བོད་ལྗོངས།
བོད་རང་སྐྱོང་ལྗོངས་ཀྱིས་སྨན་བཅོས་འགན་བཅོལ་ཆ་འཕྲིན་ལས་སྟེགས་མགྱོགས་མྱུར་བསྐྲུན་ནས་ལྷོ་ནུབ་ཀྱི་ཞིང་ལྗོངས་ལྔ་སྒྲོལ་བའི་སྒོ་བསྟེན་སྨན་རིན་ཐད་ཀར་རྩིས་ཞུ་མངོན་འགྱུར་བྱ་རྒྱུ་ཡིན་པ།

    ཟླ་12ཚེས་23ཉིན་ལྷོ་ནུབ་ཀྱི་ཞིང་ལྗོངས་ལྔ་ཡི་ཞིང་ཆེན་སྒྲོལ་བའི་སྒོ་བསྟེན་སྨན་རིན་ཐད་ཀར་རྩིས་ཞུའི་གན་རྒྱ་འཇོག་པ་དང་འགོ་ཚུགས་མཛད་སྒོ་སི་ཁྲོན་ཞིང་ཆེན་ཁྲེང་ཏུར་འཚོགས་ཤིང་། ལྷོ་ནུབ་ཡུག་ཁུལ་གྱི་ཞིང་ཆེན་སྒྲོལ་བའི་སྒོ་བསྟེན་སྨན་རིན་ཐད་ཀར་རྩིས་ཞུ་བྱེད་པ་ནི། སི་ཁྲོན་དང་། ཁྲུང་ཆིང་། ཀུའེ་ཀྲོའུ། ཡུན་ནན། བོད་ལྗོངས་བཅས་ཞིང་ཆེན5(གྲོང་ཁྱེར་དང་ས་ཁུལ)ཡིས་མཉམ་དུ་ཡུལ་གཞན་དུ་ནད་ལྟ་སྨན་བཅོས་བྱ་རྒྱུར་སྐུལ་འདེད་གཏོང་བའི་སྒྱུར་བཅོས་ཀྱི་བྱེད་ཐབས་གལ་ཆེན་ཞིག་རེད། 《ལྷོ་ནུབ་ཡུག་ཁུལ་གྱི་ཞིང་ཆེན་སྒྲོལ་བའི་སྒོ་བསྟེན་སྨན་རིན་ཐད་ཀར་རྩིས་ཞུ་བྱ་རྒྱུའི་མཉམ་ལས་སྒྲོམ་གཞིའི་གྲོས་མཐུན》ལ་མིང་རྟགས་བཀོད་དེ་རང་ལྗོངས་དང་ལྷོ་ནུབ་ཀྱི་ཞིང་ཆེན་དང་རང་སྐྱོང་ལྗོངས་གཞན་4ཡི་ས་ཁོངས་ཀྱི་འཇུར་མིག་ཤར་བགྲོད་ཐུབ་ནས་ལྷོ་ནུབ་ཡུག་ཁུལ་གྱི་ཞིང་ཆེན་སྒྲོལ་བའི་སྒོ་བསྟེན་སྨན་རིན་ཐད་ཀར་རྩིས་ཞུ་བྱ་རྒྱུར་མཉམ་ལས་ཀྱི་ལས་སྟེགས་མཁོ་འདོན་བྱས་པ་དང་ཆབས་ཅིག་རྨང་གཞི་ཡང་བཏིང་ཡོད།

    རང་སྐྱོང་ལྗོངས་སྨན་བཅོས་འགན་བཅོལ་ཅུས་བཙུགས་ཚུན། རྒྱལ་ཁབ་ཀྱི་སྨན་བཅོས་འགན་བཅོལ་ཅུས་ཀྱི་ཆ་འཕྲིན་ཅན་གྱི་རྩེ་རིམ་ཇུས་འགོད་སྤྱི་འདོམས་སུ་བྱ་རྒྱུ་མཐའ་འཁྱོངས་བྱས་ནས“རྒྱལ་ཡོངས་ཀྱི་སྔོན་ཐོན་དང་། ཉེར་སྤྱོད། བདེ་འཇགས་བཅས་ཀྱི་ལས་རིགས་ཐག་གཅོད་ཇུས་གཞི”དང་ཡང་ཡང་བསྡུར་བ་དང་། རྒྱལ་ཡོངས་གཅིག་གྱུར་དང་། མཉམ་འབྲེལ་མཉམ་མཐུད་ཀྱི་སྨན་བཅོས་འགན་བཅོལ་ཆ་འཕྲིན་ཅན་མ་ལག་འཚོལ་ཞིབ་བྱས་ནས་བཙུགས་ཏེ། “འཕྲལ་མཁོ་སྔོན་བསྟར”དང་། “རིགས་དབྱེའི་སྐུལ་འདེད”ཀྱི་རྩ་དོན་གཞིར་བཟུང་མིག་སྔར་རང་སྐྱོང་ལྗོངས་ཀྱི་སྨན་བཅོས་འགན་ལེན་ཆ་འཕྲིན་ལས་སྟེགས་བསྐྲུན་པའི་འདུ་འགོད་ཀྱི་ལག་བསྟར་ཆོག་པའི་ཇུས་གཞི་སོགས་ཀྱི་ལས་དོན་བསྒྲུབས་ཡོད། གོམ་སྟབས་རྗེས་མར་རང་སྐྱོང་ལྗོངས་སྨན་བཅོས་འགན་བཅོལ་སྡེ་ཚན་གྱིས་ཆ་འཕྲིན་ལས་སྟེགས་བསྐྲུན་པའི་ཁྲོད་སྔོན་ལ་ཞིང་ཆེན་སྒྲོལ་བའི་སྒོ་བསྟེན་སྨན་རིན་རྩིས་ཞུའི་མ་ལག་སྔོན་ལ་བཀོད་སྒྲིག་བྱ་རྒྱུ་དང་འབྲེལ། རང་ལྗོངས་ཀྱི་འགན་བཅོལ་ནང་ཞུགས་པའི་མི་སྣའི་སྨན་བཅོས་ཀྱི་དགོས་མཁོ་ཆེ་བའི་ལྷོ་ནུབ་ཡུག་ཁུལ་གྱི་སྨན་ཁང་འདེམས་རྒྱུའི་ཐད་སྔོན་ལ་ཞིང་ཆེན་སྒྲོལ་བའི་སྒོ་བསྟེན་སྨན་རིན་རྩིས་ཞུ་གང་མགྱོགས་ལག་བསྟར་བྱ་རྒྱུ་དང་འབྲེལ་འཁོར་སྐྱོད་ཐུབ་པ་བྱ་རྒྱུ་རེད། རང་སྐྱོང་ལྗོངས་ཀྱི་སྨན་བཅོས་འགན་ལེན་ཆ་འཕྲིན་ལས་སྟེགས་མ་ལག་རིམ་སྤོར་ལེགས་གྲུབ་བྱུང་རྗེས་བདེ་བླག་ངང་ལྷོ་ནུབ་ཡུག་ཁུལ་གྱི་ཞིང་ལྗོངས་5ཡི་ཞིང་ཆེན་སྒྲོལ་བའི་སྒོ་བསྟེན་སྨན་རིན་ཐད་ཀར་རྩིས་ཞུའི་མ་ལག་དང་ཐད་ཀར་འབྲེལ་མཐུད་ཐུབ་རྒྱུ་དང་ཆབས་ཅིག་ང་ཚོས་ཞིང་ལྗོངས་གཞན་དང་འབྲེལ་མཐུད་མཉམ་ལས་ལ་ཤུགས་སྣོན་བརྒྱབ་ནས་ཚོད་ལྟའི་ཁུལ་འཐུས་སྒོ་ཚང་དུ་གཏོང་བའི་རྨང་གཞིའི་ཐོག་ཆ་རྐྱེན་དང་མཐུན་པའི་ས་ཁུལ་དང་། མི་སྣ། གནས་གཏན་འཁེལ་གྱི་སྨན་བཅོས་སྒྲིག་གཞི་བཅས་དེ་བས་མང་པོ་སྒོ་བསྟེན་སྨན་བཅོས་དཀྱུས་མ་དང་སྨན་ཚོང་ཁང་ནས་སྨན་ཉོ་བའི་ཞིང་ཆེན་སྒྲོལ་བའི་ཡུལ་གཞན་དུ་སྨན་བཅོས་ཐད་ཀར་རྩིས་ཞུའི་ཁྱབ་ཁོངས་ནང་བཅུག་ནས་སྨན་བཅོས་འགན་བཅོལ་ནང་ཞུགས་མཁན་མི་སྣ་ཡུལ་གཞན་དུ་ནད་ལྟ་སྨན་བཅོས་བྱ་རྒྱུའི་དགོས་མཁོ་སྔར་བས་བསྐང་རྒྱུ་རེད།

འགན་འཁུར་རྩོམ་སྒྲིག་པ། བསྟན་ནོར།
010020070840000000000000011100001386565221