བོད་ལྗོངས།
བོད་ལྗོངས་ཀྱིས་སྨན་ཁང་གི་འགོ་ནད་སྔོན་འགོག་དང་ཚོད་འཛིན་གྱི་མངོན་མེད་རྐྱེན་ངན་གྲལ་བཤེར་ཆེ་མོ་བྱས་པ།

    བོད་ལྗོངས་ཀྱི་སྨན་བཅོས་སྒྲིག་གཞིས་སྨན་ཁང་གི་འགོ་ནད་སྔོན་འགོག་དང་ཚོད་འཛིན་གྱི་བྱེད་ཐབས་སྔར་བས་དོན་འཁྱོལ་བྱ་ཆེད། ཉེ་ཆར།2020ལོའི་རང་སྐྱོང་ལྗོངས་ཀྱི་སྨན་ཁང་གི་འགོ་ནད་སྔོན་འགོག་དང་ཚོད་འཛིན་གྱི་མངོན་མེད་རྐྱེན་ངན་གྲལ་བཤེར་ཆེ་མོའི་ལྟ་ཞིབ་པའི་གསོ་སྦྱོང་ལྷ་སར་བྱས་པ་རེད།

    ད་ཐེངས་ཀྱི་གསོ་སྦྱོང་ནང་རྒྱལ་ནང་གི་འབྲེལ་ཡོད་རིགས་གཅིག་མཁས་ཅན་གདན་དྲངས་ཏེ། སྨན་ཁང་གི་འགོ་ནད་སྔོན་འགོག་དང་ཚོད་འཛིན་ལས་དོན་གྱི་ནང་དོན་འགྲེལ་བཤད་བརྒྱབ་པ་དང་ཆབས་ཅིག གྲལ་བཤེར་ཆེ་མོའི་ལྟ་ཞིབ་པ་སྒྲིག་འཛུགས་ཀྱིས་རང་སྐྱོང་ལྗོངས་མི་དམངས་སྨན་ཁང་གསུམ་པར་བསྐྱོད་དེ་སྨན་ཁང་གི་ཚ་རྒྱས་སྒོ་བསྟེན་སྨན་བཅོས་བཀོད་སྒྲིག་དང་ཉིང་སྐྱུར་བརྟག་དཔྱད་ཚོད་ལྟ་ཁང་སོགས་སྐྲུན་ཚུལ་ལ་ལྟ་སྐོར་དང་སློབ་སྦྱོང་བྱས་པ་རེད།

    ཤེས་རྟོགས་བྱུང་བར་གཞིགས་ན། 2020ལོའི་སྨན་ཁང་གི་འགོ་ནད་སྔོན་འགོག་དང་ཚོད་འཛིན་གྱི་མངོན་མེད་རྐྱེན་ངན་གྲལ་བཤེར་ཆེ་མོའི་ལྟ་ཞིབ་པ་ནི་ལྗོངས་ཡོངས་ཀྱི་རིམ་ཁག་འཕྲོད་བསྟེན་བདེ་ཐང་ཨུ་ལྷན་གྱི་ཀྲུའུ་རེན་དང་སྨན་ཁང་གི་འགོ་ནད་རིགས་གཅིག་མཁས་ཅན་ལས་གྲུབ་པ་དང་ཁྱོན་ཚོགས་ཆུང་8ཡོད་ཅིང་། ཟླ་11ཚེས་13ཉིན་ནས་བཟུང་ལྗོངས་ཡོངས་ཀྱི་གྲོང་ཁྱེར(ས་ཁུལ)ཁག་ཏུ་བསྐྱོད་དེ་འབྲེལ་ཡོད་གྲལ་བཤེར་ཆེ་མོ་དང་ལྟ་ཞིབ་ཀྱི་ལས་དོན་སྤེལ་བ་རེད། ད་ཐེངས་ཀྱི་གྲལ་བཤེར་ཆེ་མོའི་ལྟ་ཞིབ་ཁྱབ་ཁོངས་ནི་ལྗོངས་ཡོངས་ཀྱི་རྫོང་རིམ་པ་ཡན་གྱི་ཕྱོགས་བསྡུས་སྨན་ཁང་དང་། རིམ་གསུམ་སྨན་ཁང་། མཐའ་མཚམས་རྫོང་གི་སྨན་ཁང་། འགག་སྒོའི་སྨན་ཁང་། དེ་བཞིན་གཙོ་གནད་རིམ་པ་གཉིས་པའི་ཕྱོགས་བསྡུས་སྨན་ཁང་བཅས་ཡིན་པ་མ་ཟད། རང་ལྗོངས་ཀྱི་སྤྱི་ཚོགས་ཐོག་གཉེར་བའི་སྨན་ཁང་ཁག་གཅིག་ལའང་འཐེན་བཤེར་དང་གྲལ་བཤེར་བྱ་རྒྱུ་རེད། ལྟ་ཞིབ་ནང་དོན་ཁྲོད་གྲལ་བཤེར་གྱི་གཙོ་གནད་དང་། ནད་ཁུལ་དོ་དམ། སྨན་དོན་མི་སྣའི་འགོག་སྲུང་དང་བྱ་སྤྱོད་ཀྱི་ཚད་གཞི། ནད་པ་དང་ནད་གཡོག་གི་འགོག་སྲུང་། སྨན་བཅོས་ཟོག་རོ་དོ་དམ། ཁོར་ཡུག་གཙང་སྦྲ་དུག་སེལ་སོགས་ཚུད་ཡོད་ལ། གྲལ་བཤེར་གྱི་གཞི་རྩའི་གནས་ཚུལ་དང་། ཤེས་རྟོགས་ཐུབ་པའི་གནད་དོན། དག་ཐེར་གྱི་གྲོས་འགོ་སོགས་གཅིག་གྱུར་གྱི་ལྟ་ཞིབ་སྙན་ཞུའང་གྲུབ་པར་བྱ་རྒྱུ་རེད།

(འགན་འཁུར་རྩོམ་སྒྲིག་པ། ཟླ་བ་ཚེ་རིང་།)

ཤིན་ཧྭ་དྲ་བ་མ་རྐང་ཚད་ཡོད་ཀུང་སིའི་བོད་ལྗོངས་ཡན་ལག་ཀུང་སི། ཤིན་ཧྭ་དྲ་བའི་བོད་ལྗོངས་འཕྲིན་ལམ། ཞལ་པར་ཨང་གྲངས། ༠༨༩༡--༦༢༨༢༥༢༡

Copyright @ 2000-2020 XINHUANET.com All Rights Reserved.

འདི་ག་དྲ་ཚུགས་ཐོག་བཀོད་པའི་ཤིན་ཧྭ་གསར་འགྱུར་ཁང་དང་ཤིན་ཧྭ་དྲ་བའི་གསར་འགྱུར། ཆ་འཕྲིན། དེ་བཞིན་ཆེད་སྒྲིག་སོགས་ཀྱི་ཡིག་ཆ་ཚང་མའི་བདག་དབང་ཤིན་ཧྭ་གསར་འགྱུར་ཁང་ལ་བདག་པས་གན་རྒྱ་དང་དབང་ཆ་སྤྲད་མེད་ཚེ་རང་དགར་ཕབ་སྤྱོད་བྱེད་མི་ཆོག

010020070840000000000000011100001395416051