བོད་ལྗོངས།
བོད་རང་སྐྱོང་ལྗོངས་ཀྱིས་བོད་ལུགས་གསོ་རིག་དང་བོད་སྨན་རྒྱུན་འཛིན་དང་གསར་གཏོད་འཕེལ་རྒྱས་ལ་ཆེད་དོན་ཞིབ་འཇུག་བྱས་པ།

    ཚེས་18ཉིན། རང་སྐྱོང་ལྗོངས་སྲིད་གཞུང་གིས་ཆེད་དོན་ཚོགས་འདུ་འཚོགས་ནས《རང་ལྗོངས་ཀྱི་བོད་ལུགས་གསོ་རིག་དང་བོད་སྨན་རྒྱུན་འཛིན་དང་གསར་གཏོད་འཕེལ་རྒྱས་ལ་སྐུལ་འདེད་གཏོང་རྒྱུའི་སྐོར་གྱི་ལག་བསྟར་ཇུས་གཞི》དང“རྩེར་སོན་བཞི” “འཆར་འགོད་གཉིས”བཅས་ཀྱི་འཛུགས་སྐྲུན་དོན་ཚན་ལ་ཞིབ་འཇུག་གྲོས་ཞིབ་བྱས་པ་དང་འབྲེལ་ཡོད་གནས་ཚུལ་གྱི་སྙན་ཞུ་གསན་པ་མ་ཟད། གོམ་སྟབས་རྗེས་མའི་ལས་དོན་ལ་ཞིབ་འཇུག་བཀོད་སྒྲིག་ཀྱང་གནང་བ་རེད།

    རང་སྐྱོང་ལྗོངས་ཀྱི་ཀྲུའུ་ཞི་གཞོན་པ་ལུའོ་མེས་ཚོགས་འདུ་གཙོ་སྐྱོང་གནང་བ་དང་འབྲེལ་གསུང་བཤད་ཀྱང་གནང་བ་རེད།

    ཚོགས་འདུའི་ཐོག་བླང་བྱ་བཏོན་དོན། རིམ་པ་ཁག་དང་སྡེ་ཚན་ཁག་གིས་ཆབ་སྲིད་ཀྱི་ཚུགས་གནས་སྔར་བས་མཐོ་རུ་གཏོང་བ་དང་བསམ་བློའི་ངོས་འཛིན་གཅིག་གྱུར་བྱས་ཏེ། འགན་འཁྲི་ཁ་གསལ་དང་། ལས་འགན་དབྱེ་འབྱེད། བྱེད་ཐབས་ཞིབ་ཚགས་བཅས་བཟོས་ནས་ངོ་བོ་གཏན་འཁེལ་དང་། གྲངས་ཚད་གཏན་འཁེལ། མི་སྣ་གཏན་འཁེལ་བཅས་བྱེད་པའི་ཁར། སྔར་ལས་ཡངས་པའི་མཐོང་རྒྱ་དང་སྒྱུར་བཅོས་གསར་གཏོད་ཀྱི་བསམ་བློར་བརྟེན་ནས“རྩེར་སོན་བཞི”དང“འཆར་འགོད་གཉིས”འཛུགས་སྐྲུན་ལ་སྤྱི་འདོམས་སྐུལ་འདེད་གཏོང་བའི་ལས་དོན་ཁག་དོན་ཐོག་ཏུ་འཁྱོལ་བ་དང་། བོད་ལུགས་གསོ་རིག་དང་བོད་སྨན་རྒྱུན་འཛིན་དང་གསར་གཏོད་འཕེལ་རྒྱས་ཀྱི་མཉམ་ཤུགས་ཆེན་པོ་ཞིག་ཆགས་པར་བྱས་ཏེ། བོད་ལུགས་གསོ་རིག་དང་བོད་སྨན་གྱི་ཞབས་ཞུས་ལྗོངས་ཡོངས་དང་ཐ་ན་རྒྱལ་ཡོངས་མི་རིགས་ཁག་གི་མི་དམངས་མང་ཚོགས་ལ་ཕན་པ་ཐོབ་པར་བྱེད་དགོས།

འགན་འཁུར་རྩོམ་སྒྲིག་པ། བསྟན་ནོར།

ཤིན་ཧྭ་དྲ་བ་མ་རྐང་ཚད་ཡོད་ཀུང་སིའི་བོད་ལྗོངས་ཡན་ལག་ཀུང་སི། ཤིན་ཧྭ་དྲ་བའི་བོད་ལྗོངས་འཕྲིན་ལམ། ཞལ་པར་ཨང་གྲངས། ༠༨༩༡--༦༢༨༢༥༢༡

Copyright @ 2000-2020 XINHUANET.com All Rights Reserved.

འདི་ག་དྲ་ཚུགས་ཐོག་བཀོད་པའི་ཤིན་ཧྭ་གསར་འགྱུར་ཁང་དང་ཤིན་ཧྭ་དྲ་བའི་གསར་འགྱུར། ཆ་འཕྲིན། དེ་བཞིན་ཆེད་སྒྲིག་སོགས་ཀྱི་ཡིག་ཆ་ཚང་མའི་བདག་དབང་ཤིན་ཧྭ་གསར་འགྱུར་ཁང་ལ་བདག་པས་གན་རྒྱ་དང་དབང་ཆ་སྤྲད་མེད་ཚེ་རང་དགར་ཕབ་སྤྱོད་བྱེད་མི་ཆོག

010020070840000000000000011100001391576491