བོད་ལྗོངས།
བོད་རང་སྐྱོང་ལྗོངས་མི་དམངས་སྨན་ཁང་གིས་དུས་ཡུན་ཆུ་ཚོད་12ནང་སྨི་ངོས་གྲུ་ཆིག་སྟོང་གི་ཚད་ལྡན་ཅན་གྱི་ཚ་བ་རྒྱས་པའི་སྒོ་བསྟེན་སྨན་ཁང་བསྐྲུན་པ།

    ལྗོངས་ཡོངས་ཀྱི་རིམས་ནད་སྔོན་འགོག་ཚོད་འཛིན་གྱི་གནས་གཏན་འཁེལ་གྱི་ཚ་བ་རྒྱས་པའི་སྒོ་བསྟེན་སྨན་ཁང་དུ་གཏན་འཁེལ་བྱས་རྗེས་རང་སྐྱོང་ལྗོངས་མི་དམངས་སྨན་ཁང་གིས་བྱ་སྤྱོད་མྱུར་དུ་སྤེལ་ནས། སྒྲིག་འཛུགས་ཞིབ་ཚགས་དང་། རང་འགུལ་ངང་བྱ་སྤྱོད་སྤེལ་བ། སྣེ་འདྲེན་གྱི་ནུས་པ་འདོན་སྤེལ་བཅས་བྱས་ཏེ། རིམས་ནད་འགོག་རྒོལ་གྱི་འགན་འཁྲི་ཏན་ཏིག་འཁུར་ཐོག་ལས་དུས་འཕར་མ་བྱེད་པ་དང་ཉིན་མཚན་མེད་པར་ཨར་སྐྲུན་བྱས་ཏེ“མ་དཔེའི”ཚད་གཞི་ལྟར་དུས་ཡུན་ཆུ་ཚོད་12ནང་གངས་ལྗོངས་ས་མཐོར་རྒྱ་ཁྱོན་སྨི་ངོས་གྲུ་ཆིག་སྟོང་ཡོད་པའི་ཚད་ལྡན་ཅན་གྱི་ཚ་བ་རྒྱས་པའི་སྒོ་བསྟེན་སྨན་ཁང་བསྐྲུན་པ་རེད།

    གསར་འགོད་པས་རང་སྐྱོང་ལྗོངས་མི་དམངས་སྨན་ཁང་ནས་མཐོང་བར། ཚ་བ་རྒྱས་པའི་སྒོ་བསྟེན་སྨན་ཁང་དུ་ནད་བརྟག་ཁང་དང་། བརྟག་བཤེར་ཁང་། ཁྲག་བཙག་ས། ལོགས་སུ་འཇོག་ས་8བཅས་ཡོད་པ་མ་ཟད། གྲིབ་བརྙན་བརྟག་དཔྱད་ཆེད་སྤྱོད་འགྲོ་ལམ་བསྐྲུན་ཡོད་པ་དང་མྱུར་སྐྱོབ་འཁོར་སྒྲོམ་དང་། སྨན་བཅོས་རྐུབ་བཀྱག སྨན་བཅོས་སྒྲོམ་སྟེགས་སོགས་སྒྲིག་སྦྱོར་བྱས་ཡོད་ལ། ལྟ་ཞིབ་ཉལ་ཁྲི་དང་བརྟག་དཔྱད་ཉལ་ཁྲི་12སྒྲིག་ཡོད་པ་རེད།

    རང་སྐྱོང་ལྗོངས་མི་དམངས་སྨན་ཁང་ཚ་བ་རྒྱས་པའི་སྒོ་བསྟེན་སྨན་ཁང་གཉེར་སྐྱོང་བྱེད་འགོ་ཚུགས་ཚུན་ནས་མིག་སྔའི་བར་དུ་བསྡོམས་མི་125ལ་ནད་གཞི་བརྟག་དཔྱད་དང་མི་17སྨན་ཁང་དུ་ཉར་ནས་ལྟ་ཞིབ་བྱས་ཏེ། མི་དམངས་མང་ཚོགས་ཀྱི་སྨན་བཅོས་ཀྱི་དགོས་མཁོ་དང་སྨན་བཅོས་བདེ་འཇགས་ལ་ནུས་ཤུགས་ཡོད་རྒུས་འགན་སྲུང་བྱས་ཡོད།

འགན་འཁུར་རྩོམ་སྒྲིག་པ། ཟླ་བ་ཚེ་རིང་།
010020070840000000000000011100001387544041