མི་དམངས་ཀྱི་བདེ་ཐང་འགན་ལེན་བྱེད་པ་བླ་ན་མེད་པའི་གནས་བབ་ཐོག་བཞག་ནས་ཚན་རིག་དང་མཐུན་པའི་སྒོ་ནས་གཅིག་གྱུར་འཆར་འགོད་དང་རྣམ་གྲངས་འཛུགས་སྐྲུན་ལ་སྐུལ་འདེད་མགྱོགས་པོ་བཏང་སྟེ་ལྗོངས་ཡོངས་ཀྱི་མི་རིགས་ཁག་གི་མང་ཚོགས་ཚོར་དེ་བས་སྤུས་ལེགས་ཀྱི་སྨན་བཅོས་ཞབས་ཞུའི་འགན་ལེན་མཁོ་འདོན་བྱས་ནས་མི་དམངས་མང་ཚོགས་ཚོས་སྨན་བཅོས་ཞབས་ཞུ་དང་བདེ་ཐང་འཚོ་བར་བཅངས་པའི་དགོས་མཁོ་གསར་པ་རྒྱུན་ཆད་མེད་པར་སྐོང་དགོས་ཞེས་ནན་བཤད་གནང་བ་རེད།

    རང་སྐྱོང་ལྗོངས་ཀྱི་ཀྲུའུ་ཞི་གཞོན་པ་བདེ་སྐྱིད་བརྟག་ཞིབ་གནང་བར་ལྷན་དུ་ཕེབས་ཡོད་པ་རེད།

    ལྷ་ས་གྲོང་ཁྱེར་ལྟེ་བའི་སྨན་ཁང་གི་རྣམ་གྲངས་ནི་རིམ་པ་གསུམ་པའི་ཕྱོགས་བསྡུས་སྨན་ཁང་གི་ཚད་གཞི་ལྟར་འཛུགས་སྐྲུན་བྱས་པ་དང་། དེའི་ནང་ནད་ཐོག་སྨན་བཅོས་དང་། གཟུགས་པོ་བརྟག་དཔྱད། ལུས་ཁམས་བདེ་སྲུང་། ན་ཚ་དྲག་སྐྱེད། དེ་བཞིན་ཚན་ཞིབ་སློབ་ཁྲིད་སོགས་ཀྱི་ནུས་པ་ཚུད་ཡོད། ཨར་ལས་བྱ་ཡུལ་དུ་ཆེ་དགྲ་ལྷས་ལས་དོན་སྙན་ཞུ་ནན་ཏན་ངང་གསན་པ་དང་རྣམ་གྲངས་འཛུགས་སྐྲུན་གྱི་འཕེལ་རིམ་གནས་ཚུལ་མཁྱེན་རྟོགས་ཞིབ་ཕྲ་གནང་བ་རེད།

    ཆེ་དགྲ་ལྷས་སྒྲིག་འཛུགས་ཞིབ་ཚགས་བྱས་ཏེ་སྔར་ཡོད་ཀྱི་ལས་ཀའི་རྨང་གཞི་ཡག་པོའི་ཐོག་འཆར་འགོད་ས་བཀྲར་ནན་པོ་གཞིགས་ནས་ཨར་ལས་སྒྲིག་འཛུགས་བྱས་ཏེ་ལྷུ་ཚིགས་ཚང་མ་དང་རྣམ་གྲངས་ཚང་མར་ཞིབ་ཕྲ་ཅན་གྱི་དོ་དམ་འགན་ལེན་བྱེད་དགོས་པ་དང་། གཙོ་གནད་མངོན་གསལ་དོད་པོ་ཡོང་བར་བྱས་ཏེ་དུས་ཚོད་ཀྱི་མཚམས་ཚིགས་ལ་གཞིགས་ནས་སྤུས་ཚད་དང་བདེ་འཇགས་འགན་ལེན་བྱེད་པའི་སྔོན་འགྲོའི་ཆ་རྐྱེན་འོག་ཨར་ལས་ཀྱི་མྱུར་ཚད་མགྱོགས་སུ་གཏོང་དགོས་པ། སྔ་སྣུར་དུ་འཆར་འགོད་བྱས་ཏེ་སྨན་བཅོས་སྒྲིག་ཆས་ཉོ་སྒྲུབ་དང་། ཆུ་དང་། གློག སོལ་རླངས། ལྗང་མདོག་སོགས་ལེ་ལག་ཚང་སྒྲིག་གི་ཞོར་གཏོགས་སྒྲིག་ཆས་འཛུགས་སྐྲུན་ལ་མཉམ་དུ་སྐུལ་འདེད་གཏོང་བ་དང་། “རིག་ལྡན་སྨན་བཅོས”ལ་གཞི་ཚུགས་པ། དེང་རབས་ཅན་གྱི་ཆ་འཕྲིན་ལག་རྩལ་གྱི་བྱ་ཐབས་སྤྱོད་པ། གྲངས་གཞི་ཅན་དང་དྲ་རྒྱ་ཅན་གྱིས་ཁྱད་ཆོས་བྱས་པའི་བདེ་ཐང་གི་གཞི་གྲངས་མཉམ་དུ་བཏོད་དེ“ནད་ཆེན་ཕོག་སྐབས་བོད་ནས་འགྲོ་མི་དགོས་པའི”དམིགས་ཚད་མངོན་འགྱུར་ཡོང་གང་ཐུབ་བྱེད་དགོས་པ། སྒྱུར་བཅོས་གཏིང་ཟབ་ཏུ་བཏང་སྟེ་སྒྱུར་བཅོས་སྨན་ཁང་འཛུགས་སྐྲུན་གྱི་བརྒྱུད་རིམ་ཧྲིལ་པོར་ཁྱབ་པར་བྱས་ནས། སྒྲིག་སྲོལ་དང་ལམ་སྲོལ་གསར་གཏོད་ཀྱིས་སྨན་བཅོས་ཤེས་ལྡན་པའི་ཚོགས་སྒྲིག་རྣམ་པའི་བོད་སྐྱོར་གྱི་གོ་སྐབས་ལ་བརྟེན་ནས་དོ་དམ་ཐད་གཉེར་སྐྱོང་བྱེད་སྟངས་གསར་པ་འཚོལ་ཞིབ་དང་། རང་ངོས་ཀྱི་སྟོབས་ཤུགས་ཆེ་རུ་བཏང་ནས་ལྗོངས་ཡོངས་ཀྱི་རྩེར་སོན་ཕྱོགས་བསྡུས་སྨན་ཁང་འཛུགས་སྐྲུན་ཧུར་ཐག་བྱེད་དགོས་པ། འགོ་ཁྲིད་ལ་ཤུགས་སྣོན་རྒྱག་པ་དང་། བྱེད་པོའི་འགན་འཁྲི་ཁ་གསལ་བཟོ་བ། གཞོགས་འདེགས་དམ་ཟབ། མཐུན་སྦྱོར་གཞོགས་འདེགས་བཅས་བྱས་ཏེ་རྣམ་གྲངས་འཛུགས་སྐྲུན་ལ་ཞབས་འདེགས་སྤུས་ལེགས་མཁོ་འདོན་བྱེད་པ་དང་། ཆེད་མི་དང་ཆེད་དམིགས་སོགས་ཀྱི་རྣམ་པར་བརྟེན་ནས་མཐུན་སྦྱོར་སྦྲེལ་མཐུད་ལ་ཤུགས་སྣོན་རྒྱག་པ་དང་། བཀོད་གཏོང་དང་དོ་དམ་ལས་དོན་ཡག་པོ་སྒྲུབ་པ། རྣམ་གྲངས་འཛུགས་སྐྲུན་བྱེད་པའི་བརྒྱུད་རིམ་ཁྲོད་འཕྲད་པའི་དཀའ་གནད་དང་གནད་དོན་ཐག་གཅོད་ལ་རོགས་རམ་ཧུར་ཐག་བྱས་ཏེ་ནུས་ལྡན་གྱི་བྱེད་ཐབས་ལ་བརྟེན་ནས་རྣམ་གྲངས་འཛུགས་སྐྲུན་ལ་སྐུལ་འདེད་འོས་འཚམ་གཏོང་དགོས་པའི་བླང་བྱ་བཏོན་གནང་བ་རེད།

འགན་འཁུར་རྩོམ་སྒྲིག་པ། ཟླ་བ་ཚེ་རིང་།
010020070840000000000000011100001368281751