གསར་འགྱུར་ལྟེ་གནས། ནོར་སྲིད་ཁྲིམས་ལུགས། སྤྱི་ཚོགས་དམངས་འཚོ། ཚན་རྩལ་སློབ་གསོ། རིག་གནས་སྒྱུ་རྩལ། ཞིང་འབྲོག་གསར་པ།
སྣོད་བཅུད་ཡུལ་སྐོར། དམངས་སྲོལ་ཆོས་ལུཊ། དམིཊ་བསལ་ཆེད་སྒྲིག གནའ་དེང་མི་སྣ། བོད་སྐྱོར་ལས་དོན། གསོ་རིག་བོད་སྨན།
  • ༄༅།། འགན་ སྒྲུབ་ ཇུས་ བཏོན་ འཕེལ་ རྒྱས་ གཉེར། དམངས་ ཀྱི་ ཆེད་ དུ་ སྟོབས་ ཤུགས་ སྒྲིལ།

 
2016-01-26        གསར་འགྱུར་འབྱུང་ཁུངས། ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།        འགན་འཁུར་རྩོམ་སྒྲིག་པ། ཟླ་བ་ཚེ་རིང་།

    —— བོད་རང་སྐྱོང་ལྗོངས་སྲིད་གྲོས་སྐབས་བཅུ་པའི་ལས་དོན་སྐོར་གྱི་སྒྲིལ་གླེང་།

    ཏང་གི་ཚོགས་ཆེན་བཅོ་བརྒྱད་པ་འཚོགས་པ་ནས་བཟུང་། བོད་རང་སྐྱོང་ལྗོངས་སྲིད་གྲོས་སྐབས་བཅུ་པའི་མི་དམངས་སྲིད་གྲོས་སྐོར་གྱི་ཏང་ཀྲུང་དབྱང་གི་ཐབས་ཇུས་བཀོད་སྒྲིག་འགངས་ཆེན་ལག་བསྟར་དོན་འཁྱོལ་མཐའ་གཅིག་ཏུ་བྱས་ནས། རྒྱལ་ཡོངས་སྲིད་གྲོས་ཀྱི་སྤྱིའི་བཀོད་སྒྲིག་དང་ལྗོངས་ཏང་ཨུད་ཀྱི་ཞིབ་ཕྲའི་བླང་བྱ་ལག་བསྟར་དོན་འཁྱོལ་བྱས་པ་དང་ཏང་སྲིད་ཀྱི་ལྟེ་བའི་ལས་ཀར་དམིགས་ནས་གསར་འབྱེད་གསར་གཏོད་དང་། དངོས་སྒྲུབ་ཡར་བརྩོན་གྱིས་རང་ལྗོངས་ཀྱི་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་མྱུར་པོ་དང་ཡུན་རིང་བདེ་འཁོད་ཡོང་བར་ནུས་ཤུགས་ཡོད་རྒུས་སྐུལ་འདེད་བཏང་བ་རེད།

    བརྟན་ལྷིང་སྲུང་སྐྱོང་དང་འཕེལ་རྒྱས་ལ་སྐུལ་འདེད་བཏང་བ།

    ལོ་གཉིས་ལྷག་ཙམ་རིང་། རང་སྐྱོང་ལྗོངས་སྲིད་གྲོས་ཀྱིས་སྤྱི་ཁྱབ་ཧྲུའུ་ཅི་ཞིས་ཅིན་ཕིང་གི“རྒྱལ་ཁབ་སྐྱོང་བར་ངེས་པར་དུ་མཐའ་མཚམས་སྐྱོང་དགོས་པ་དང་མཐའ་མཚམས་སྐྱོང་བར་སྔོན་ལ་བོད་བརྟན་ལྷིང་ཡོང་བ་བྱེད་དགོས་པའི”འཐབ་ཇུས་དགོངས་པ་གལ་ཆེན་ལག་བསྟར་མཐའ་གཅིག་ཏུ་བྱས་པ་དང་བརྟན་ལྷིང་སྲུང་སྐྱོང་བྱ་རྒྱུ་དེ་སྒྲུབ་དགོས་ངེས་ཀྱི་ལས་འགན་དང་ཆབ་སྲིད་འགན་འཁྲི་ཨང་དང་པོར་བརྩི་རྒྱུ་མཐའ་འཁྱོངས་ཀྱིས། མཐུན་སྒྲིལ་ཆེ་མོ་དང་མཉམ་འབྲེལ་ཆེ་མོའི་རྩ་འཛུགས་ཡིན་པའི་སྲིད་གྲོས་ཀྱི་ལེགས་ཆའི་ནུས་པ་བཏོན་ནས་ལས་འགན་གཙང་སྒྲུབ་བྱེད་པའི་ལག་ལེན་ཁྲོད་ཡུན་རིང་བདེ་འཁོད་མངོན་འགྱུར་བྱེད་པའི་དྲང་ནུས་རྒྱ་ཁྱབ་ངང་གཅིག་སྡུད་བྱས་པ་རེད།

    སྐབས་རིམ་བྱུང་གི་སྲིད་གྲོས་ཨུ་ལྷན་ཚང་འཛོམས་གྲོས་ཚོགས་དང་རྒྱུན་ལས་ཨུ་ལྷན་དང་དེ་བཞིན་འབྲེལ་ཡོད་ཚོགས་འདུ་གལ་ཆེན་ཐོག་བརྟན་ལྷིང་སྲུང་སྐྱོང་བྱ་རྒྱུ་དེ་ཚོགས་འདུའི་གྲོས་གཞིར་འཇུག་པའམ་ཡང་ན་གཙོ་གནད་ལས་དོན་ནང་བཅུག་ནས་ཞིབ་འཇུག་བཀོད་སྒྲིག་བྱས་པ་དང་འབྲེལ་ཚོགས་འདུའི་གྲོས་ཆོད་སོགས་ཀྱི་རྣམ་པའི་ཐོག་ནས་སྲིད་གྲོས་ཀྱི་གསུང་སྒྲ་སྒྲོག་པ་དང་། ལངས་ཕྱོགས་རྣམ་འགྱུར་གསལ་སྟོན་བྱས་པ། སྐུལ་གཏོང་དོན་འཁྱོལ་ལ་དམ་འཛིན་བཅས་བྱས་པ་རེད། ལྗོངས་ཏང་ཨུད་ཀྱི“ཕྱོགས་བཅུའི་ཐད”ཀྱི་བརྟན་ལྷིང་སྲུང་སྐྱོང་བྱེད་ཐབས་ལ་དམ་པོར་དམིགས་ནས་སྤྱི་ཚོགས་བཅོས་སྐྱོང་མ་ལག་གསར་གཏོད་དང་། སྤྱི་ཚོགས་བཅོས་སྐྱོང་ནུས་པ་ཆེ་རུ། དམངས་བདེ་དམངས་ཕན་གྱི་བྱ་བ་ཡག་པོ་སྒྲུབ་པ་བཅས་དང་དགོན་པ་དང་གྲྭ་བཙུན་ལ་ཕན་པའི“དོན་དངོས་ཁག་བཅུར”དམིགས་ནས་བརྟག་ཞིབ་ཐེངས་26བྱས་པར་སྙན་ཞུ་ཁག་26གྲུབ་པ་དང་གྲོས་འགོ་ཁག་192བཏོན་པ་རེད། ཆོས་ལུགས་ལས་རིགས་ཀྱི་ཨུ་ཡོན་ཚོའི་ལེགས་ཆའི་ནུས་པ་བཏོན་ནས་དགོན་སྡེའི“དྲུག་སྐྲུན”དང་། “ཡོད་པ་དགུ”“ཆོས་ལུགས་ལས་དོན་དོ་དམ”སོགས་ལ་དམིགས་ནས་བརྟག་ཞིབ་གཏིང་ཟབ་བྱས་ཏེ་རང་སྐྱོང་ལྗོངས་དང་ཐ་ན་རྒྱལ་ཁབ་རིམ་པར་ཐབས་འདོན་ཇུས་འགོད་བྱས་པ་རེད། ཀྲུའུ་ཞི་གཞོན་པས་ཆོས་ལུགས་ལས་རིགས་ཀྱི་ཨུ་ཡོན་ཚོའི་སྣེ་ཁྲིད་དེ་ཐག་རིང་དགོན་སྡེ་དང་ཤང་དང་གྲོང་ཚོར་ཆོས་འདོན་པ་དང་ཏང་གི་སྲིད་ཇུས་དྲིལ་བསྒྲགས་བྱས་ཏེ་རྒྱ་ཆེའི་གྲྭ་བཙུན་དང་དད་ལྡན་མང་ཚོགས་ཀྱིས་ཏཱ་ལ་སྐྱེ་ཕྲེང་བཅུ་བཞི་པའི་རུ་ཚོགས་དང་དབྱེ་མཚམས་གསལ་པོ་ཕྱེ་ནས་ཆོས་ལུགས་འཆམ་མཐུན་དང་། བསྟན་དོན་ལམ་ལྷོངས། དགོན་སྡེ་ཞི་མཐུན་བཅས་ཡོང་བར་སྐུལ་འདེད་གཏོང་རྒྱུར་སློབ་གསོ་ཁྲིད་སྟོན་བྱས་པ་རེད། ལོ་གཉིས་ལྷག་ཙམ་རིང་རང་སྐྱོང་ལྗོངས་སྲིད་གྲོས་ཀྱིས་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་མྱུར་པོ་ཡོང་བར་སྐུལ་འདེད་གཏོང་བ་དང་ཁྲོན་བོད་བགྲོད་ལམ་ཆེ་མོ་དང་། “རྒྱུད་གཅིག་ལམ་གཅིག”འཐབ་ཇུས་དང་། ནུས་རྒྱུ་གསར་པ། མཐའ་མཚམས་སློབ་གསོ། རིག་དངོས་སྲུང་སྐྱོབ། 《ཁོར་ཡུག་སྲུང་སྐྱོང་བཅའ་ཁྲིམས》གསར་པ་ལག་བསྟར་དོན་འཁྱོལ་བྱེད་པ་སོགས་ཞིབ་འཇུག་བྱ་གཞི་10ལྷག་ཙམ་ལ་དམིགས་ནས་སྲིད་གྲོས་ཀྱི་ལེགས་ཆའི་ཐོན་ཁུངས་གཅིག་སྡུད་ཀྱིས་བརྟག་ཞིབ་བྱས་པ་རེད།

    ཆེད་དོན་སྲིད་གླེང་རང་བཞིན་གྱི་རྒྱུན་ལས་ཨུ་ལྷན་གྱི་ཚོགས་འདུ་ཐེངས་དང་པོ་འཚོགས་ཏེ“སྲུང་ཡོལ་བརྟན་གཏོང་དང་། བགྲོད་ལམ་རྒྱ་ཆེར་གཏོང་བ། རྟེན་གཞི་བརྟན་གཏོང་། དམངས་འཚོར་ཕན་འདོགས་པ། དཔེ་བཟང་གཏོད་པ། འདེགས་སྐྱོར་སྟོབས་ཆེར་གཏོང་བ། སྒུལ་ཤུགས་འཕེལ་བ་བྱེད་པ”བཅས་ལ་དམིགས་ནས་ཐབས་དང་ཇུས་བཏོན་ཏེ“ལོ་ལྔ་ཚན་བཅུ་གསུམ་པའི”འཆར་འགོད་ཚན་རིག་དང་མཐུན་པའི་ངང་བཟོ་ཆེད་ཐབས་ཇུས་དང་ནུས་ཤུགས་བཏོན་ཡོད། རྒྱུན་རྣམ་གསར་པའི་འོག་གི་རང་ལྗོངས་ཀྱི་དཔལ་འབྱོར་འཁོར་རྒྱུག་གི་འགུལ་རྣམ་རང་བཞིན་དང་ཕྱོགས་བསྡུས་རང་བཞིན་ཞིབ་འཇུག་བྱ་རྒྱུར་ཤུགས་སྣོན་བརྒྱབ་ནས《ཚོགས་འདུའི་གསར་འགྱུར་གནད་བསྡུས》དང《སྲིད་གྲོས་ཀྱི་ཆ་འཕྲིན》སོགས་ཐབས་ལམ་བརྒྱུད་སྙན་ཞུ་ཕུལ་བའི་ཨུ་ཡོན་གྱི་བསམ་འཆར་དང་གྲོས་འགོ་ཁག་900ལྷག་ཙམ་ཡོད། སྒྱུར་བཅོས་གཏིང་ཟབ་ཏུ་གཏོང་རྒྱུར་དམིགས་ནས་རང་ལྗོངས་ཀྱི་སྒྱུར་བཅོས་ལས་འགན་ཆེན་པོ་དྲུག་རང་འགུལ་ངང་ཁུར་ཏེ་ལོ་གཉིས་ལྷག་ཙམ་རིང་ལས་དོན་ཚོགས་ཆུང་4བཙུགས་ནས་ཞིང་ཆེན(གྲོང་ཁྱེར)དང་ལྗོངས་ཡོངས་ཀྱི་ས་ཁུལ(གྲོང་ཁྱེར)7ལ་སོ་སོར་བསྐྱོད་དེ་སྲིད་གྲོས་ཀྱི་གྲོས་མོལ་དམངས་གཙོའི་རིགས་པའི་གཞུང་ལུགས་འགངས་ཆེན་དང་ལག་ལེན་གྱི་གནད་དོན་བརྟག་ཞིབ་གཏིང་ཟབ་བྱས་ཏེ་བརྟག་ཞིབ་སྙན་ཞུ་36དང་གནས་ཚུལ་དབྱེ་ཞིབ་དཔྱད་གཞི་ཁག་25སྙན་ཞུ་ཕུལ་བ་དེ་དག་བཟོ་བཅོས་བྱས་ཟིན་པའམ་ཡང་ན་བྱེད་མུས་ཡིན་པ་དང་ལམ་ལུགས་ཁག་6བཟོས་པ་རེད།

    ལས་འགན་གཙང་སྒྲུབ་དང་བྱ་ཐབས་གསར་གཏོད་བྱས་པས་བཀྲག་མདངས་འཚེར་ས་མང་པོ་ཐོན་པ།

    ལོ་གཉིས་ལྷག་ཙམ་རིང་། སྲིད་གླེང་རང་བཞིན་གྱི་རྒྱུན་ལས་ཨུ་ལྷན་གྱི་ཚོགས་འདུ་ཐེངས་1དང་། རིག་གནས་ཐོན་ལས་སོགས་ཆེད་དོན་གྲོས་མོལ་ཚོགས་འདུ་ཐེངས་2གྲོས་མོལ་བཞུགས་མོལ་ཚོགས་འདུ་གཞན་དག་ཐེངས་6བཅས་འཚོགས་པ་དང་སྲིད་གྲོས་ཀྱི་རྒྱུན་ཨུ་90དང་ཨུ་ཡོན་དང་འབྲེལ་ཡོད་རིགས་གཅིག་མཁས་ཅན་དང་མཁས་དབང་500ལྷག་ཙམ་སྒྲིག་འཛུགས་བྱས་ཏེ་གྲོས་མོལ་སྲིད་གླེང་བྱས་པས་སྤྱི་ཡོངས་ཀྱིས་ལས་འགན་གཙང་སྒྲུབ་ཀྱི་རྣམ་པ་ཞིག་ཆགས་ཡོད། གོང་འོག་མཉམ་སྒྲུབ་མཐའ་འཁྱོངས་དང་བོད་དུ་བཅའ་སྡོད་རྒྱལ་ཡོངས་སྲིད་གྲོས་ཀྱི་ཨུ་ཡོན་དང་རང་སྐྱོང་ལྗོངས་དང་། ས་ཁུལ(གྲོང་ཁྱེར)རྫོང(ཆུས)བཅས་ཀྱི་སྲིད་གྲོས་ཀྱི་ཨུ་ཡོན་སྒྲིག་འཛུགས་བྱས་ཏེ་གྲོས་མོལ་དང་། བརྟག་ཞིབ། དམངས་གཙོའི་ལྟ་བསྡུར་སོགས་ཀྱི་ལས་ཀའི་ནང་ཞུགས་སུ་བཅུག་པས“རིམ་བཞིའི་ཨུ་ཡོན”མཉམ་སྒུལ་ངང་ལས་འགན་གཙང་སྒྲུབ་ཀྱི་བཀོད་པ་ཞིག་ཆགས་ཡོད། དམངས་འདོད་མཚོན་པའི་བགྲོད་ལམ་ལྟ་བུ་ཡིན་པའི་ལས་རིགས་ཀྱི་དམིགས་བསལ་ལེགས་ཆ་བཏོན་པ་སྟེ། ལས་རིགས་ཨུ་ཡོན་སྒྲིག་འཛུགས་བྱས་ཏེ་ཆེད་དོན་རྟོག་ཞིབ་ཐེངས་6བྱས་པ་དང་། ཀྲུང་གུང་དང་། སློབ་གསོ། ཚན་རྩལ། རིག་གནས་སོགས་ལས་རིགས་ཀྱི་ཨུ་ཡོན་གྱི་གྲོས་མོལ་བཞུགས་མོལ་ཚོགས་འདུ་ཐེངས་8འཚོགས་ཏེ་བསམ་འཆར་དང་གྲོས་འགོ་200ལྷག་ཙམ་བསྡུ་ལེན་བྱས་པས་ཏང་སྲིད་ཀྱི་ཐབས་ཇུས་ལ་དཔྱད་གཞི་འདོན་ཐུབ་ཡོད།

    རང་ངོས་འཛུགས་སྐྱོང་ལ་ཤུགས་སྣོན་བརྒྱབ་པ།

    ལོ་གཉིས་ལྷག་ཙམ་རིང་། རང་སྐྱོང་ལྗོངས་སྲིད་གྲོས་ཀྱིས་ལྗོངས་ཏང་ཨུད་ཀྱི་འགྱུར་མེད་སྟོབས་ལྡན་གྱི་འགོ་ཁྲིད་འོག་ཏང་གི་མང་ཚོགས་ལམ་ཕྱོགས་ཀྱི་སློབ་གསོ་ལག་ལེན་བྱེད་སྒོ་དང“ནན་གསུམ་དྲང་གསུམ”གྱི་ཆེད་དོན་སློབ་གསོ་གཏིང་ཟབ་བཏང་སྟེ་སྲིད་གྲོས་ཨུ་ཡོན་དང་སྲིད་གྲོས་ལས་ཁུངས་ནང་གི་ཏང་ཡོན་ལས་བྱེད་པའི་ཏང་གཤིས་བློ་སྦྱོང་ལ་བཞུན་བརྡར་བྱས་པས་ཕུགས་བསམ་དད་སེམས་བརྟན་དུ་སོང་བ་དང་། སྤྱི་ཞབས་པའི་འདུ་ཤེས་ཟབ་ཏུ་སོང་བ། ལས་འགན་གཙང་སྒྲུབ་ཀྱི་ནུས་པ་ཆེ་རུ་སོང་བ། ལས་ཀའི་སྤྱོད་ཚུལ་འགྱུར་ལྡོག་ཕྱིན་པ་བཅས་རེད། མིག་སྔར་ལྗོངས་སྲིད་གྲོས་ལས་ཁུངས་ཀྱིས་འབྲེལ་གཏུག་བྱ་ཡུལ་སྟེ། ནག་ཆུ་རྫོང་གི་སྲིད་འཛིན་གྲོང་ཚོ་6ལ་རྨང་བརྟན་དམངས་ཕན་གྱི་གྲོང་ཚོར་བཅའ་སྡོད་ལས་དོན་རུ་མི་ཁག་5དང་མི(ཐེངས)125བཏང་བ་དང་དུད་ཚང་126དང“ཆ་སྒྲིག་གཉེན་འཚོལ་དང་གྲོགས་པོ་བསྒྲིགས”ཏེ“5+2”ཀྱི་ལས་འགན་བསྒྲུབས་པ་དང་དུས་མཚུངས་མ་དངུལ་རང་གྲབས་བྱས་ཏེ་རིག་གནས་བྱེད་སྒོའི་ལྟེ་གནས་སོགས་དམངས་འཚོའི་རྣམ་གྲངས་གསར་སྐྲུན་དང་། རྒྱུད་བཟང་བ་གླང་དང་ཐོན་སྐྱེད་རྒྱུ་ཆ་སོགས་ཉོ་སྒྲུབ། རླངས་འཁོར་དང་། སྨན་བཅོས་སྒྲིག་ཆས། ལུས་རྩལ་སྦྱོང་བརྡར་ཡོ་བྱད་སོགས་སྤྲད་ཡོད།

    གཞན་ཡང་། རང་སྐྱོང་ལྗོངས་ཏང་ཨུད་ཀྱིས་སྲིད་གྲོས་རྩ་འཛུགས་མེད་པའི་རྫོང་44ལ་སྲིད་གྲོས་རྩ་འཛུགས་བཙུགས་པས་ལྗོངས་ཡོངས་སུ་སྲིད་གྲོས་རྩ་འཛུགས་ཁྱོན་ཡོངས་ལ་ཁྱབ་ཐུབ་པ་བྱུང་ཡོད།

    འགོ་འཛུགས་ས་གསར་པའི་ཐོག་ལྗོངས་ཏང་ཨུད་ཀྱིས་སྲིད་གྲོས་ལས་དོན་ལ་དེ་བས་མཐོ་བའི་བླང་བྱ་བཏོན་ཡོད་པས། ང་ཚོས་བློ་མཐུན་ཞིས་ཅིན་ཕིང་གིས་སྤྱི་ཁྱབ་ཧྲུའུ་ཅི་གནང་བའི་ཏང་ཀྲུང་དབྱང་གི་མཐའ་འཁོར་དུ་དེ་བས་མཐུན་སྒྲིལ་དམ་ཟབ་དང་ལྗོངས་ཏང་ཨུད་ཀྱི་འགྱུར་མེད་སྟོབས་ལྡན་གྱི་འགོ་ཁྲིད་འོག་ཀྲུང་དབྱང་གི་དགོངས་དོན་དང་ལྗོངས་ཏང་ཨུད་ཀྱི་ཐབས་ཇུས་བཀོད་སྒྲིག་གལ་ཆེན་སློབ་སྦྱོང་ལག་བསྟར་ནན་ཏན་དང“ཕྱོགས་ཡོངས་བཞིའི”འཐབ་ཇུས་བཀོད་སྒྲིག་དང་བོད་འཕེལ་རྒྱས་མྱུར་པོ་དང་ཡུན་རིང་བདེ་འཁོད་ཀྱི་སྤྱི་ཡོངས་ལ་སྐུལ་འདེད་གཏོང་རྒྱུར་དམ་པོར་དམིགས་ཐོག་ཏང་གི་སྐབས་བཅོ་བརྒྱད་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་ལྔ་པ་དང་། ཀྲུང་དབྱང་གི་བོད་ཀྱི་ལས་དོན་སྐོར་གྱི་བཞུགས་མོལ་ཚོགས་འདུ་ཐེངས་དྲུག་པ། ལྗོངས་ཏང་ཨུད་སྐབས་བརྒྱད་པའི་ཨུ་ལྷན་ཚང་འཛོམས་གྲོས་ཚོགས་ཐེངས་བདུན་པ་སོགས་ཀྱི་དགོངས་དོན་ལག་བསྟར་དོན་འཁྱོལ་བྱ་རྒྱུ་དང་ཟུང་འབྲེལ་བྱས་ནས་སྲིད་གྲོས་ལས་ཀའི་རྣམ་པ་གསར་པ་ཟམ་མི་ཆད་པར་གཏོད་དེ་ཕྱོགས་ཡོངས་ནས་འབྱོར་འབྲིང་སྤྱི་ཚོགས་བསྐྲུན་ཐུབ་པ་བྱེད་པ་དང་ཀྲུང་ཧྭ་མི་རིགས་རླབས་ཆེན་བསྐྱར་དར་གྱི་ཀྲུང་གོའི་ཕུགས་འདུན་མངོན་འགྱུར་ཡོང་ཆེད་བོད་ཀྱི་ལེའུ་རྩོམ་རྒྱུར་འབད་འཐབ་ལྷོད་མེད་བྱེད་དགོས།

མཛའ་འབྲེལ་དྲ་བ།
010020070840000000000000011100001350462091