• ༄༅།། དམངས་ འཚོའི་ བྱེད་ ཐབས་ ནུས་ ལྡན་ སྤྱད། སྐྱིད་ པའི་ འཚོ་ བ་ ཇེ་ ཡག་ སོང་།

    • 2016-Jan-26

    • གསར་འགྱུར་འབྱུང་ཁུངས།

    • ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།

    • འགན་འཁུར་རྩོམ་སྒྲིག་པ།

    • ཟླ་བ་ཚེ་རིང་།

  • ལོ་ལྟར་ཚོགས་འདུ་གཉིས་ཀྱི་ཐོག་ཀུན་གྱི་དོ་ཁུར་ཆེ་ཤོས་ཀྱི་གླེང་གཞི་ནི་དམངས་འཚོ་ལས་མ་འདས། 2014ལོར་རང་སྐྱོང་ལྗོངས་སྲིད་གཞུང་གིས་སྒོར་དུང་ཕྱུར་70ལྷག་ཙམ་བཀོད་སྒྲིག་བྱས་ཏེ་དམངས་འཚོ་ལེགས་བཅོས་བྱས་པས་མང་ཚོགས་ཀྱི་ཁྲོད་དུ་ཚུར་སྣང་ལན་ཆ་ཆེན་པོ་བྱུང་བ་རེད། ཚོགས་འདུ་གཉིས་འཚོགས་པའི་མཚམས་སུ་གསར་འགོད་པ་ཁྲོམ་གཞུང་དུ་བསྐྱོད་ནས་བཅར་འདྲི་བྱས་ཏེ་མང་ཚོགས་ཀྱིས་དམངས་འཚོའི་ཐད་རེ་སྒུག་བྱེད་ལུགས་ལ་ཞིབ་ཕྲ་ཉན་པ་ཡིན།

    ད་ལོ་ལོ་40སླེབས་པའི་པ་སངས་ནི་ཁོར་ཡུག་འཕྲོད་བསྟེན་གྱི་ལས་བཟོ་ཞིག་ཡིན། ཁོང་གིས“རེ་བར་སྲིད་གཞུང་གིས་ཤེས་དཔལ་གྲོང་ཁྱེར་གཏོད་པའི་དྲིལ་བསྒྲགས་ཐད་སྔར་བས་ཤུགས་སྣོན་རྒྱག་པར་ཞུ། དེ་དང་ཆབས་ཅིག་ང་ཚོའི་འཐབ་ཕྱོགས་དང་པོའི་ཁོར་ཡུག་འཕྲོད་བསྟེན་གྱི་ལས་བཟོའི་ལས་ཀ་དང་འཚོ་བའི་ཆ་རྐྱེན་སྔར་བས་ལེགས་སུ་གཏོང་རྒྱུ་དང་། དུས་མཚུངས་འཁོར་ཞག་དང་སྨན་བཅོས་འགན་བཅོལ་སོགས་ཀྱི་ཐད་ཐོབ་ཆ་མང་ཙམ་སྤྲོད་རྒྱུའི་རེ་བ་ཡོད”ཅེས་བཤད་པ་རེད།

    ལོ་30ལྷག་ཙམ་ཡིན་པའི་བདེ་ཆེན་ནི་ལྷ་ས་གྲོང་ཁྱེར་ཁྲེང་ཀོན་ཆུས་འོ་བརྒྱལ་ཐང་ཡུལ་མི་ཨུ་ལྷན་གྱི་ཡུལ་མི་ཡིན། ཁོང་གིས“2014ལོར་ཁྲེང་ཀོན་ཆུས་སུ་དམངས་ཕན་སྔོ་ཚལ་ཐད་ཚོང་རླངས་འཁོར་མང་པོ་བཀོད་སྒྲིག་བྱས་ནས་སྔོ་ཚལ་དང་ཤིང་ཏོག་རིན་གོང་ཧ་ཅང་ཁེ་པོ་འདུག སྲིད་གཞུང་གིས་ཟོག་གོང་ཚོད་འཛིན་ནན་པོ་བྱེད་པའི་ཐད་མུ་མཐུད་འབད་བརྩོན་བྱས་ནས་མང་ཚོགས་ཀྱི‘ཤ་ཚལ་སྒོང་གསུམ’འགན་ལེན་བྱ་རྒྱུའི་རེ་བ་བྱེད་ཀྱི་ཡོད”ཅེས་བཤད།

མཛའ་འབྲེལ་དྲ་བ།
010020070840000000000000011100001350470711