བོད་ལྗོངས།
བོད་རང་སྐྱོང་ལྗོངས་མི་དམངས་སྨན་ཁང་གིས་འོས་འགན་སྨན་བཅོས་བྱེད་སྒོ་སྤེལ་བ།

    ཉེ་ཆར། རང་སྐྱོང་ལྗོངས་མི་དམངས་སྨན་ཁང་བྲང་ནད་ལྟེ་གནས་ཀྱིས་སྨན་ཁང་ནང་ཁུལ་དུ་འོས་འགན་སྨན་བཅོས་བྱེད་སྒོ་སྤེལ་བ་དང་། སྙིང་ནད་དང་ཁོག་ནད་ཚན་ཁག་གི་རིགས་གཅིག་མཁས་ཅན་མང་པོ་ཞིག་གིས་ས་གནས་ས་ཐོག་ཏུ་ནད་པར་བརྟག་དཔྱད་དང་དོགས་གནད་ལ་འགྲེལ་བཤད་བརྒྱབ་པ་མ་ཟད། ནད་པར་རིན་མི་དགོས་པར་དོས་དྲག་གི་སྙིང་རྩ་འགགས་ནད་དང་འབྲེལ་བའི་བདེ་ཐང་དྲིལ་བསྒྲགས་དཔྱད་གཞིའང་སྤྲད་པ་རེད།

    བྱེད་སྒོ་སྤེལ་རིང་། རིགས་གཅིག་མཁས་ཅན་ཚོས་ཉེ་འཁོར་གྱི་གྲོང་མིར་ངོ་ཐུག་གདོང་འཕྲད་ངང་སྙིང་རྩ་འགགས་ནད་དང་འབྲེལ་བའི་བདེ་ཐང་བློ་འདྲིའི་བྱེད་སྒོ་སྤེལ་ཏེ་དོགས་གནད་ལ་འགྲེལ་བཤད་བརྒྱབ་པ་དང་སྦྲགས་དཔྱད་ཡིག་ཀྱང་སྤྲད་པ་རེད། རིགས་གཅིག་མཁས་ཅན་ཚོས་ནད་པར་ནད་གཞི་ཕོག་ཡུན་དང་དེ་སྔའི་འཚོ་བའི་གོམས་གཤིས་སོགས་སྐད་ཆ་ཞིབ་ཕྲ་དྲིས་ཏེ་ཕྱོགས་མི་འདྲ་བའི་ཐད་ནས་གྲོང་མིར་འཚོ་བའི་བདེ་ཐང་གི་མཛུབ་ཁྲིད་བྱས་པ་དང་། བདེ་ཐང་གི་ཤེས་བྱ་དང་གསོ་རིག་གི་རྒྱུན་ཤེས་དྲིལ་བསྒྲགས་བྱས་ནས་གོ་སྐབས་དེ་དང་བསྟུན་ཏེ་ཉེ་འཁོར་གྱི་གྲོང་མིས་བདེ་ཐང་གི་འདུ་ཤེས་ཟབ་ཏུ་གཏོང་རྒྱུའི་རེ་བ་བྱས་པ་རེད།

    ད་ཐེངས་ཀྱི་བྱེད་སྒོ་སྤེལ་བ་བརྒྱུད་མང་ཚོགས་ཀྱི་བདེ་ཐང་འདུ་ཤེས་ཟབ་ཏུ་ཕྱིན་པ་མ་ཟད། དོས་དྲག་གི་སྙིང་རྩ་འགཌ་ནད་དང་འབྲེལ་བའི་རྒྱུན་ཤེས་ཀྱང་མང་པོ་ཤེས་ཏེ་དམངས་ལ་དངོས་འབྲེལ་ཕན་པ་ཐོབ་པ་རེད།

འགན་འཁུར་རྩོམ་སྒྲིག་པ། ཟླ་བ་ཚེ་རིང་།
010020070840000000000000011100001386101761