བོད་ལྗོངས།
ཟླ་དང་པོ་ནས་ལྔ་པའི་བར་རང་ལྗོངས་ཀྱི་བོད་སྨན་ཐོན་ལས་འཕེལ་རྒྱས་ཀྱི་རྣམ་པ་བཟང་བ།

    གསར་འགོད་པར་རང་སྐྱོང་ལྗོངས་དཔལ་འབྱོར་དང་ཆ་འཕྲིན་ཅན་ཐིང་ནས་ཤེས་རྟོགས་བྱུང་བར། ཟླ་དང་པོ་ནས་ལྔ་པའི་བར། རང་ལྗོངས་ཀྱི་གཞི་ཁྱོན་ལྡན་པ་ཡན་གྱི་སྨན་བཅོས་བཟོ་ལས་ཁེ་ལས་12ཀྱི་བཟོ་ལས་ཀྱི་ཐོན་སྐྱེད་རིན་ཐང་བསྡོམས་འབོར་སྒོར་དུང་ཕྱུར་6.99ཟིན་པ་དེ་དུས་མཚུངས་ལས་40%འཕར་བ་དང་། ཟླ་གོང་མའི་དུས་མཚུངས་ལས་30%འཕར་ཡོད། དེའི་ནང་ནས་བོད་ལྗོངས་བདུད་རྩི་རྟགས་ཅན་བོད་སྨན་མ་རྐང་ཚད་ཡོད་ཀུང་སི་དང་། བོད་ལྗོངས་གསོ་རིག་སློབ་གླིང་བོད་སྨན་ཚད་ཡོད་ཀུང་སི། བོད་ལྗོངས་གཉའ་ནང་ལྷ་སྤྲེལ་སྨན་རྫས་ཚད་ཡོད་འགན་འཁྲི་ཀུང་སི། བོད་ལྗོངས་གཙང་ནོར་སྨན་རྫས་ཚད་ཡོད་ཀུང་སི། བོད་ལྗོངས་ནོར་བདེ་ཁང་སྨན་རྫས་མ་རྐང་ཚད་ཡོད་ཀུང་སི་བཅས་ཀུང་སི་5ཡི་ཁེ་ལས་ཀྱི་བཟོ་ལས་ཀྱི་ཐོན་སྐྱེད་རིན་ཐང་བསྡོམས་འབོར་དུས་མཚུངས་ལས་འཕར་ཚད་40%ཡན་ཟིན་ཡོད། བོད་ལྗོངས་ཆེས་བྲིན་བོད་སྨན་མ་རྐང་ཚད་ཡོད་ཀུང་སི་དང་། བོད་ལྗོངས་ནོར་བདེ་ཁང་སྨན་རྫས་མ་རྐང་ཚད་ཡོད་ཀུང་སི་བོད་ལྗོངས་བདུད་རྩི་རྟགས་ཅན་བོད་སྨན་ཚད་ཡོད་ཀུང་སི་བཅས་ཀྱི་ཐོན་སྐྱེད་རིན་ཐང་སྒོར་ཁྲི་9964(དུས་མཚུངས་ལས་76%འཕར་བ)ཟིན་པ་དང་། ཁེ་ལས་གསུམ་པོས་ལྗོངས་ཡོངས་ཀྱི་གཞི་ཁྱོན་ལྡན་པ་ཡན་གྱི་སྨན་བཅོས་བཟོ་ལས་ཀྱི་ཐོན་སྐྱེད་རིན་ཐང་བསྡོམས་འབོར་གྱི་33%དང་། 27% 14%བཅས་ཁག་སོ་སོར་ཟིན་ཡོད། སྤྱིའི་ཆ་ནས་བལྟས་ཚེ། སྨན་བཅོས(རིམས་འགོག)ཐོན་རྫས་རིགས་ཀྱི་ཁྲོམ་རའི་དགོས་མཁོ་ཆེ་རུ་སོང་བ་དང་བསྟུན་ནས་ལྗོངས་ཡོངས་ཀྱི་སྨན་བཅོས་བཟོ་ལས་ཀྱིས་ཐོན་འབོར་མང་བའི་ཐོན་སྐྱེད་བྱ་རྒྱུ་རྒྱུན་འཁྱོངས་དང་འགན་ལེན་བྱེད་བཞིན་ཡོད།

འགན་འཁུར་རྩོམ་སྒྲིག་པ། བསྟན་ནོར།

ཤིན་ཧྭ་དྲ་བ་མ་རྐང་ཚད་ཡོད་ཀུང་སིའི་བོད་ལྗོངས་ཡན་ལག་ཀུང་སི། ཤིན་ཧྭ་དྲ་བའི་བོད་ལྗོངས་འཕྲིན་ལམ། ཞལ་པར་ཨང་གྲངས། ༠༨༩༡--༦༢༨༢༥༢༡

Copyright @ 2000-2020 XINHUANET.com All Rights Reserved.

འདི་ག་དྲ་ཚུགས་ཐོག་བཀོད་པའི་ཤིན་ཧྭ་གསར་འགྱུར་ཁང་དང་ཤིན་ཧྭ་དྲ་བའི་གསར་འགྱུར། ཆ་འཕྲིན། དེ་བཞིན་ཆེད་སྒྲིག་སོགས་ཀྱི་ཡིག་ཆ་ཚང་མའི་བདག་དབང་ཤིན་ཧྭ་གསར་འགྱུར་ཁང་ལ་བདག་པས་གན་རྒྱ་དང་དབང་ཆ་སྤྲད་མེད་ཚེ་རང་དགར་ཕབ་སྤྱོད་བྱེད་མི་ཆོག

010020070840000000000000011100001391630851