གསར་འགྱུར་ལྟེ་གནས། ནོར་སྲིད་ཁྲིམས་ལུགས། སྤྱི་ཚོགས་དམངས་འཚོ། ཚན་རྩལ་སློབ་གསོ། རིག་གནས་སྒྱུ་རྩལ། ཞིང་འབྲོག་གསར་པ།
སྣོད་བཅུད་ཡུལ་སྐོར། དམངས་སྲོལ་ཆོས་ལུཊ། དམིཊ་བསལ་ཆེད་སྒྲིག གནའ་དེང་མི་སྣ། བོད་སྐྱོར་ལས་དོན། གསོ་རིག་བོད་སྨན།
  • ༄༅།། ལོ་ ལྔ་ ཚན་ བཅུ་ གསུམ་ པའི འགོ་ ཡག་ པོ་ འཛུགས་ པ་ དང་ གོམ་ སྟབས་ ཡག་ པོ་ སྤོ་ ཆེད་ སྟོབས་ ཤུགས་ ཆེན་ པོ་ གཅིག་ ཏུ་ བསྒྲིལ་ དགོས།

 
2016-01-26        གསར་འགྱུར་འབྱུང་ཁུངས། ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།        འགན་འཁུར་རྩོམ་སྒྲིག་པ། ཟླ་བ་ཚེ་རིང་།

    —— རང་སྐྱོང་ལྗོངས་སྲིད་གྲོས་སྐབས་བཅུ་པའི་ཚོགས་འདུ་ཐེངས་བཞི་པ་འཚོགས་པར་སྤྲོ་སེམས་འཁོལ་བའི་ངང་བཀྲ་ཤིས་བདེ་ལེགས་ཞུ།

    དཔྱིད་གསར་དུས་ཆེན་འཆར་ཉེར་ཡོད་པའི་སྐབས་འདིར་ཚོགས་ཆེན་གཟབ་རྒྱས་འཚོགས་པ་དང་སྐབས་འཁེལ། དེ་རིང་རང་སྐྱོང་ལྗོངས་སྲིད་གྲོས་སྐབས་བཅུ་པའི་ཚོགས་འདུ་ཐེངས་བཞི་པ་གཟབ་རྒྱས་ངང་འཚོགས་པ་དང་ལྗོངས་ཡོངས་ཀྱི་ས་གནས་ཁག་ནས་ཕེབས་པའི་སྲིད་གྲོས་ཨུ་ཡོན་ཚོ་ལྷ་སར་འཛོམས་ནས་འཕེལ་རྒྱས་དང་བརྟན་ལྷིང་གི་ཇུས་ཆེན་མཉམ་དུ་འགོད་པ་དང་སྒྱུར་བཅོས་གསར་གཏོད་ལ་ཐབས་ཇུས་བཟང་པོ་འདོན་རྒྱུ་ཡིན་པས། ང་ཚོས་ཚོགས་ཆེན་འཚོགས་པར་སྤྲོ་སེམས་འཁོལ་བའི་ངང་བཀྲ་ཤིས་བདེ་ལེགས་ཞུ།

    ལྗོངས་ཡོངས་ཀྱི་མི་རིགས་ཁག་གི་མི་དམངས་ཀྱི་ཆབ་སྲིད་འཚོ་བའི་ཁྲོད་ཀྱི་དོན་ཆེན་ཞིག་ཡིན་པའི་ངོས་ནས་ད་ཐེངས་ཀྱི་ཚོགས་འདུ་འཚོགས་པ་དེས་རང་ལྗོངས་ཀྱིས་ཏང་གི་ཚོགས་ཆེན་བཅོ་བརྒྱད་པ་དང་སྐབས་བཅོ་བརྒྱད་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་གསུམ་པ་དང་། བཞི་པ། ལྔ་པ་བཅས་ཀྱི་དགོངས་དོན་ལག་བསྟར་དོན་འཁྱོལ་གཏིང་ཟབ་བྱེད་པ་དང་སྤྱི་ཁྱབ་ཧྲུའུ་ཅི་ཞིས་ཅིན་ཕིང་གི་གསུང་བཤད་གལ་ཆེན་རབ་དང་རིམ་པའི་དགོངས་དོན་དང་ལྷག་པར་དུ“རྒྱལ་ཁབ་སྐྱོང་བར་ངེས་པར་དུ་མཐའ་མཚམས་སྐྱོང་བ་དང་མཐའ་མཚམས་སྐྱོང་བར་སྔོན་ལ་བོད་བརྟན་ལྷིང་ཡོང་བ་བྱེད་དགོས་པའི”འཐབ་ཇུས་དགོངས་པ་གལ་ཆེན་སློབ་སྦྱོང་དང་། ལག་བསྟར། དོན་འཁྱོལ་བཅས་དང“མི་རིགས་མཐུན་སྒྲིལ་ལ་ཤུགས་སྣོན་གྱིས་མཛེས་སྡུག་ལྡན་པའི་བོད་ལྗོངས་འཛུགས་སྐྲུན་བྱེད་དགོས་པའི”མཆན་འགོད་མཛུབ་སྟོན་གལ་ཆེན་གནང་བ་ཞིག་ཡིན་པས་ལྗོངས་ཏང་ཨུད་སྐབས་བརྒྱད་པའི་ཨུ་ལྷན་ཚང་འཛོམས་གྲོས་ཚོགས་ཐེངས་བདུན་པ་དང་བརྒྱད་པའི་དགོངས་དོན་སློབ་སྦྱོང་ལག་བསྟར་གཏིང་ཟབ་བྱེད་པ་དང་། རང་ལྗོངས་ཀྱི“ལོ་ལྔ་ཚན་བཅུ་གཉིས་པའི”རིང་གི་ལས་ཀའི་ཉམས་མྱོང་ཕྱོགས་སྡོམ་བྱེད་པ། སླད་ཕྱིན་གྱི་ལས་དོན་བཀོད་སྒྲིག་ཡག་པོ་བྱེད་པ། རང་ལྗོངས་ཀྱི་ཕྱོགས་ཡོངས་ནས་འབྱོར་འབྲིང་སྤྱི་ཚོགས་བསྐྲུན་ཐུབ་པ་བྱེད་པར་སྐུལ་འདེད་ཤུགས་ཆེན་གཏོང་བ་བཅས་ཀྱི་ཐད་དོན་སྙིང་ཧ་ཅང་གལ་ཆེན་ལྡན་ཡོད། དུས་རབས་ཀྱི་འགན་འཁྲི་ལྕི་པོ་དང་ལྗོངས་ཡོངས་ཀྱི་མི་རིགས་ཁག་གི་མི་དམངས་ཀྱི་མངགས་བཅོལ་ལྕི་པོ་ཕྲག་ཏུ་འཁུར་བའི་རྒྱ་ཆེའི་སྲིད་གྲོས་ཨུ་ཡོན་གྱིས་ཚད་མཐོའི་ཆབ་སྲིད་ཀྱི་འགན་འཁྲི་འཁུར་སེམས་དང་སྙིང་སྟོབས་ཆེར་བསྐྱེད་ཀྱི་བསམ་པའི་ཉམས་འགྱུར་ཐོག་ནས་འགན་འཁྲི་ནན་ཏན་ངང་བསྒྲུབས་ཐོག་ད་ཐེངས་ཀྱི་ཚོགས་འདུ་དེ་མཐུན་སྒྲིལ་འབད་འབུངས་དང་མི་སེམས་ལ་སྐུལ་མ་ཐེབས་པའི་ཚོགས་ཆེན་ཞིག་ཏུ་འཚོག་ངེས་ཡིན་པ་ང་ཚོར་ཡིད་ཆེས་ཡོད།

    དམངས་གཙོར་བརྟེན་ནས་ཀུན་གྱི་བློ་གྲོས་བསྡུ། མཐུན་སྒྲིལ་བྱས་ནས་འོད་ཟེར་སྟོང་ལྡན་བཏོད། འདས་མ་ཐག་པའི་2015ལོའི་ནང་རང་སྐྱོང་ལྗོངས་ཏང་ཨུད་དང་སྲིད་གཞུང་གིས་བློ་མཐུན་ཞིས་ཅིན་ཕིང་གིས་སྤྱི་ཁྱབ་ཧྲུའུ་ཅི་གནང་བའི་ཏང་ཀྲུང་དབྱང་གི་མཐའ་མཚམས་སྐྱོང་བ་དང་བོད་བརྟན་ལྷིང་ཡོང་བ་བྱེད་པའི་འཐབ་ཇུས་དགོངས་པ་ལག་བསྟར་དོན་འཁྱོལ་ནན་ཏན་བྱས་ཏེ་ལྗོངས་ཡོངས་ཀྱི་མི་རིགས་ཁག་གི་ལས་བྱེད་པ་དང་མང་ཚོགས་ལ་མཐུན་སྒྲིལ་དང་སྣེ་ཁྲིད་ནས་ཀྲུང་གོའི་ཁྱད་ཆོས་དང་བོད་ཀྱི་དམིགས་བསལ་ཁྱད་ཆོས་ལྡན་པའི་འཕེལ་རྒྱས་ལམ་བུའི་ཐོག་བློ་བརྟན་འགྱུར་མེད་ངང་བསྐྱོད་ཐོག་འཕར་རྒྱུ་བརྟན་པོ་དང་། གྲུབ་ཆ་ལེགས་སྒྲིག སྒྱུར་བཅོས་ལ་སྐུལ་གཏོང་། དམངས་འཚོར་ཕན་འདོགས་པ། བརྟན་ལྷིང་འགན་ལེན་བཅས་བྱས་ཏེ་རང་སྐྱོང་ལྗོངས་དབུ་བརྙེས་ནས་ལོ་50འཁོར་བའི་རྟེན་འབྲེལ་བྱེད་སྒོ་གྲུབ་འབྲས་ཐོབ་པའི་ངང་གཉེར་བ་དང་། “4·25”ས་ཡོམ་གྱི་ཡོམ་འགོག་གེགས་སེལ་ལ་ཐག་གཅོད་རང་བཞིན་གྱི་རྒྱལ་ཁ་ནུས་ཤུགས་ཡོད་རྒུས་བླངས་པ། “ནན་གསུམ་དྲང་གསུམ”གྱི་ཆེད་དོན་སློབ་གསོ་ཏན་ཏིག་ངང་སྤེལ་བ། རང་ལྗོངས་ཀྱི“ལོ་ལྔ་ཚན་བཅུ་གསུམ་པའི”དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་ཀྱི་འཆར་འགོད་གྲོས་འགོ་ཚན་རིག་དང་མཐུན་པའི་ངང་བཟོས་པ། ཚན་རིག་དང་མཐུན་པའི་འཕེལ་རྒྱས་དང་། ཞི་མཐུན་བརྟན་ལྷིང་། མི་རིགས་མཐུན་སྒྲིལ། ཆོས་ལུགས་འཆམ་མཐུན། དམངས་འཚོ་ལེགས་གཏོང་། སྣོད་བཅུད་བཟང་བ། ཏང་འཛུགས་སྐྱོང་ལ་ཤུགས་སྣོན་རྒྱག་པ། མཐའ་མཚམས་སྲ་བརྟན་བཅས་ཀྱི་རྣམ་པ་བཟང་པོ་སྲ་བརྟན་དང་འཕེལ་རྒྱས་བཏང་བ། “ལོ་ལྔ་ཚན་བཅུ་གཉིས་པའི”དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་ཀྱི་དམིགས་ཚད་ལས་འགན་ཕུན་སུམ་ཚོགས་པོའི་ངང་ལེགས་སྒྲུབ་བཅས་བྱས་ནས“ལོ་ལྔ་ཚན་བཅུ་གསུམ་པའི”འཆར་འགོད་ལག་བསྟར་བྱས་ཏེ་རྒྱལ་ཡོངས་དང་མཉམ་དུ་ཕྱོགས་ཡོངས་ནས་འབྱོར་འབྲིང་སྤྱི་ཚོགས་བསྐྲུན་ཐུབ་པ་བྱེད་པར་སྲ་ཞིང་བརྟན་པའི་རྨང་གཞི་བཏིང་བ་རེད།

    འདས་ཟིན་པའི་ལོ་གཅིག་ནི་མི་དམངས་སྲིད་གྲོས་ཀྱི་བྱ་གཞག་དུས་བསྟུན་འཕེལ་རྒྱས་དང་། དབྱར་མཚོ་རྒྱས་པ་ལྟར་གོང་འཕེལ་འགྲོ་བའི་ལོ་ཞིག་ཡིན་ལ་ལས་དོན་ཁག་ལ་གྲུབ་འབྲས་ཆེན་པོ་ཐོབ་པའི་ལོ་ཞིག་ཀྱང་ཡིན། ལོ་གཅིག་རིང་། རང་སྐྱོང་ལྗོངས་སྲིད་གྲོས་ཀྱིས་ཐོག་མཐའ་བར་གསུམ་དུ་ཀྲུང་གོ་གུང་ཁྲན་ཏང་གིས་འགོ་ཁྲིད་གནང་བའི་ཏང་མང་མཉམ་ལས་དང་ཆབ་སྲིད་གྲོས་མོལ་ལམ་ལུགས་མཐའ་འཁྱོངས་ཀྱིས་རྒྱལ་གཅེས་རིང་ལུགས་དང་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་ཀྱི་རླབས་ཆེན་དར་ཆ་མཐོན་པོར་བསྒྲེངས་བ་དང་། མཐུན་སྒྲིལ་དང་དམངས་གཙོའི་བརྗོད་བྱ་གཙོ་བོ་ཆེན་པོ་གཉིས་ཁོང་དུ་བརྟན་པོ་ཆུད་པ། ལྟེ་བར་དམིགས་པ་དང་། སྤྱི་ཡོངས་ལ་ཞབས་ཞུ། ཀུན་སེམས་གཅིག་སྒྲིལ། ཇུས་ཤུགས་མཉམ་འདོན་བཅས་ཀྱི་སྒོ་ནས་ལས་འགན་ཁག་བདེ་བླག་ངང་ལེགས་སྒྲུབ་བྱས་ཡོད། ལོ་གཅིག་ནང་རང་སྐྱོང་ལྗོངས་སྲིད་གྲོས་ཀྱིས་སློབ་སྦྱོང་སློབ་གསོ་གཏིང་ཟབ་ཏུ་བཏང་སྟེ་རྒྱལ་གཅེས་རིང་ལུགས་དང་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་དེ་ཉིད་ཐུན་མོང་གི་བསམ་བློའི་ཆབ་སྲིད་རྨང་གཞི་སྲ་བརྟན་དུ་གཏོང་རྒྱུའི་གཙོ་རྐང་དུ་བརྩི་རྒྱུ་མཐའ་འཁྱོངས་བྱེད་པ་དང་། ལས་འགན་ཨང་དང་པོ་བློ་ལ་བརྟན་པོར་ངེས་ཏེ་བོད་འཕེལ་རྒྱས་མྱུར་པོ་ཡོང་བར་ནུས་ཤུགས་ཡོད་རྒུས་སྐུལ་འདེད་གཏོང་བ། ཆབ་སྲིད་འགན་འཁྲི་སྒྲུབ་པ། ཞི་མཐུན་བརྟན་ལྷིང་སྲུང་སྐྱོང་བྱེད་པ། ཡུན་རིང་བདེ་འཁོད་ལ་སྐུལ་འདེད་གཏོང་བ། སྒྱུར་བཅོས་གསར་གཏོད་མཐའ་འཁྱོངས་ཀྱིས་ཆབ་སྲིད་གྲོས་མོལ་གྱི་དམངས་གཙོ་འཛུགས་སྐྱོང་ལ་ཧུར་བརྩོན་དང་བརྟན་པོའི་ངང་སྐུལ་འདེད་གཏོང་བ། དམངས་ལ་ཞབས་འདེགས་ཞུ་བའི་དགོངས་དོན་ལག་བསྟར་བྱེད་པ། དམངས་འཚོ་འགན་ལེན་དང་ལེགས་སུ་གཏོང་བ་བཅས་བྱེད་པ། སྤྱི་འདོམས་དང་གཅིག་ལྕོགས་ལྟ་རྟོག་བྱས་ཏེ་རྒྱུན་གཏན་གྱི་ལས་ཀར་སྐུལ་འདེད་ཏན་ཏིག་གཏོང་བ། རང་ངོས་འཛུགས་སྐྱོང་ལ་ཤུགས་སྣོན་དང་ལས་འགན་གཙང་སྒྲུབ་ཀྱི་ཆུ་ཚད་མཐོ་རུ་གཏོང་བ་བཅས་བྱས་ཡོད། རང་ལྗོངས་སུ་ཕྱོགས་ཡོངས་ནས་འབྱོར་འབྲིང་སྤྱི་ཚོགས་བསྐྲུན་ཐུབ་པ་བྱེད་པའི་རླབས་ཆེན་གྱི་རྒྱང་སྐྱོད་ལམ་བུའི་ཁྲོད་མི་དམངས་སྲིད་གྲོས་ཀྱི་ནུས་པ་འདོན་ས་མང་བ་དང་མདུན་ལམ་ཆེན་པོ་ཡོད་པ་ལག་ལེན་ཁྲོད་ནས་ར་འཕྲོད་བྱུང་ཡོད།

    2016ལོ་ནི་རང་ལྗོངས་ཀྱིས“ལོ་ལྔ་ཚན་བཅུ་གསུམ་པའི”འཕེལ་རྒྱས་ཀྱི་རྒྱང་སྐྱོད་ལམ་བུ་འགོ་ཚུགས་པ་དང་ཕྱོགས་ཡོངས་ནས་འབྱོར་འབྲིང་སྤྱི་ཚོགས་སྐྲུན་ཐུབ་པ་བྱེད་པའི་རྒྱལ་ཁ་ཕུ་ཐག་གཅོད་པའི་དུས་མཚམས་སུ་སླེབས་པའི་འགོ་འཛུགས་ལོ་ཞིག་དང་། ཀྲུང་དབྱང་གི་བོད་ཀྱི་ལས་དོན་སྐོར་གྱི་བཞུགས་མོལ་ཚོགས་འདུ་ཐེངས་དྲུག་པ་དང་ལྗོངས་ཏང་ཨུད་སྐབས་བརྒྱད་པའི་ཨུ་ཡོན་ཚང་འཛོམས་གྲོས་ཚོགས་ཐེངས་བརྒྱད་པའི་དགོངས་དོན་དོན་འཁྱོལ་བྱེད་པའི་ལོ་ཞིག དབུལ་སྒྲོལ་འགག་སྒྲོལ་དམག་འཐབ་ལ་རྒྱལ་ཁ་ལེན་པའི་འགག་རྩའི་ལོ་ཞིག་བཅས་ཡིན་པས་ལས་འགན་གཟི་བརྗིད་ཆེ་ལ་འགན་འཁྲི་ཧ་ཅང་ལྕི་པོ་ཡིན། དུས་བབ་གསར་པ་དང་ལས་འགན་གསར་པས་སྲིད་གྲོས་ཀྱི་ལས་ཀར་དེ་བས་མཐོ་བའི་བླང་བྱ་གསར་པ་བཏོན་ཡོད་ལ། མི་དམངས་སྲིད་གྲོས་ཀྱི་བྱ་གཞག་འཕེལ་རྒྱས་ལ་དེ་བས་རྒྱ་ཆེ་བའི་གར་སྟེགས་བསྐྲུན་ཡོད། རང་ལྗོངས་ཀྱི་རྒྱ་ཆེའི་སྲིད་གྲོས་ཀྱི་ཨུ་ཡོན་ཚོས་ཚོགས་འདུའི་རིང་། འགན་འཁྲི་གཙང་སྒྲུབ་བྱས་ཏེ“ལོ་ལྔ་ཚན་བཅུ་གསུམ་པའི”འཆར་འགོད་དོན་འཁྱོལ་དང་གནད་སྨིན་དབུལ་སྐྱོར་ལ་སྐུལ་འདེད་གཏོང་རྒྱུ་སོགས་ལ་དམ་པོར་དམིགས་ནས་གང་བསམ་ལྷུག་གླེང་དང་བློ་གྲོས་དང་སྟོབས་ཤུགས་ལེགས་སྐྱེས་སུ་འབུལ་བ་དང་། གསར་གཏོད་དང་། མཐུན་སྦྱོར། ལྗང་མདོག སྒོ་དབྱེ། མཉམ་སྤྱོད་བཅས་ཀྱི་འཕེལ་རྒྱས་ཀྱི་འདུ་ཤེས་མཛུབ་ཁྲིད་དུ་བྱས་ཏེ་རིགས་པའི་གཞུང་ལུགས་དེ་ལག་ལེན་དང་ཟུང་འབྲེལ་བྱེད་པ་དང་སྦྱངས་པ་གོ་ཆོད་མཐའ་འཁྱོངས་བྱས་ཏེ་བརྟག་དཔྱད་ཞིབ་འཇུག་གཏིང་ཟབ་དང་། གྲོས་མོལ་སྲིད་གླེང་། དམངས་གཙོའི་ལྟ་སྐུལ་ལ་ཤུགས་སྣོན་རྒྱག་རྒྱུ་བཅས་མཐའ་འཁྱོངས་ཀྱིས་ལས་འགན་གཙང་སྒྲུབ་ཀྱི་ནུས་པ་ཟམ་མི་ཆད་པར་ཆེ་རུ་བཏང་ནས་རང་ལྗོངས་ཀྱི་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་དང་ཡུན་རིང་བདེ་འཁོད་ལ་ནུས་ཤུགས་ཡོད་རྒུས་སྐུལ་འདེད་གཏོང་རྒྱུའི་རེ་བ་ཡོད། མཇུག་ཏུ་ཚོགས་ཆེན་ཐུགས་གྲ་ལེགས་འགྲིག་ཡོང་བའི་སྨོན་འདུན་ཞུ།

མཛའ་འབྲེལ་དྲ་བ།
010020070840000000000000011100001350459941