བོད་ལྗོངས།
བོད་ཀྱིས་སྨན་བཅོས་ཡོ་བྱད་ཐོན་སྐྱེད་ཆོག་འཐུས་ལག་ཁྱེར་ཐོག་མ་དེ་སྤྲད་པ།

    རང་སྐྱོང་ལྗོངས་སྨན་རྫས་ལྟ་སྐུལ་དོ་དམ་ཅུས་ཀྱིས་བོད་ལྗོངས་བདུད་རྩི་རྟགས་ཅན་སྨན་བཅོས་ཡོ་བྱད་ཚད་ཡོད་ཀུང་སིར་སྨན་བཅོས་ཡོ་བྱད་ཐོན་སྐྱེད་ཆོག་འཐུས་ལག་ཁྱེར་ཐོག་མ་དེ་སྤྲད་པ་དེས་རང་ལྗོངས་ཀྱི་སྤྱོད་གཅིག་མའི་ཁ་རས་ཐོན་སྐྱེད་མཁོ་འདོན་ཐད་ཀྱི་སྟོང་ཆ་བསྐངས་ཡོད།

    རང་སྐྱོང་ལྗོངས་སྨན་རྫས་ལྟ་སྐུལ་དོ་དམ་ཅུས་སྨན་བཅོས་ཡོ་བྱད་ཐོ་འགོད་དང་ལྟ་འདོམས་ཁྲུའི་ཁྲུའུ་ཀྲང་ཚེ་རིང་དབྱངས་ཅན་གྱིས་བརྗོད་དོན། 2020ལོའི་ཟླ་2ཚེས་12ཉིན་ནས་དུས་ཡུན་ཟླ་གཉིས་ནང་། བོད་ལྗོངས་བདུད་རྩི་རྟགས་ཅན་སྨན་བཅོས་ཡོ་བྱད་ཚད་ཡོད་ཀུང་སིས་རེ་ཞུ་བྱས་པའི་སྤྱོད་གཅིག་མའི་སྨན་བཅོས་ཁ་རས་ཐོན་རྫས་ཐོ་འགོད་དཔྱད་གཞིའི་ཡིག་ཆ་དང་། ས་གནས་ས་ཐོག་གི་ཆོག་འཐུས་ཞིབ་དཔྱད། དེ་བཞིན་ཐོན་རྫས་ཀྱི་སྤུས་ཚད་ཞིབ་དཔྱད་ཚད་ལེན་བཅས་ལེཌ་སྒྲུབ་བྱས་པ་དང་། ཚེས་13ཉིན་འཕྲལ་སྡོམ་བཀོལ་སྤྱོད་ཀྱི《སྨན་བཅོས་ཡོ་བྱད་ཀྱི་ཐོ་འགོད་ལག་ཁྱེར》དང《ཐོན་སྐྱེད་ཆོག་འཐུས་ལག་ཁྱེར》དངོས་སུ་སྤྲད་པ་རེད།

    ཤེས་རྟོགས་བྱུང་བར་གཞིགས་ན། བདུད་རྩི་རྟགས་ཅན་སྨན་བཅོས་ཡོ་བྱད་ཚད་ཡོད་ཀུང་སིས་ཟླ་4ཚེས་6ཉིན་སྤྱོད་གཅིག་མའི་སྨན་སྤྱོད་ཁ་རས་ཐོན་སྐྱེད་བྱེད་འགོ་བཙུགས་པ་དང་། ཚེས་13ཉིན་ནས་བཟུང་ཀུང་སི་དེས་ཐོན་སྐྱེད་བྱས་པའི་སྤྱོད་གཅིག་མའི་སྨན་སྤྱོད་ཁ་རས་ཕྱོགས་ཡོངས་ནས་ཁྲོམ་རར་བཏོན་ཡོད། སྨན་བཅོས་ཁ་རས་ཁྲོམ་རར་བཏོན་རྗེས་དང་ཐོག་སློབ་གྲྭ་དང་སྨན་བཅོས་སྒྲིག་གཞིར་མཁོ་འདོན་བྱེད་རྒྱུ་དང་། དེ་རྗེས་སླར་ཡར་ཁྲོམ་རའི་ཐོག་མཁོ་འདོན་བྱ་རྒྱུ་རེད།

འགན་འཁུར་རྩོམ་སྒྲིག་པ། ཟླ་བ་ཚེ་རིང་།
010020070840000000000000011100001389981141