• ༄༅།། ཁྲིམས་ ལྟར་ བོད་ སྐྱོང་ རྒྱུ་ དེ་ ལོ་ ཆུང་ བྱིས་ པ་ ནས་ དམ་ འཛིན་ བྱེད་ དགོས་ པ།

    • 2016-Jan-26

    • གསར་འགྱུར་འབྱུང་ཁུངས།

    • ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།

    • འགན་འཁུར་རྩོམ་སྒྲིག་པ།

    • ཟླ་བ་ཚེ་རིང་།

  •     རང་སྐྱོང་ལྗོངས་མི་དམངས་འཐུས་ཚོགས་ཀྱི་འཐུས་མི་ནག་ཆུ་ས་ཁུལ་སློབ་གསོ་ལུས་རྩལ་ཅུས་ཏང་ཙུའི་ཧྲུའུ་ཅི་ཝང་ཞོན་ཀྲུང་གིས་རང་ངོས་ཀྱི་ཁྱབ་ཁོངས་དང་ཟུང་འབྲེལ་གྱིས་ཁྲིམས་སྐྱོང་བོད་ལྗོངས་འཛུགས་སྐྲུན་ཐད་རང་ཉིད་ཀྱི་ངོས་འཛིན་གླེང་བ་སྟེ། ཁོང་གིས“ཁྲིམས་སྐྱོང་བོད་ལྗོངས་འཛུགས་སྐྲུན་བྱ་རྒྱུ་ནི་བརྒྱུད་རིམ་ལྡན་པའི་ཕྱོགས་བསྡུས་ལས་གྲྭ་ཞིག་རེད། ལས་དོན་དངོས་ཡག་པོ་སྒྲུབ་པ་ཕུད་ཁྲིམས་སྐྱོང་འདུ་ཤེས་དང་བསམ་བློ་ང་ཚོའི་བུ་ཕྲུག་ཚོར་བརྒྱུད་སྤྲོད་དེ་བས་བྱེད་དགོས། མི་དམངས་འཐུས་ཚོགས་ཀྱི་འཐུས་མི་དང་སློབ་གསོའི་ལས་དོན་པ་ཞིག་ཡིན་པའི་ངོས་ནས་ངས་ཐོག་མཐའ་བར་གསུམ་དུ་ལག་ལེན་དང་འཚོལ་ཞིབ་ཧུར་ཐག་བྱེད་བཞིན་ཡོད”ཅེས་བརྗོད།

        ན་ནིང་གི་ཉིན་ཞིག་ཁོང་དང་ནང་མི་འཆམ་འཆམ་དུ་བསྐྱོད་སྐབས་གློ་བུར་དུ་ལུས་ལ“ཡུས་དབྱིང་སློབ་འབྲིང”གི་སློབ་གོས་གྱོན་པའི་ཕྲུ་གུ་འགའ་ཞིག་གིས་འགྲམ་ནས་སྦག་སྦག་བྱ་འཕུར་བ་ལྟ་བུ་བཏང་ནས་ཕྱིན་པ་དེས་ཁོང་ཧ་ལས་ཧང་སངས་དགོས་པ་བྱུང་ཡོད། ན་སོ་དར་ལ་མ་བབས་པའི་མིས་སྦག་སྦག་བཞོན་པ་མ་ཟད། དེ་ལྟ་བུ་མགྱོགས་པོ་གཏོང་བ་ནི་ཁྲིམས་འགལ་བྱེད་སྤྱོད་ཡིན་པར་དམིགས་ནས་ཁོང་གིས་ཉིན་གཉིས་པར་འཕྲལ་དུ་ས་ཁུལ་དེའི་སློབ་གྲྭ་ཡོངས་ཀྱི་འགན་འཁུར་བ་སྐོང་ནས་ཚོགས་འདུ་འཚོགས་པ་དང་འབྲེལ་འགྲིམ་འགྲུལ་སྡེ་ཚན་དང་མཐུན་སྦྱོར་གྱིས་སློབ་མ་ཚོར་འགྲིམ་འགྲུལ་བདེ་འཇགས་སློབ་ཚན་འཁྲིད་པ་མ་ཟད། ས་ཁུལ་དེ་ཡོངས་ཀྱི་སློབ་གྲྭ་ཚང་མར་བརྡ་ཐོའང་བཏང་བ་རེད། ལྷག་པར་དུ་ཁོང་གཞི་རིམ་དུ་བསྐྱོད་རིམ་བཞིན་ཆ་རྐྱེན་དང་དུས་ཚོད་ཡོད་ཚེ་རྫོང་ཆ་ཚང་སློབ་ཆུང་དང་ཤང་ཆ་ཚང་སློབ་ཆུང་དུ་བསྐྱོད་དེ་དགེ་རྒན་ཚོར་ཁྲིམས་སྐྱོང་སློབ་གསོའི་དཔེ་སྟོན་སློབ་ཚན་འཚོགས་ཀྱི་ཡོད། ལས་རོགས་མང་པོས་ཁོང་གི་བྱེད་སྟངས་ལ་བསམ་ཤེས་མ་ཐུབ་པར“གཤམ་སྐྱོད་ལས་དོན་མ་གཞི་ནས་དཀའ་ལས་ཁག་པོ་ཡོད། ཁྱེད་ལ་ད་དུང་བསམ་བློ་གཞན་གཏོང་ཁོམ་འདུག”ཅེས་བརྗོད་པར། ཁོང་གིས“གཞི་རིམ་གྱི་ཆ་རྐྱེན་ཞན་པ་དང་དགེ་རྒན་མང་པོ་ཞིག་ལ་ཁྲིམས་ལུགས་སློབ་ཚན་འཁྲིད་པའི་ཐད་ཉམས་མྱོང་མི་འདང་བས་ངས་ཁོང་ཚོར་དཔེ་སྟོན་བྱས་པར་བརྩི་ཆོག་ལ་དགེ་རྒན་ཚོས་ཁྲིམས་སྐྱོང་སློབ་གསོར་དེ་བས་སྣང་ཆེན་བྱ་རྒྱུའི་རེ་བའང་ཡོད”ཅེས་བརྗོད་ཀྱི་ཡོད།

མཛའ་འབྲེལ་དྲ་བ།
010020070840000000000000011100001350470701