བོད་ལྗོངས།
ཁྲེང་ཏུར་བཅའ་སྡོད་བོད་ཀྱི་དོན་གཅོད་ཁྲུའུ་དང་ཁྲེང་ཏུའུ་ཀྲུང་ལུགས་གསོ་རིག་སློབ་ཆེན་ཞོར་གཏོགས་སྨན་ཁང་གིས་སྨན་བཅོས་མཉམ་ལས་ལ་གྲོས་མཐུན་བཞག་པ།

    ཚེས་11ཉིན། ཁྲེང་ཏུར་བཅའ་སྡོད་རང་སྐྱོང་ལྗོངས་མི་དམངས་སྲིད་གཞུང་གི་དོན་གཅོད་ཁྲུའུ(གཤམ་དུ“བོད་ལྗོངས་དོན་གཅོད་ཁྲུའུ”ཞེས་བསྡུ་རྒྱུ)དང་ཁྲེང་ཏུའུ་ཀྲུང་ལུགས་གསོ་རིག་སློབ་ཆེན་ཞོར་གཏོགས་སྨན་ཁང་གིས་སྨན་བཅོས་མཉམ་ལས་ལ་གྲོས་མཐུན་བཞག་པ་རེད།

    ཤེས་རྟོགས་བྱུང་བར་གཞིགས་ན། སྨན་བཅོས་མཉམ་ལས་གྲོས་མཐུན་ལ། ཁྲེང་ཏུའུ་ཀྲུང་ལུགས་གསོ་རིག་སློབ་ཆེན་ཞོར་གཏོགས་སྨན་ཁང་གིས་ཤེས་ལྡན་པ་གསོ་སྐྱོང་དང་། སྨན་བཅོས་ཐོགས་མེད་བགྲོད་ལམ། སྔོན་ལ་ཟབ་སྦྱོང་བྱེད་པ་སོགས་ཀྱི་ཐབས་ལམ་བརྒྱུད། ཁྲེང་ཏུར་བཅའ་སྡོད་བོད་ཀྱི་དོན་གཅོད་ཁྲུའུ་ཡི་སྨན་ཁང་ལ་བོད་ཀྱི་ཀྲུང་ལུགས་གསོ་རིག་གསོ་སྦྱོང་རྟེན་གཞི་ཕྱོགས་ཡོངས་ནས་འཛུགས་རོགས་བྱས་ཏེ། ཀྲུང་ལུགས་སྨན་བཅོས་ཀྱི་ཞབས་འདེགས་ནུས་པ་དང་ཆུ་ཚད་མཐོ་རུ་བཏང་ནས། བོད་ཀྱི་མི་རིགས་ཁག་གི་ལས་བྱེད་པ་དང་མི་དམངས་ཀྱི་སྨན་བཅོས་གནད་དོན་ཐག་གཅོད་སྔར་བས་ཡག་པོ་བྱེད་པ་ཁ་གསལ་བྲིས་ཡོད་པ་རེད།

    ཁྲེང་ཏུའུ་ཀྲུང་ལུགས་གསོ་རིག་སློབ་ཆེན་གྱི་ཞོར་གཏོགས་སྨན་ཁང་གི་འགན་འཁུར་བློ་མཐུན་གྱིས། སླད་ཕྱིན་ཁྲེང་ཏུའུ་ཀྲུང་ལུགས་གསོ་རིག་སློབ་ཆེན་ཞོར་གཏོགས་སྨན་ཁང་གིས་སྨན་བཅོས་དང་། སློབ་ཁྲིད། ཚན་ཞིབ། ཁམས་གསོ། བདེ་སྲུང་། དྲག་སྐྱེད་བཅས“ཕྱོཌ་དྲུག་གཞི་གཅིག”གི་ཀྲུང་ལུགས་སྨན་ཁང་གི་ལེགས་ཆ་གང་ལེགས་སྟོན་ནས་བོད་ཀྱི་འཕྲོད་བསྟེན་བྱ་གཞག་འཕེལ་རྒྱས་ལ་དམིགས་ནས། ཁྲེང་ཏུར་བཅའ་སྡོད་བོད་ཀྱི་དོན་གཅོད་ཁྲུའུ་ཡི་སྨན་ཁང་གིས“ཀ་པ་རིམ་པ་གསུམ་པའི”ནང་དོན་འཛུགས་སྐྱོང་བྱེད་ཤུགས་ཆེ་རུ་གཏོང་རྒྱུར་རྒྱབ་སྐྱོར་བྱས་ཏེ། སྨན་ཁང་བསྒྱུར་ནས་སྨན་བཅོས་བྱེད་པའི་ཐོགས་མེད་བགྲོད་ལམ་ཤར་གཏོང་བྱེད་ཀྱི་ཡིན་ཞེས་བརྗོད་པ་རེད།

    ཁྲེང་ཏུར་བཅའ་སྡོད་བོད་ཀྱི་དོན་གཅོད་ཁྲུའུ་ཡི་སྨན་ཁང་གི་འགན་འཁུར་བློ་མཐུན་གྱིས། ཁྲེང་ཏུར་བཅའ་སྡོད་བོད་ཀྱི་དོན་གཅོད་ཁྲུའུ་ཡི་སྨན་ཁང་གིས་ཁྲེང་ཏུའུ་ཀྲུང་ལུགས་གསོ་རིག་སློབ་ཆེན་ཞོར་གཏོགས་སྨན་ཁང་གི་མཛུབ་ཁྲིད་འོག“ཀྲུང་གོའི་ས་མཐོའི་ནད་རིགས་སྨན་ཁང་རྩེ་གྲ”འཛུགས་རྒྱུའི་འབད་འཐབ་དམིགས་ཚད་ལ་དམིགས་ནས། སློབ་སྦྱོང་དང་སྤེལ་རེས་བྱེད་ཤུགས་དང་ཤེས་ལྡན་པ་གསོ་སྐྱོང་བྱེད་ཤུགས་ཆེ་རུ་བཏང་ནས་ཀྲུང་ལུགས་གསོ་རིག་གི་རིག་ཚན་འཛུགས་སྐྱོང་འཕེལ་རྒྱས་ལ་ནུས་ཤུགས་ཡོད་རྒུས་སྐུལ་འདེད་བཏང་སྟེ། སྨན་བཅོས་ཆུ་ཚད་སྔར་བས་མཐོན་པོར་བརྟེན་ནས་བོད་ཀྱི་མི་རིགས་ཁག་གི་ལས་བྱེད་པ་དང་མང་ཚོགས་ལ་ཆེད་ལས་དང་ཕྱོགས་ཡོངས་ཀྱི་སྨན་བཅོས་ཞབས་འདེགས་མཁོ་འདོན་བྱེད་ཀྱི་ཡིན་ཞེས་བརྗོད་པ་རེད།

    གྲོས་མཐུན་འཇོག་པའི་མཛད་སྒོར་ཁྲེང་ཏུའུ་ཀྲུང་ལུགས་གསོ་རིག་སློབ་ཆེན་ཞོར་གཏོགས་སྨན་ཁང་གིས་ཁྲེང་ཏུར་བཅའ་སྡོད་བོད་ཀྱི་དོན་གཅོད་ཁྲུའུ་ཡི་སྨན་ཁང་ལ་སྨན་བཅོས་ཚོགས་པའི་སྨན་ཁང་གི་མིང་བྱང་སྤྲད་པ་རེད།

འགན་འཁུར་རྩོམ་སྒྲིག་པ། ཟླ་བ་ཚེ་རིང་།
010020070840000000000000011100001390559301