བོད་ལྗོངས།
བོད་ལྗོངས་བོད་ལུགས་གསོ་རིག་སློབ་ཆེན་དུ་ཀྲུང་གོ་སློབ་གསོ་བརྙན་འཕྲིན་ལས་ཁུངས་བསམ་བློ་ཆབ་སྲིད་ཡོངས་བསྒྲཌ་སློབ་ཚན་གྱི་རྒྱལ་ཡོངས་སྐོར་སྐྱོད་སློབ་ཁྲིད་བྱས་པ།

    ཉིན་ཤས་གོང་ཀྲུང་གོ་སློབ་གསོ་བརྙན་འཕྲིན་ལས་ཁུངས་ཀྱི་སློབ་གྲྭར་བསམ་བློ་ཆབ་སྲིད་ཀྱི་ཡོངས་བསྒྲགས་སློབ་ཚན་ཁྲིད་པའི་རྒྱལ་ཡོངས་སྐོར་སྐྱོད་སློབ་ཁྲིད་ཀྱི་བོད་སྐྱོད་བྱེད་སྒོ་བོད་ལྗོངས་བོད་ལུགས་གསོ་རིག་སློབ་ཆེན་དུ་སྤེལ་བ་རེད།

    བྱེད་སྒོ་དེ་བཞུགས་མོལ་ཚོགས་འདུ་དང་བརྗོད་དོན་གཙོ་བོའི་སྙན་ཞུ་ཁག་གཉིས་ལ་དབྱེ་ཞིང་། ནང་སོག་ཞིང་ལས་སློབ་ཆེན་ལས་རིགས་ལག་རྩལ་སློབ་གླིང་ཨར་སྐྲུན་བཟོ་སྐྲུན་ཚན་ཁག་གི་ཏང་སྤྱི་ཁྱབ་ཀྲི་པུའི་ཧྲུའུ་ཅི་ཧོ་ཧྥེ་དང་། ཧར་པིན་སློབ་ཆེན་གྱི་ཁྲུའུ་རིམ་པ་གཞོན་པའི་ཟུར་ཁྲིད་པ་ཝང་ཅིང་གོ བོད་ལྗོངས་བོད་ལུགས་གསོ་རིག་སློབ་ཆེན་གྱི་ཟུར་ཁྲིད་པ་བསམ་བློ་ཆབ་སྲིད་སློབ་ཚན་གྱི་དགེ་རྒན་བཅས་ཀྱིས་ཟུར་ཁྲིད་པའི་དཔུང་ཁག་འཛུགས་སྐྱོང་ལ་སྔར་བས་ཤུགས་སྣོན་རྒྱག་པ་དང་། ནུས་པ་འདོན་སྤེལ་ཡག་པོ་བྱེད་པ། བསམ་བློ་ཆབ་སྲིད་སློབ་གསོར་ཤུགས་སྣོན་རྒྱག་པ་དང་ལེགས་སུ་གཏོང་རྒྱུའི་ཐད་བཞུགས་མོལ་སྤེལ་རེས་བྱས་པ་རེད། དེ་རྗེས་བོད་ལྗོངས་བོད་ལུགས་གསོ་རིག་སློབ་ཆེན་གྱི་རིག་གཞུང་ཐིང་དུ་ཆེད་དོན་སྙན་ཞུ་སྤེལ་ནས་ཝང་ཅིང་གོ་དང་ཧོ་ཧྥེས“དགེ་རྒན་བསྟེན་ནས་རྒྱལ་ཁབ་ལ་དྲིན་ལན་འཇལ་བའི་ཐོག་མའི་བསམ་འདུན་སྲུང་བ་དང་། ཀུན་སྤྱོད་ལ་བརྟེན་ནས་མི་སྐྱོང་གི་འགན་འཁྲི་འཁུར་བ”དང་། “ལོ་ཆུང་གཞོན་ནུའི་ཡངས་ཤིང་རྒྱ་ཆེ་བའི་ས་གཞིར་འཇོན་ཐང་ངོམས་པའི་དུས”ཞེས་པ་ཆེད་དོན་བརྗོད་གཞིར་བྱས་ནས་ཆེད་དོན་སྙན་ཞུ་སྤེལ་བ་རེད། སྙན་ཞུ་གཉིས་པོས“ཐོག་མའི་བསམ་འདུན་མ་བརྗེད་པར་འགན་འཁྲི་བློ་ལ་བརྟན་པོར་འཆང་བ”གཙོ་རྐང་དུ་བྱས་ནས་ལོ་མང་རིང་ཟུར་ཁྲིད་པ་བྱས་པའི་ཉམས་མྱོང་དང་རང་ཉིད་འཚར་ལོངས་ཀྱི་བརྒྱུད་རིམ་ལ་དམིགས་ཏེ་ཟུར་ཚད་མི་འདྲ་བའི་ཐོག་ནས་མཐོ་སློབ་ཀྱི་བསམ་བློ་ཆབ་སྲིད་སློབ་གསོའི་ལས་དོན་པའི་འགན་འཁྲི་འཁུར་སེམས་ལ་འགྲེལ་བཤད་བརྒྱབ་སྟེ། སླད་ཕྱིན་གྱི་བོད་ལྗོངས་བོད་ལུགས་གསོ་རིག་སློབ་ཆེན་གྱི་སློབ་མའི་ལས་དོན་ལ་སྒུལ་ཤུགས་གསར་པ་བསྣན་ཡོད་པ་རེད།

འགན་འཁུར་རྩོམ་སྒྲིག་པ། བསྟན་ནོར།
010020070840000000000000011100001386194631