གསར་འགྱུར་ལྟེ་གནས། ནོར་སྲིད་ཁྲིམས་ལུགས། སྤྱི་ཚོགས་དམངས་འཚོ། ཚན་རྩལ་སློབ་གསོ། རིག་གནས་སྒྱུ་རྩལ། ཞིང་འབྲོག་གསར་པ།
སྣོད་བཅུད་ཡུལ་སྐོར། དམངས་སྲོལ་ཆོས་ལུཊ། དམིཊ་བསལ་ཆེད་སྒྲིག གནའ་དེང་མི་སྣ། བོད་སྐྱོར་ལས་དོན། གསོ་རིག་བོད་སྨན།
  • ༄༅།། གསར་ དུ་ བདམས་ ཐོན་ བྱུང་ བའི་ རང་ སྐྱོང་ ལྗོངས་ མི་ དམངས་ འཐུས་ ཚོགས་ རྒྱུན་ ལས་ ཨུ་ ཡོན་ ལྷན་ ཁང་ གི་ ཀྲུའུ་ རེན་ གཞོན་ པའི་ ལོ་ རྒྱུས་ མདོར་ བསྡུས།

 
2016-02-01        གསར་འགྱུར་འབྱུང་ཁུངས། ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།        འགན་འཁུར་རྩོམ་སྒྲིག་པ། ཟླ་བ་ཚེ་རིང་།

    བོད་རང་སྐྱོང་ལྗོངས་མི་དམངས་འཐུས་མི་ཚོགས་ཆེན་གྱི་སྤྱི་བསྒྲགས།

    [2016]ཨང་དང་པོ།

    བོད་རང་སྐྱོང་ལྗོངས་མི་དམངས་འཐུས་མི་ཚོགས་ཆེན་སྐབས་བཅུ་པའི་ཚོགས་འདུ་ཐེངས་བཞི་པའི་ཐོག་2016ལོའི་ཟླ་1ཚེས་31ཉིན་ཅུས་ཅན་ཧྭ(རྒྱ་རིགས)དང། ལི་ཝུན་ཧན(རྒྱ་རིགས)ཉི་མ་ཚེ་རིང་། ཀྲང་ཞའོ་ཧྭ(རྒྱ་རིགས)ཅིས་གོ་ཀང(རྒྱ་རིགས)བཅས་བོད་རང་སྐྱོང་ལྗོངས་མི་དམངས་འཐུས་མི་ཚོགས་ཆེན་སྐབས་བཅུ་པའི་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ཀྲུའུ་རེན་གཞོན་པ་དང་། བཀྲ་ཤིས་ཚེ་རིང་བོད་རང་སྐྱོང་ལྗོངས་མི་དམངས་འཐུས་མི་ཚོགས་ཆེན་སྐབས་བཅུ་པའི་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ཨུ་ཡོན་ལ་གསབ་འདེབས་བྱས་དོན་བཞིན་སྤྱི་བསྒྲགས་བྱེད་རྒྱུ་ཡིན།

    བོད་རང་སྐྱོང་ལྗོངས་མི་དམངས་འཐུས་ཚོགས་སྐབས་བཅུ་པའི་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ཚོགས་འདུ་ཐེངས་བཞི་པའི་ཀྲུའུ་ཞི་ཚོགས་པས།

    2016ལོའི་ཟླ་1ཚེས་31ཉིན་ལ།

    བློ་མཐུན་ཅུས་ཅན་ཧྭ་ཡི་ལོ་རྒྱུས་མདོར་བསྡུས།

    ཅུས་ཅན་ཧྭ། སྐྱེས་པ། རྒྱ་རིགས། 1957ལོའི་ཟླ་8པར་འཁྲུངས། ཧྲའན་ཤིས་པའོ་ཅི་ནས་ཡིན་པ། 1982ལོའི་ཟླ་10པར་ཀྲུང་གོ་གུང་ཁྲན་ཏང་ནང་ཞུགས། 1972ལོའི་ཟླ་8པར་ལས་ཀར་ཞུགས། ཀྲུང་དབྱང་ཏང་གི་སློབ་གྲྭའི་སློབ་ཆེན་གྱི་སློབ་རྒྱུས་ལྡན།

    1972.08-1974.04 བོད་རང་སྐྱོང་ལྗོངས་ཕྱི་སྐད་སྦྱོང་བརྡར་རུ་ཁག་ཏུ་སློབ་སྦྱོང་གནང་།

    1974.04-1985.11 བོད་རང་སྐྱོང་ལྗོངས་ཕྱི་དོན་གཞུང་ལས་ཁང་གི་ལས་བྱེད་པ(དེའི་རིང་། 1983.02-1985.01 ཕྱི་འབྲེལ་སློབ་གླིང་ཚན་ཁག་གཉིས་པར་དབྱིན་སྐད་ཆེད་ལས་སློབ་སྦྱོང་གནང)

    1985.11-1987.08 བོད་རང་སྐྱོང་ལྗོངས་ཕྱི་དོན་གཞུང་ལས་ཁང་ཁྲུའུ་གཉིས་པའི་ཁྲུའུ་ཀྲང་གཞོན་པ་གནང་།

    1987.08-1990.02 བོད་རང་ལྗོངས་ཕྱི་དོན་གཞུང་ལས་ཁང་གི་ཀྲུའུ་རེན་གཞོན་པ(ཁྲུའུ་རིམ་པ་གཞོན་པ)གནང་།

    1990.02-1995.03 བོད་རང་སྐྱོང་ལྗོངས་ཕྱི་དོན་གཞུང་ལས་ཁང་ཁྲུའུ་གསུམ་པའི་ཁྲུའུ་ཀྲང་གནང་།

    1995.03-1996.07 བོད་རང་སྐྱོང་ལྗོངས་ཕྱི་དོན་གཞུང་ལས་ཁང་གི་ཀྲུའུ་རེན་གཞོན་པ་གནང་།

    1996.07-2006.12 བོད་རང་སྐྱོང་ལྗོངས་ཕྱི་དོན་གཞུང་ལས་ཁང་ཏང་ཙུའི་ཁོངས་མི་དང་ཀྲུའུ་རེན་གཞོན་པ་གནང་། (དེའི་རིང་། 1998.09-1999.01ཀྲུང་དབྱང་ཏང་གི་སློབ་གྲྭའི་ཟབ་སྦྱོང་པུའུ་རུ་སློབ་སྦྱོང་གནང་། 2000.08-2002.12ཀྲུང་དབྱང་ཏང་གི་སློབ་གྲྭ་འཕྲིན་བརྒྱུད་སློབ་གླིང་དངོས་གཞིའི་འཛིན་གྲྭར་དཔལ་འབྱོར་དོ་དམ་ཆེད་ལས་སློབ་སྦྱོང་གནང་། 2003.07-2003.09ཆིང་ཧྭ་སློབ་ཆེན་དང་ཧཱ་ཕུའུ་སློབ་ཆེན་སྤྱི་པའི་དོ་དམ་མཐོ་རིམ་གསོ་སྦྱོང་འཛིན་གྲྭར་སློབ་སྦྱོང་གནང)

    2006.12-2012.10 བོད་རང་སྐྱོང་ལྗོངས་ཕྱི་དོན་གཞུང་ལས་ཁང་ཏང་ཙུའི་ཧྲུའུ་ཅི་གཞོན་པ་དང་ཀྲུའུ་རེན་གནང་།

    2012.10- བོད་རང་སྐྱོང་ལྗོངས་ཕྱི་དོན་དང་ཕྱིར་སྡོད་རང་མིའི་ལས་དོན་གཞུང་ལས་ཁང་གི་ཏང་ཙུའི་ཧྲུའུ་ཅི་གཞོན་པ་དང་ཀྲུའུ་རེན་གནང་།

    བློ་མཐུན་ཉི་མ་ཚེ་རིང་གི་ལོ་རྒྱུས་མདོར་བསྡུས།

    ཉི་མ་ཚེ་རིང་། སྐྱེས་པ། བོད་རིགས། 1959ལོའི་ཟླ་7པར་འཁྲུངས། བོད་ལྗོངས་གོང་དཀར་ནས་ཡིན་པ། 1980ལོའི་ཟླ་6པར་ཀྲུང་གོ་གུང་ཁྲན་ཏང་ནང་ཞུགས། 1975ལོའི་ཟླ་10པར་ལས་ཀར་ཞུགས། ཀྲུང་དབྱང་ཏང་གི་སློབ་གྲྭའི་ཆེད་ལས་སློབ་ཆེན་གྱི་སློབ་རྒྱུས་ལྡན།

    1975.10-1976.01 བོད་རང་སྐྱོང་ལྗོངས་ལྷོ་ཁ་ས་ཁུལ་དགེ་འོས་སློབ་གྲྭའི་ཚབ་ཁྲིད་དགེ་རྒན་གནང་།

    1976.01-1982.06 བོད་རང་སྐྱོང་ལྗོངས་ལྷོ་ཁ་ས་ཁུལ་དགེ་འོས་སློབ་གྲྭའི་དགེ་རྒན་དང་། སློབ་གྲྭའི་སྡེ་ཚོགས་ཀྱི་སྤྱི་ཁྱབ་ཀྲི་པུའུ་ཧྲུའུ་ཅི། སྡེ་ཚོགས་ཀྱི་ཆེད་བསྐོས་ལས་བྱེད་པ་གནང་།

    1982.06-1984.05 བོད་རང་སྐྱོང་ལྗོངས་ལྷོ་ཁ་ས་ཁུལ་དགེ་འོས་སློབ་གྲྭའི་གཞུང་ལས་ཁང་གི་ཀྲུའུ་རེན་གཞོན་པ་གནང་།

    1984.05-1989.09 གུང་གཞོན་སྡེ་ཚོགས་བོད་རང་སྐྱོང་ལྗོངས་ལྷོ་ཁ་ས་ཁུལ་ཨུ་ཡོན་ལྷན་ཁང་གི་ཧྲུའུ་ཅི་གཞོན་པ་གནང(དེའི་རིང་། 1987.09-1989.07ཀྲུང་དབྱང་ཏང་གི་སློབ་གྲྭའི་སྦྱོང་བརྡར་པུའི་དུས་ཁག་ལྔ་པའི་བོད་རིགས་ལས་བྱེད་པའི་འཛིན་གྲྭར་སློབ་སྦྱོང་གནང)

    1989.09-1990.08 བོད་རང་སྐྱོང་ལྗོངས་ལྷོ་ཁ་ས་ཁུལ་སློབ་གསོ་ལུས་རྩལ་ཨུ་ལྷན་གྱི་ཀྲུའུ་རེན་གཞོན་པ་གནང་།

    1990.08-1992.10བོད་རང་སྐྱོང་ལྗོངས་འཕྱོངས་རྒྱས་རྫོང་གི་རྫོང་དཔོན་གཞོན་པ་གནང་།

    1992.10-1993.04 བོད་རང་སྐྱོང་ལྗོངས་ལྷོ་ཁ་ས་ཁུལ་དགེ་འོས་སློབ་གྲྭའི་སློབ་སྤྱི་གཞོན་པ་གནང་།

    1993.04-1998.11 བོད་རང་སྐྱོང་ལྗོངས་ལྷོ་ཁ་ས་ཁུལ་དགེ་འོས་སློབ་གྲྭའི་ཏང་ཨུད་ཧྲུའུ་ཅི་གཞོན་པ་དང་སློབ་སྤྱི་གནང་།

    1998.11-2001.11 བོད་རང་སྐྱོང་ལྗོངས་ལྷོ་ཁ་ས་ཁུལ་སློབ་གསོ་ལུས་རྩལ་ཨུ་ལྷན་ཏང་ཙུའི་ཧྲུའུ་ཅི་གཞོན་པ་དང་ཀྲུའུ་རེན་གནང་།

    2001.11-2003.08 བོད་རང་སྐྱོང་ལྗོངས་ལྷོ་ཁ་ས་ཁུལ་སྲིད་འཛིན་ཀྲུང་ཧུའུ་ཡི་དྲུང་ཆེ་གནང་།

    2003.08-2005.07 བོད་རང་སྐྱོང་ལྗོངས་མི་རིགས་ཆོས་དོན་ཨུ་ལྷན་ཏང་ཙུའི་ཁོངས་མི་དང་ཀྲུའུ་རེན་གཞོན་པ་གནང་།

    2005.07-2008.01 བོད་རང་སྐྱོང་ལྗོངས་རིག་གནས་ཐིང་ཏང་ཙུའི་ཁོངས་མི་དང་ལྗོངས་རིག་དངོས་ཅུས་ཀྱི་ཅུས་ཀྲང་གནང་།

    2008.01-2009.11 བོད་རང་སྐྱོང་ལྗོངས་རིག་གནས་ཐིང་ཏང་ཙུའི་ཧྲུའུ་ཅི་གཞོན་པ་དང་ཐིང་ཀྲང་གནང་།

    2009.11- བོད་རང་སྐྱོང་ལྗོངས་ཏང་ཨུད་དྲིལ་བསྒྲགས་པུའི་པུའུ་ཀྲང་གཞོན་པ་དང་། ལྗོངས་རིག་གནས་ཐིང་ཏང་ཙུའི་ཧྲུའུ་ཅི་གཞོན་པ་དང་ཐིང་ཀྲང་གནང་།

    བློ་མཐུན་ཅིས་གོ་ཀང་གི་ལོ་རྒྱུས་མདོར་བསྡུས།

    ཅིས་གོ་ཀང་། སྐྱེས་པ། རྒྱ་རིགས། 1962ལོའི་ཟླ་8པར་འཁྲུངས། ཅི་ལིན་ཡན་ཅི་ནས་ཡིན་པ། 1984ལོའི་ཟླ་12པར་ཀྲུང་གོ་གུང་ཁྲན་ཏང་ནང་ཞུགས། 1983ལོའི་ཟླ་8པར་ལས་ཀར་ཞུགས། ལས་ཐོག་ཞིབ་འཇུག་སློབ་མའི་སློབ་རིམ་དང་དཔལ་འབྱོར་རིག་པའི་མཁས་རམས་པ།

    1979.09-1983.08 ཁྲང་ཁྲུན་ས་གཤིས་སློབ་གླིང་ས་གཤིས་ཚན་ཁག་ཏུ་ས་གཤིས་དང་གཏེར་རྫས་ཆེད་ལས་སློབ་སྦྱོང་གནང་།

    1983.08-1986.05 རྒྱལ་ཁབ་འཆར་གཞི་ཨུ་ལྷན་རྒྱལ་ཁབ་ས་ཆ་ཅུས་ས་གཤིས་ཁྲུའི་ལས་བྱེད་པ་གནང(དེའི་རིང་། 1985.06-1985.11ཧུའུ་ནན་ཞིང་ཆེན་ས་གཤིས་གཏེར་རྫས་ཅུས་སུ་གནས་སྦྱར་སྦྱོང་བརྡར་གནང)

    1986.05-1988.07 རྒྱལ་ཁབ་འཆར་གཞི་ཨུ་ལྷན་ལས་ཁུངས་སྡེ་ཚོགས་ཨུ་ལྷན་གྱི་ཧྲུའུ་ཅི་གཞོན་པ་བྱས།

    1988.07-1993.01 རྒྱལ་ཁབ་འཆར་གཞི་ཨུ་ལྷན་ལས་ཁུངས་སྡེ་ཚོགས་ཨུ་ལྷན་གྱི་ཧྲུའུ་ཅི(ཁྲུའུ་རིམ་པ་གཞོན་པ)གནང་།

    1993.01-1993.10 རྒྱལ་ཁབ་འཆར་གཞི་ཨུ་ལྷན་ལས་ཁུངས་སྡེ་ཚོགས་ཨུ་ལྷན་གྱི་ཧྲུའུ་ཅི(ཁྲུའུ་རིམ་པ་རྒན་པ)གནང་།

    (1992.10-1993.08 ཧོ་པེ་ཞིང་ཆེན་ལིང་ཧྲའོ་རྫོང་དུ་གནས་སྦྱར་སྦྱོང་བརྡར་གནང)

    1993.10-1994.12 རྒྱལ་ཁབ་འཆར་གཞི་ཨུ་ལྷན་མ་འཇོག་སི་བཟོ་ལས་མིན་པའི་ཁྲུའི་བརྟག་ཞིབ་པ་གནང་།

    1994.12-1998.08 རྒྱལ་ཁབ་འཆར་གཞི་ཨུ་ལྷན་མ་འཇོག་སི་བཟོ་ལས་མིན་པའི་ཁྲུའི་ཁྲུའུ་ཀྲང་གནང(དེའི་རིང་། 1996.04-1998.03 ཀྲུང་གོ་སྤྱི་ཚོགས་ཚན་རིག་ཁང་ཞིབ་འཇུག་སློབ་མའི་སློབ་གླིང་ནོར་སྲིད་དང་ཉོ་ཚོང་དཔལ་འབྱོར་ཚན་ཁག་ཏུ་ཚོང་ལས་དཔལ་འབྱོར་ཆེད་ལས་སློབ་སྦྱོང་གནང)

    1998.08-2001.09 རྒྱལ་ཁབ་འཆར་གཞི་ཨུ་ལྷན་མ་འཇོག་སི་སྤྱི་པའི་བྱ་གཞག་གི་མ་འཇོག་ཁྲུའི་ཁྲུའུ་ཀྲང་གནང་།

    2001.09-2003.05 རྒྱལ་ཁབ་འཆར་གཞི་ཨུ་ལྷན་མ་འཇོག་སིའི་ལས་རོཌ་སྐོར་ཞིབ་པ་གནང་།

    2003.05-2004.12 རྒྱལ་ཁབ་འཕེལ་རྒྱས་དང་སྒྱུར་བཅོས་ཨུ་ལྷན་གྱི་གཏན་འཇགས་རྒྱུ་ནོར་མ་འཇོག་སིའི་ལས་རོགས་སྐོར་ཞིབ་པ་གནང་།

    2004.12-2009.12 རྒྱལ་ཁབ་འཕེལ་རྒྱས་དང་སྒྱུར་བཅོས་ཨུ་ལྷན་གྱི་གཏན་འཇགས་རྒྱུ་ནོར་མ་འཇོག་སིའི་སི་ཀྲང་གཞོན་པ་གནང་།

    (2001.10-2005.06 པེ་ཅིང་དགེ་འོས་སློབ་ཆེན་དཔལ་འབྱོར་དང་བཟོ་ཚོང་དོ་དམ་སློབ་གླིང་དུ་འཛམ་གླིང་དཔལ་འབྱོར་ཆེད་ལས་སློབ་སྦྱོང་གནང་ཞིང་། དཔལ་འབྱོར་རིག་པའི་མཁས་རམས་པའི་སློབ་གནས་ཐོབ)

    2009.12-2012.12 རྒྱལ་ཁབ་འཕེལ་རྒྱས་དང་སྒྱུར་བཅོས་ཨུ་ལྷན་གྱི་གཏན་འཇགས་རྒྱུ་ནོར་མ་འཇོག་སིའི་སྐོར་ཞིབ་པ་གནང་།

    2012.12-2013.01 བོད་རང་སྐྱོང་ལྗོངས་འཕེལ་རྒྱས་དང་སྒྱུར་བཅོས་ཨུ་ལྷན་ཏང་ཙུའི་ཧྲུའུ་ཅི་དང་ཀྲུའུ་རེན་གཞོན་པ་གནང་།

    2013.01- བོད་རང་སྐྱོང་ལྗོངས་སྲིད་གཞུང་ཏང་ཙུའི་ཁོངས་མི་དང་། ལྗོངས་འཕེལ་རྒྱས་དང་སྒྱུར་བཅོས་ཨུ་ལྷན་ཏང་ཙུའི་ཧྲུའུ་ཅི་གཞོན་པ་དང་ཀྲུའུ་རེན་གནང་།

    བློ་མཐུན་ལི་ཝུན་ཧན་གྱི་ལོ་རྒྱུས་མདོར་བསྡུས།

    ལི་ཝུན་ཧན། སྐྱེས་པ། རྒྱ་རིགས། 1957ལོའི་ཟླ་9པར་འཁྲུངས། ཧྲན་ཏུང་ཐའེ་ཨན་ནས་ཡིན་པ། 1977ལོའི་ཟླ་1པོར་ཀྲུང་གོ་གུང་ཁྲན་ཏང་ནང་ཞུགས། 1974ལོའི་ཟླ་12པར་ལས་ཀར་ཞུགས། ཀྲུང་དབྱང་ཏང་གི་སློབ་གྲྭའི་ཞིབ་འཇུག་སློབ་མའི་སློབ་རྒྱུས་ལྡན།

    1974.12-1977.03 བོད་ལྗོངས་ཞིང་ལས་ཚན་རིག་ཞིབ་འཇུག་ཁང་དུ་གཞོན་ནུ་ཤེས་ཡོན་ཅན་གནང་།

    1977.03-1980.01 ཁྲེང་ཏུའུ་ཚན་རྩལ་སློབ་ཆེན་ཆུ་བེད་ལས་གྲྭ་ཚན་ཁག་ཏུ་སྐམ་སའི་ཆུ་དཔྱད་ཆེད་ལས་སློབ་སྦྱོང་གནང་།

    1980.01-1982.06 བོད་རང་སྐྱོང་ལྗོངས་ཆུ་དཔྱད་སྤྱི་ཁྱབ་ས་ཚིགས་རྩད་ཞིབ་ཐིག་ལེན་རུ་ཁག་ཏུ་ཕྱག་ལས་གནང་།

    1982.06-1985.07 བོད་རང་སྐྱོང་ཆུ་དཔྱད་སྤྱི་ཁྱབ་ས་ཚིགས་ལྷ་ས་ཆུ་དཔྱད་ཚོད་ལྟའི་ས་ཚིགས་ཀྱི་ཀྲན་ཀྲང་གཞོན་པ་གནང་།

    1985.07-1988.12 བོད་རང་སྐྱོང་ལྗོངས་ཆུ་དཔྱད་སྤྱི་ཁྱབ་ས་ཚིགས་གཞུང་ལས་ཁང་གི་ཀྲུའུ་རེན་གཞོན་པ་དང་ཆུ་དཔྱད་བློ་འདྲི་ཞབས་ཞུ་ལྟེ་གནས་ཀྱི་ཀྲུའུ་རེན(ཁོའོ་རིམ་པ་གཞོན་པ)གནང་།

    1988.12-1992.07 བོད་རང་སྐྱོང་ལྗོངས་ཆུ་དཔྱད་སྤྱི་ཁྱབ་ས་ཚིགས་ཀྱི་ཀྲུའུ་རེན་གཞོན་པ(ཁྲུའུ་རིམ་པ་གཞོན་པ)གནང་།

    1992.07-1997.04 བོད་རང་སྐྱོང་ལྗོངས་ཆུ་དཔྱད་དང་ཆུའི་ཐོན་ཁུངས་རྩད་ཞིབ་ཐིག་ལེན་ཅུས་ཀྱི་ཅུས་ཀྲང་གཞོན་པ་གནང་།

    1997.04-2000.04 བོད་རང་སྐྱོང་ལྗོངས་ཆུ་དཔྱད་དང་ཆུའི་ཐོན་ཁུངས་རྩད་ཞིབ་ཐིག་ལེན་ཅུས་ཀྱི་ཅུས་ཀྲང་གནང་།

    2000.04-2005.07 བོད་རང་སྐྱོང་ལྗོངས་ཆུ་བེད་ཐིང་ཏང་ཙུའི་ཁོངས་མི་དང་ཐིང་ཀྲང་གཞོན་པ་གནང་། (དེའི་རིང་། 2001.09-2003.07སི་ཁྲོན་ཞིང་ཆེན་བཟོ་ཚོང་དོ་དམ་སློབ་གླིང་བཟོ་ཚོང་དོ་དམ་ཆེད་ལས་སུ་སློབ་སྦྱོང་གནང་། 2003.03-2004.01 ཀྲུང་དབྱང་ཏང་གི་སློབ་གྲྭའི་སྦྱོང་བརྡར་པུའུ་བོད་ལྗོངས་འཛིན་གྲྭར་སློབ་སྦྱོང་གནང)

    2005.07- བོད་རང་སྐྱོང་ལྗོངས་ཆུ་བེད་ཐིང་ཏང་ཙུའི་ཧྲུའུ་ཅི་དང་ཐིང་ཀྲང་གཞོན་པ་གནང་།

    (2004.03-2006.01ཀྲུང་དབྱང་ཏང་གི་སློབ་གྲྭའི་ཞིབ་འཇུག་སློབ་མའི་སློབ་གླིང་དུ་ལས་ཐོག་ཞིབ་འཇུག་སློབ་མའི་འཛིན་གྲྭར་ཆབ་སྲིད་རིགས་གཞུང་ཆེད་ལས་སློབ་སྦྱོང་གནང་། 2006.03-2006.09 གནས་སྦྱར་བྱས་ནས་ཆུ་བེད་པུའུ་འཛུགས་སྐྲུན་དང་དོ་དམ་སིའི་སི་ཀྲང་གཞོན་པ་གནང)

    བློ་མཐུན་ཀྲང་ཞའོ་ཧྭ་ཡི་ལོ་རྒྱུས་མདོར་བསྡུས།

    ཀྲང་ཞའོ་ཧྭ། སྐྱེས་པ། རྒྱ་རིགས། 1957ལོའི་ཟླ་དང་པོར་འཁྲུངས། ཧོ་ནན་རྨིད་རྫོང་ནས་ཡིན་པ། 1983ལོའི་ཟླ་5པར་ཀྲུང་གོ་གུང་ཁྲན་ཏང་ནང་ཞུགས། 1975ལོའི་ཟླ་3པར་ལས་ཀར་ཞུགས། སློབ་ཆེན་གྱི་སློབ་རྒྱུས་ལྡན། ཁྲིམས་ལུགས་རིག་པའི་ཤེས་རམས་པ། གསར་འགྱུར་འགོད་མཁན་ཆེ་མོ་བ།

    1975.03-1978.09 ཧོ་ནན་ཞིང་ཆེན་ཁའེ་ཧྥང་ས་ཁུལ་ཆི་ལི་སྒང་ཨར་འདམ་བཟོ་གྲྭའི་བཟོ་པ་གནང་།

    1978.09-1982.07 ཀྲེང་ཀྲའོ་སློབ་ཆེན་རྒྱ་ཡིག་ཚན་ཁག་ཏུ་རྒྱའི་སྐད་ཡིག་རྩོམ་རིག་ཆེད་ལས་སློབ་སྦྱོང་གནང་།

    1982.07-1983.11 ཧོ་ནན་ཞིང་ཆེན་ཁའེ་ཧྥང་ས་ཁུལ་མི་དོན་ཅུས་ཀྱི་ལས་བྱེད་པ་གནང་།

    1983.11-1984.11 ཧོ་ནན་ཞིང་ཆེན་ངལ་རྩོལ་མི་དོན་ཐིང་གི་ལས་བྱེད་པ་གནང་།

    1984.11-1988.10 ཤིན་ཧྭ་གསར་འགྱུར་ཁང་ཧོ་ནན་ཡན་ལག་ཁང་གི་གསར་འགོད་པ་གནང་།

    1988.10-1993.04 ཤིན་ཧྭ་གསར་འགྱུར་ཁང་ཧོ་ནན་ཡན་ལག་ཁང་སྲིད་དོན་བཅར་འདྲི་ཁང་གི་ཀྲུའུ་རེན་གཞོན་པ་གནང་།

    1993.04-1994.04 ཤིན་ཧྭ་གསར་འགྱུར་ཁང་ཧོ་ནན་ཡན་ལག་ཁང་གསར་འགྱུར་འཕེལ་རྒྱས་ཀུང་སིའི་ཅིང་ལི་གནང་།

    1994.04-1996.03 ཤིན་ཧྭ་གསར་འགྱུར་ཁང་ཧོ་ནན་ཡན་ལག་ཁང་སྲིད་དོན་བཅར་འདྲི་ཁང་གི་ཀྲུའུ་རེན་གཞོན་པ་གནང་།

    1996.03-1998.03 ཤིན་ཧྭ་གསར་འགྱུར་ཁང་ཧོ་ནན་ཡན་ལག་ཁང《ཧོ་ནན་ནང་ཁུལ་དཔྱད་ཡིག》གི་རྩོམ་སྒྲིག་པ་གཙོ་བོ་གནང་།

    (1993.03-1997.07ཀྲུང་གོ་སྲིད་ཁྲིམས་སློབ་ཆེན་ཞིབ་འཇུག་སློབ་མའི་སློབ་གླིང་དུ་དམངས་དོན་ཚོང་དོན་ཁྲིམས་ལུགས་ཆེད་ལས་སློབ་སྦྱོང་གནང་ཞིང་། ཁྲིམས་ལུགས་རིག་པའི་ཤེས་རམས་པའི་སློབ་གནས་ཐོབ)

    1998.03-2000.10 ཤིན་ཧྭ་གསར་འགྱུར་ཁང་ཧོ་ནན་ཡན་ལག་ཁང་བཅར་འདྲི་དང་རྩོམ་རིག་ཁང་གི་ཀྲུའུ་རེན་གཞོན་པ་དང《ཧོ་ནན་ནང་ཁུལ་དཔྱད་ཡིག》གི་རྩོམ་སྒྲིག་པ་གཙོ་བོའི་འགན་གཅིག་ལྕོགས་འཁུར། (1999.11གསར་འགྱུར་འགོད་མཁན་ཆེ་མོ་བར་གོ་མིང་སྤར)

    2000.10-2002.04 ཤིན་ཧྭ་གསར་འགྱུར་ཁང་ཧོ་ནན་ཡན་ལག་ཁང་གི་ཧྲེ་ཀྲང་གི་ལས་རོགས་དང《ཧོ་ནན་ནང་ཁུལ་དཔྱད་ཡིག》གི་རྩོམ་སྒྲིག་པ་གཙོ་བོའི་འགན་གཅིག་ལྕོགས་འཁུར། (དེའི་རིང་། 2001.10-2002.04ཤིན་ཧྭ་གསར་འགྱུར་ཁང་བོད་ལྗོངས་བརྟག་ཞིབ་ཡན་ལག་རུ་ཁག་ཆུང་བའི་གསར་འགོད་པ་གནང)

    2002.04-2004.06 ཤིན་ཧྭ་གསར་འགྱུར་ཁང་བོད་ལྗོངས་ཡན་ལག་ཁང་ཏང་ཙུའི་ཁོངས་མི་དང་། ཧྲེ་ཀྲང་གཞོན་པ། སྤྱི་ཁྱབ་རྩོམ་སྒྲིག་པ་བཅས་གནང་།

    2004.06-2005.08 ཤིན་ཧྭ་གསར་འགྱུར་ཁང་ཧོ་ནན་ཡན་ལག་ཁང་ཏང་ཙུའི་ཁོངས་མི་དང་། ཧྲེ་ཀྲང་གཞོན་པ། སྤྱི་ཁྱབ་རྩོམ་སྒྲིག་པ་བཅས་གནང་།

    2005.08-2009.01 ཤིན་ཧྭ་གསར་འགྱུར་ཁང་ཀྲེ་ཅང་ཡན་ལག་ཁང་ཏང་ཙུའི་ཧྲུའུ་ཅི་དང་ཧྲེ་ཀྲང་གནང་། (2008ལོ་ནས་བཟུང་རྒྱལ་སྲིད་སྤྱི་ཁྱབ་ཁང་སྲིད་གཞུང་གི་དམིགས་བསལ་ཕོགས་སྣོན་ཐོབ)

    2009.01-2013.04 ཤིན་ཧྭ་གསར་འགྱུར་ཁང་སྤྱི་ཁྱབ་ཅིང་ལི་ཁང་གི་རྒྱུན་ལས་ཅིང་ལི་གཞོན་པ་དང་གསར་འགྱུར་ཆ་འཕྲིན་ལྟེ་གནས་ཏང་ཙུའི་ཧྲུའུ་ཅི་དང་ཀྲུའུ་རེན་གཅིག་ལྕོགས་གནང་།

    2013.04-2015.09 བོད་རང་སྐྱོང་ལྗོངས་ཏང་ཨུད་དྲིལ་བསྒྲགས་པུའི་རྒྱུན་ལས་པུའུ་ཀྲང་གཞོན་པ(2013.05བསྐོ་གཞག་བྱས)དང་ཤིན་ཧྭ་གསར་འགྱུར་ཁང་བོད་ལྗོངས་ཡན་ལག་ཁང་ཏང་ཙུའི་ཧྲུའུ་ཅི་དང་། ཧྲེ་ཀྲང་། སྤྱི་ཁྱབ་རྩོམ་སྒྲིག་པ། བོད་རང་སྐྱོང་ལྗོངས་གསར་འགྱུར་ལས་དོན་པའི་མཐུན་ཚོགས་ཀྱི་ཀྲུའུ་ཞི(2014.04བསྐོ་གཞག་བྱས)བཅས་གནང་།

    2015.09- བོད་རང་སྐྱོང་ལྗོངས་ཏང་ཨུད་དྲིལ་བསྒྲགས་པུའི་རྒྱུན་ལས་པུའུ་ཀྲང་གཞོན་པ་དང་། ཤིན་ཧྭ་གསར་འགྱུར་ཁང་བོད་ལྗོངས་ཡན་ལག་ཁང་ཏང་ཙུའི་ཧྲུའུ་ཅི། ཧྲེ་ཀྲང་། བོད་རང་སྐྱོང་ལྗོངས་གསར་འགྱུར་ལས་དོན་པའི་མཐུན་ཚོགས་ཀྱི་ཀྲུའུ་ཞི་བཅས་གནང་།

མཛའ་འབྲེལ་དྲ་བ།
010020070840000000000000011100001350638471