中文

དབུལ་སྒྲོལ་འགག་སྒྲོལ་གྱི་འཕྲིན་གསར།

  • དབུལ་སྒྲོལ་དུད་ཚང་ཕུར་རྒྱལ་གྱིས་སྡོད་ཁང་གསར་པར་སྤོས། འཚོ་བ་གསར་པ་གཏོད་ཅེས་བརྗོད།

    ལོ་39ལ་སླེབས་པའི་ཕུར་རྒྱལ་ནི་རིན་སྤུངས་རྫོང་བདེ་སྐྱིད་གླིང་གྲོང་རྡལ་ཨེ་མ་གྲོང་ཚོ་ནས་རེད། བཟའ་ཚང་ཁ་འབྲལ་བྱས་པའི་སྐྱེས་མ་ཡིན་ཁར་ཁྱིམ་དུ་ད་དུང་ཕྲུ་གུ་གསུམ་གསོ་དགོས་པས་2018ལོའི་ཟླ་7པའི་གོང་ཕུར་རྒྱལ་ཡུལ་དེའི་ཡིག་ཚགས་དང་གཱ་བཟོས་པའི་དུད་ཚང་དབུལ་པོའི་ཁོངས་སུ་བཅུག་ཡོད།

    2021-03-05
  • བོད་ལྗོངས་ཀྱི་ཤང་དང་གྲོང་རྡལ(ཁྲོམ་གཞུང)697དུ་སྒྲིག་ཨུད་ལྟ་ཞིབ་ཁང་བཙུགས་པ།

    ལྟ་སྐུལ་གཞི་རིམ་དུ་སྣུར་སྲིང་བྱེད་པར་སྐུལ་འདེད་དང་གཙོ་འགན་གཙོ་ལས་ཀྱི་ལས་སྒྲུབ་ལ་དམིགས་ཏེ། བོད་རང་སྐྱོང་ལྗོངས་སྒྲིག་བཤེར་ལྟ་ཞིབ་ལས་ཁུངས་ཀྱིས་དོ་དམ་ལམ་སྲོལ་རྒྱུན་ཆད་མེད་པར་ཚད་ལྡན་དུ་བཏང་བ་རེད། མིག་སྔར་ལྗོངས་ཡོངས་ཀྱི་ཤང་དང་གྲོང་རྡལ(ཁྲོམ་གཞུང)697ཚང་མར་སྒྲིག་ཨུད་ལྟ་ཞིབ་ཁང་གི་སྒོ་བྱང་བཀལ་ནས་འཛུགས་པའི་ལས་དོན་ལེགས་གྲུབ་བྱུང་བ་དང་འབྲེལ། ཤང་དང་གྲོང་རྡལ་གྱི་སྒྲིག་བཤེར་ལྟ་ཞིབ་ཀྱི་ཆེད་བསྐོས་ལས་བྱེད་པ་1968ལེགས་འདེམས་ཧྲག་སྒྲུག་བྱས་པ་རེད།

    2021-03-03
  • མེ་ཏོག་རྫོང་གི་ཇ་ལོའི་ཐོན་ལས་ཕྱུག་འགྱུར་གྱི“གསེར་ལོར”གྱུར་པ།

    ཉེ་བའི་ལོ་ཤས་རིང་། མེ་ཏོག་རྫོང་གིས་ས་མཐོའི་སྐྱེ་ལྡན་ཇའི་ཐོན་ལས་འཕེལ་རྒྱས་ཤུགས་ཆེན་བཏང་ནས་མང་ཚོགས་ཇ་ཤིང་འདེབས་འཛུགས་ནང་ཞུགས་རྒྱུར་ཁྲིད་སྟོན་ཧུར་ཐག་བྱས་ཏེ་གཞི་ཁྱོན་ཆེ་རུ་གཏོང་བ་དང་། སྤུས་ཚད་ལེགས་སུ་གཏོང་བ། སྤུས་རྟགས་གཏོད་པ་བཅས་ཀྱི་ཐད་ཤུགས་སྣོན་བརྒྱབ་སྟེ། སྐྱེ་ལྡན་ཇའི་ཐོན་ལས་དེ་རྫོང་གྲོང་གི་དཔལ་འབྱོར་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བའི་འདེགས་སྐྱོར་ཐོན་ལས་གལ་ཆེན་ཞིག་ཏུ་འགྱུར་བར་བྱས་ཡོད། མིག་སྔའི་བར་མེ་ཏོག་རྫོང་གིས་ཚད་གཞི་མཐོ་བའི་རི་མཐོའི་སྐྱེ་ལྡན་ཇ་ཞིང་56བསྐྲུན་པར་རྒྱ་ཁྱོན་མུའུ་16926.36ཟིན་པ་དང་། ཇའི་ཐོན་ལས་འདི་ཉིད་ས་གནས་དེ་གའི་མང་ཚོགས་ཕྱུག་འགྱུར་གྱི“གསེར་ལོར”འགྱུར་བར་བྱས་ཡོད།

    2021-03-02
  • མཚོ་གཉིས་སུ་ཐེངས་བདུན་བསྐྱོད་པ།

    ས་བབ་མཐོ་ཚད་སྨི་5000ལྷག་ཙམ་ཡོད་པའི་བོད་ལྗོངས་ནག་ཆུ་གྲོང་ཁྱེར་མཚོ་གཉིས་རྫོང་ནི་རྒྱལ་ཡོངས་ཀྱི་ས་བབ་མཐོ་ཤོས་ཀྱི་རྫོང་ཞིག་ཡིན་ཞིང་། དེར“མིའི་རིགས་ཀྱི་ལུས་ཁམས་ཀྱི་ཚོད་ལྟ་ཁང”ཞེས་བརྗོད་ཀྱི་ཡོད། མཁའ་རླུང་འདུས་ཚད་ཀླུང་ཐང་གི་40%ཡང་མེད་པ་དང་མིའི་ཆ་སྙོམས་ཚེ་ཚད་ལོ་58ཡིན་ལ། ལོ་ལྟར་ལྷགས་པ་ཤུགས་ཚད་ཆེ་བ་རིམ་པ་བརྒྱད་ཡན་རྒྱག་ཚད་ཉིན་200ཡན་ཟིན་གྱི་ཡོད།

    2021-02-25
  • བྱང་རྩྭ་ཐང་སྟེང་གི་ཐུན་མོང་མ་ཡིན་པའི་གྲོང་ཚོའི་ཚོགས་འདུ།

    བྱང་རྩྭ་ཐང་དུ་ཞོགས་པ་མཁའ་རླུང་གཙང་ལ་གྲང་ངར་ཆེ། ཆ་སྙོམས་ས་བབ་མཐོ་ཚད་སྨི་4700ཡོད་པའི་ཤན་རྩྭ་རྫོང་ཤན་རྩ་གྲོང་རྡལ་གྱི་གྲོང་ཚོ་གསུམ་པའི་ལོ་འཁོར་འཕེལ་རྒྱས་ཀྱི“བགྲོ་གླེང་ཚོགས་འདུ”འཚོག་གྲབས་ཡོད་པ་རེད།

    2021-02-23

དབུལ་སྒྲོལ་འགག་སྒྲོལ་གྱི་རྒྱལ་ཁ་ཕུ་ཐག་གཅོད་པ།

  • བོད་ལྗོངས་ཀྱི་ནོར་སྲིད་ཀྱི་དམངས་འཚོའི་གཏོང་སྒོས་བཟུང་བའི་བསྡུར་ཚད་80%ལས་བརྒལ་བ།

    བོད་ལྗོངས་ཀྱི་ནོར་སྲིད་ཀྱི་དམངས་འཚོའི་གཏོང་སྒོས་བཟུང་བའི་བསྡུར་ཚད་80%ལས་བརྒལ་བ།

    བོད་རང་སྐྱོང་ལྗོངས་ནོར་སྲིད་ཐིང་གི་གྲངས་གཞི་གསར་ཤོས་ལས་མངོན་པར། 2020ལོར་བོད་ཀྱི་རིམ་པ་དེ་གའི་ནོར་སྲིད་གཏོང་སྒོའི་ཁྲོད་དམངས་འཚོའི་གཙོ་གནད་ཁྱབ་ཁོངས་ལ་སྤྱད་པའི་གཏོང་སྒོ་སྒོར་དུང་ཕྱུར་1776གིས་བསྡུར་ཚད་80.4%བཟུང་ཡོད། “ལོ་ལྔ་ཚན་བཅུ་གསུམ་པ”ནས་བཟུང་དམངས་འཚོའི་གཙོ་གནད་ཁྱབ་ཁོངས་ཀྱི་གཏོང་སྒོ་ལོར་ཆ་སྙོམས་འཕར་ཚད་10%ལས་བརྒལ་ཞིང་། ལོ་5ཡི་རིང་བོད་ཀྱིས་རིམ་རྩིས་བྱས་ན་དབུལ་སྒྲོལ་འགག་སྒྲོལ་ལ་མ་དངུལ་སྒོར་དུང་ཕྱུར་753.88བཏང་ནས་རྫོང་དང་ཆུས་དབུལ་པོ་དབུལ་ཞྭ་འཕུད་ཐུབ་པ་དང་མི་འབོར་དབུལ་པོ་དབུལ་སྒྲོལ་ཐུབ་པའི་འགན་ལེན་བྱས་ཡོད།

    2021-03-10
  • ལོ་ལྔའི་རིང་བོད་ལྗོངས་ཀྱི་སྤྱི་ཚོགས་ཡོངས་ཀྱི་གློག་སྤྱོད་འཕར་ཚད་100%ལས་་་་་

    ལོ་ལྔའི་རིང་བོད་ལྗོངས་ཀྱི་སྤྱི་ཚོགས་ཡོངས་ཀྱི་གློག་སྤྱོད་འཕར་ཚད་100%ལས་་་་་

    དགུན་ཨ་ཧྲང་ད་ཧྲང་གི་དུས་ཡིན་ཡང་ཁང་པའི་ནང་གློག་དང་དྲོད་འདོན་འཕྲུལ་ཆས་སོགས་སྤར་ཚེ། དཔྱིད་ཀ་ཤར་བ་ལྟ་བུའི་སྣང་བ་ཡོང་སྲིད། དེ་དག་མི་མང་ཆེ་བའི་ངོས་ནས་བརྗོད་ན་རྒྱུན་གཏན་གྱི་བྱ་བ་ཞིག་ཡིན་ཡང་དེ་སྔ་གངས་ལྗོངས་ས་མཐོའི་མང་ཚོགས་ཚོའི་ངོས་ནས་བརྗོད་ན་རྒྱས་སྤྲོས་ལྟ་བུ་ཡིན།

    2021-03-09
  • “གློག་ཤུགས་མཁའ་ལམ”གྱིས་གངས་ལྗོངས་ས་མཐོའི“འོད་ཟེར་དྲ་བ”ཚགས་དམ་་་

    “གློག་ཤུགས་མཁའ་ལམ”གྱིས་གངས་ལྗོངས་ས་མཐོའི“འོད་ཟེར་དྲ་བ”ཚགས་དམ་་་

    དཔྱིད་ཐོག་མའི་དུས་སུའང“འཛམ་གླིང་གི་ཡང་རྩེའི་ཡང་རྩེར”གྲགས་པའི་བོད་ལྗོངས་མངའ་རིས་ས་ཁུལ་དུ་སྔར་བཞིན་ཁ་བས་བཀླུབས་ཡོད། ས་བབ་མཐོ་ཚད་སྨི་4700ལྷག་ཙམ་ཟིན་པའི་བོད་ལྗོངས་མངའ་རིས་ས་ཁུལ་སྒར་རྫོང་མོན་འཚེར་ཤང་གྲོང་ཚོ་དང་པོའི་ལོ་36ལ་སླེབས་པའི་འཆི་མེད་ཀྱིས་སྔོན་ཆད་དང་མི་འདྲ་བར་བཏང་ཚར་མ་ཐག་གི་བོད་ཀྱི་ལོ་གསར་སྐྱིད་པོ་དེ་ད་དུང་དྲན་བཞིན་མཆིས།

    2021-03-04
  • བོད་ལྗོངས་ཀྱིས་མཁའ་ལམ་130ཤར་གཏོང་བྱས་ཏེ་གྲོང་ཁྱེར་61དང་འབྲེལ་མཐུད་་་

    བོད་ལྗོངས་ཀྱིས་མཁའ་ལམ་130ཤར་གཏོང་བྱས་ཏེ་གྲོང་ཁྱེར་61དང་འབྲེལ་མཐུད་་་

    དཔྱད་གཞིའི་ནང་བཀོད་པ་ལྟར་ན། བོད་ཀྱི་གནམ་གྲུ་འཕུར་ལམ་དང་པོ་1956ལོར་སྐྲུན་འགོ་ཚུགས་པ་དང་། དམངས་སྤྱོད་མཁའ་འགྲུལ་འཛུགས་སྐྲུན་པས་སྟབས་བདེའི་སྒྲིག་ཆས་སྤྱད་ནས་ལྷ་ས་གྲོང་ཁྱེར་གྱི་བྱང་རྒྱུད་སྤྱི་ལེ་180ཡི་སར་གནས་ཤིང་། ས་བབ་མཐོ་ཚད་སྨི་4230ཟིན་པའི་འདམ་གཞུང་རྩྭ་ཐང་དུ་སྟབས་བདེའི་གནམ་གྲུ་འཕུར་ལམ་ཞིག་བསྐྲུན་ཡོད། 1965ལོའི་ཟླ་3པར་དབྱིར-18རྟགས་ཅན་གྱི་གནམ་གྲུ་ཞིག་པེ་ཅིང་ནས་འཕུར་ཏེ་ཕྱི་ཉིན་འདམ་གཞུང་གནམ་ཐང་དུ་འབྱོར་པས་བོད་དུ་མཁའ་ལམ་དངོས་སུ་ཤར་གཏོང་ཐུབ་པའི་ཁྱབ་བསྒྲགས་བྱས་ཡོད།

    2021-03-04
  • བོད་ལྗོངས་ཀྱི་སློབ་ཞུགས་གོང་གི་སློབ་གསོའི་ན་འདྲེས་ བུ་བཅོལ་ཁང་དུ་ཞུགས་་་

    བོད་ལྗོངས་ཀྱི་སློབ་ཞུགས་གོང་གི་སློབ་གསོའི་ན་འདྲེས་ བུ་བཅོལ་ཁང་དུ་ཞུགས་་་

    བོད་རང་སྐྱོང་ལྗོངས་སློབ་གསོ་ཐིང་གི་གྲངས་གཞི་ལས་མངོན་གསལ། 2020ལོའི་ལོ་མཇུག་བར་བོད་ལྗོངས་ཀྱི་སློབ་ཞུགས་གོང་གི་སློབ་གསོའི་ན་འདྲེས་བུ་བཅོལ་ཁང་དུ་ཞུགས་ཚད་87.03%ཟིན་པ་དེ་2011ལོ་ལས་བརྒྱ་ཆའི་གྲངས་52.03མཐོ་རུ་ཕྱིན་ཡོད།

    2021-03-02
  • ལོ་ལྔ་ཡི་རིང་ཀྲུང་དབྱང་གིས་བོད་ལྗོངས་ཀྱི་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་

    ལོ་ལྔ་ཡི་རིང་ཀྲུང་དབྱང་གིས་བོད་ལྗོངས་ཀྱི་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་

    དགུན་ཁ་ཤར་ཚུན་བོད་ལྗོངས་སྤུ་ཧྲེང་རྫོང་ཞི་བདེའི་ནས་ཀྱི་བཟའ་བཅའ་ཚད་ཡོད་ཀུང་སི་ནས་འཕྲུལ་འཁོར་གྱི་ལྡིར་སྒྲ་འུར་འུར་དུ་གྲགས་བཞིན་ཐོན་སྐྱེད་ཀྱི་ལས་ལ་བྲེལ་བཞིན་ཡོད། མ་དངུལ་བསྡོམས་འབོར་སྒོར་དུང་ཕྱུར་74བཏང་བའི་མངའ་རིས་དྲ་སྦྲེལ་ལས་གྲྭ་ཟླ་12ཚེས་4ཉིན་དངོས་སུ་སྤྱོད་འགོ་ཚུགས་པ་ནས་བཟུང་། ཁེ་ལས་དེའི་དགུན་ཁ་ཤར་མ་ཐག་གློག་བརྟན་པོ་མེད་པའི་ལོ་རྒྱུས་མཇུག་འགྲིལ་ནས། བོད་ཀྱི་ནུབ་རྒྱུད་མངའ་རིས་དང་གཞིས་རྩེ་ས་ཁུལ(གྲོང་ཁྱེར)གཉིས་ཀྱི་རྫོང་16གི་མང་ཚོགས་ཁྲི་38ལའང་གློག་ཤུགས་མཁོ་འདོན་གང་ལེགས་དང་བརྟན་པོ་བྱུང་ཡོད།

    2021-03-01
  • “གནམ་ཕྱེད་ཀ་འདེགས་མཁན”བོད་ལྗོངས་ཀྱི་མཐོ་སློབ་སློབ་གྲྭར་འགྲོ་མུས་ཀྱི་སློབ་མའི་ཁྲོད་བུ་མོས་50%ལྷག་ཙམ་ཟིན་པ།

    “གནམ་ཕྱེད་ཀ་འདེགས་མཁན”བོད་ལྗོངས་ཀྱི་མཐོ་སློབ་སློབ་གྲྭར་འགྲོ་མུས་ཀྱི་སློབ་མའི་ཁྲོད་བུ་མོས་50%ལྷག་ཙམ་ཟིན་པ།

    བསྡོམས་རྩིས་གྲངས་གཞི་གསར་ཤོས་ལས་མངོན་པར་གཞིགས་ན། བོད་རང་སྐྱོང་ལྗོངས་ཀྱི་སྤྱིར་བཏང་མཐོ་རིམ་སློབ་གསོ་དང་། ཞིབ་འཇུག་སློབ་མའི་སློབ་གསོ། དར་མའི་མཐོ་རིམ་སློབ་གསོ་སོགས་ཀྱི་ཁྲོད་བུད་མེད་ཀྱིས་སློབ་གྲྭར་འགྲོ་མུས་ཀྱི་སློབ་མའི་བསྡུར་ཚད་ཀྱི་50%ལྷག་ཙམ་ཟིན་ཡོད། སློབ་གནས་མཐོ་བའི་བུད་མེད་དང་བུད་མེད་མཐོ་རིམ་ཤེས་ལྡན་པ་ཇེ་མང་དུ་སོང་སྟེ། ལྗོངས་ཡོངས་སུ་རྒྱལ་སྲིད་སྤྱི་ཁྱབ་ཁང་དང་རང་སྐྱོང་ལྗོངས་སྲིད་གཞུང་གི་དམིགས་བསལ་ཕོགས་སྣོན་ལོངས་སྤྱོད་བྱེད་མཁན་བུད་མེད་ཀྱི་བསྡུས་ཚད་12.74%དང་17.78%སོ་སོར་ཟིན་པ་དང་བུད་མེད་རིག་གཞུང་སྣེ་ཁྲིད་པས་27.45%བཟུང་ཡོད།

    2021-02-23
  • བོད་ལྗོངས་སུ་སྔོ་ཚལ་དང་སྒོ་ང་འདང་ངེས་ཡོད་པ།

    བོད་ལྗོངས་སུ་སྔོ་ཚལ་དང་སྒོ་ང་འདང་ངེས་ཡོད་པ།

    ལོ་59ལ་སླེབས་པའི་ལྷ་སའི་གྲོང་མི་ངག་དབང་ནོར་བུས་ལག་གཡས་པས་འགྱིག་ཁུག་ཅིག་ཁྱེར་ནས་ལྕགས་པོ་རིའི་ཞིང་ཞོར་ཐོན་རྫས་ཉོ་ཚོང་ཁྲོམ་ར་ནས་ཕྱིར་ཐོན་ཡོང་གི་འདུག གསར་འགོད་པས་ཁོང་གི་གམ་དུ་བཅར་ནས་ཁྱེད་རང་གིས་ཅི་ཞིག་ཉོས་པ་ཡིན་ཞེས་དྲིས་པས། ཁོང་གིས་འགྱིག་ཁུག་ཡར་བཏེགས་ནས“ཀྲོ་མ་ཀྲུ་དང་། སྒོ་ང་། ཇིན་ཚལ་བཅས་ཉོས་པ་ཡིན”ཞེས་ལན་བཏབ་བྱུང་།

    2021-02-22
  • བོད་ལྗོངས་སུ་ཐུམ་འབུའི་ནད་སྤྱིར་ན་ཚོད་འཛིན་ཐུབ་ནས་ནད་གཞི་ཕོག་ཚད་0.26%བར་ཆག་པ།

    བོད་ལྗོངས་སུ་ཐུམ་འབུའི་ནད་སྤྱིར་ན་ཚོད་འཛིན་ཐུབ་ནས་ནད་གཞི་ཕོག་ཚད་0.26%བར་ཆག་པ།

    སྔོན་མ་ས་མཐོའི་མང་ཚོགས་ཀྱིས་ཐོས་པ་ཙམ་གྱིས་དངངས་སྐྲག་བྱེད་པའི་ཐུམ་འབུའི་ནད་འདི་ད་ཆ་ལོ་རྒྱུས་ཀྱི་གར་སྟེགས་ནས་རིམ་པས་ཕྱིར་འཐེན་བྱེད་བཞིན་ཡོད། བོད་རང་སྐྱོང་ལྗོངས་འཕྲོད་བསྟེན་བདེ་ཐང་ཨུ་ལྷན་གྱི་ཀྲུའུ་རེན་སྐལ་བཟང་གཡུ་སྒྲོན་གྱིས་མི་ཚོགས་ལ་དབྱེ་འབྱེད་བརྟག་དཔྱད་དང་རིན་མེད་ཀྱིས་སྨན་བཅོས་བྱས་པ་བརྒྱུད་བོད་རང་སྐྱོང་ལྗོངས་ཀྱི་རྫོང(ཆུས)74ཡི་ཁྲོད་ནས་མི་ཚོགས་ལ་ཐུམ་འབུའི་ནད་ཕོག་ཚད་1%ལས་དམའ་བའི་རྫོང(ཆུས)70ཟིན་ཏེ། ནད་ཕོག་ཚད་2016ལོའི་1.66%ནས་ད་ཆའི་0.26%བར་ཆག་ནས་རྒྱལ་ཡོངས་ཀྱི་ཆ་སྙོམས་ཆུ་ཚད་དང་ཧ་ལམ་མཚུངས་ཡོད་ཅེས་གསར་འགོད་པར་བརྗོད།

    2021-02-04
  • ལོ་ལྔའི་རིང་མ་དངུལ་སྒོར་དུང་ཕྱུར་350ཙམ་དོན་འཁྱོལ་བྱས་ཏེ་བོད་ལྗོངས་ཀྱི་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་ལ་རམ་འདེགས་བྱས་པ།

    ལོ་ལྔའི་རིང་མ་དངུལ་སྒོར་དུང་ཕྱུར་350ཙམ་དོན་འཁྱོལ་བྱས་ཏེ་བོད་ལྗོངས་ཀྱི་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་ལ་རམ་འདེགས་བྱས་པ།

    པུའུ་ཨུད་ཁག་དང་། ཞིང་ཆེན་དང་གྲོང་ཁྱེར་ཁག་གི་བོད་སྐྱོར་བཀོད་འདོམས་པུས་བསྡོམས་རྩིས་བྱས་པའི་གྲངས་གཞིར་གཞིགས་ན། 2016ལོ་ནས་བཟུང་། ཁ་གཏད་རོགས་སྐྱོར་པུའུ་ཨུད་ཁག་དང་། ཞིང་ཆེན་དང་གྲོང་ཁྱེར་ཁག ཁེ་ལས་ཁག་བཅས་ཀྱིས་ཁྱོན་བསྡོམས་བོད་སྐྱོར་རྣམ་གྲངས་247ལ་འཛུགས་སྐྲུན་གྱི་གན་རྒྱ་བཞག་པ་དང་མ་དངུལ་སྒོར་དུང་ཕྱུར་350ཙམ་ཟིན་ཡོད། དེའི་རྨང་གཞིའི་ཐོག་ལག་བསྟར་བྱས་པའི་དཔལ་འབྱོར་བོད་སྐྱོར་དང་། རིག་ནུས་བོད་སྐྱོར། ཚན་རྩལ་བོད་སྐྱོར། ཁེ་ལས་བོད་སྐྱོར། ལས་ཞུགས་བོད་སྐྱོར་བཅས་དང་། དེ་བཞིན་སྨན་བཅོས་སློབ་གསོའི་ཤེས་ལྡན་མི་སྣའི“ཚོགས་སྒྲིག་རྣམ་པའི”བོད་སྐྱོར་ལས་བོད་ཀྱི་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་ལ་སྐུལ་འདེད་ནུས་ལྡན་བཏང་ཡོད།

    2021-02-03
  • ད་ལོ་བོད་ལྗོངས་ཀྱི་ཞིང་འབྲོག་པ་ཁྲི་60ལྷག་ཙམ་ལས་ཞུགས་གཞན་སྒྱུར་བྱས་ནས་འཚོ་བ་གསར་པ་སྐྱེལ་འགོ་ཚུགས་པ།

    ད་ལོ་བོད་ལྗོངས་ཀྱི་ཞིང་འབྲོག་པ་ཁྲི་60ལྷག་ཙམ་ལས་ཞུགས་གཞན་སྒྱུར་བྱས་ནས་འཚོ་བ་གསར་པ་སྐྱེལ་འགོ་ཚུགས་པ།

    ཉེ་ཆར། བོད་རང་སྐྱོང་ལྗོངས་མི་ཤུགས་ཐོན་ཁུངས་དང་སྤྱི་ཚོགས་འགན་སྲུང་ཐིང་གིས་ཤིན་ཧྭ་གསར་འགྱུར་ཁང་གི་གསར་འགོད་པར་ངོ་སྤྲོད་བྱས་དོན། ད་ལོ་མིག་སྔའི་བར། བོད་ཀྱི་ཞིང་འབྲོག་པ་ཁྲི་60.4ལས་ཞུགས་གཞན་སྒྱུར་བྱས་པར་ངལ་ནུས་ཡོང་འབབ་སྒོར་དུང་ཕྱུར་45.4བྱུང་ཡོད།

    2021-02-01
  • བོད་ལྗོངས་ཀྱི་གྲོང་སྡོད་ལས་བྱེད་པ་མི་ཐེངས་ཁྲི་20ལྷག་ཙམ་དབུལ་སྒྲོལ་སྣེ་ཁྲིད་པར་གྱུར་པ།

    བོད་ལྗོངས་ཀྱི་གྲོང་སྡོད་ལས་བྱེད་པ་མི་ཐེངས་ཁྲི་20ལྷག་ཙམ་དབུལ་སྒྲོལ་སྣེ་ཁྲིད་པར་གྱུར་པ།

    བོད་ལྗོངས་འདི་ཉིད་རྒྱལ་ཡོངས་ཀྱི་ཞིང་ཆེན་རིམ་པའི་གཅིག་སྡུད་ཡུག་འབྲེལ་གྱི་ས་ཁུལ་དབུལ་པོ་འབའ་ཞིག་དེ་ཡིན་པའི་ཆ་ནས། འདི་ལོར་དབུལ་པོ་དབུལ་རྐྱང་གཅིག་ཀྱང་མེད་པར་གྱུར་ཡོད་ཅེས་ཁྱབ་བསྒྲགས་བྱས་པ་རེད། འདི་ལྟ་བུའི་ལོ་རྒྱུས་རང་བཞིན་གྱི་གྲུབ་འབྲས་ཆེན་པོ་ནི་ལས་བྱེད་པ་མི་ཐེངས་ཁྲི་20ལྷག་ཙམ་གྲོང་ཚོར་བཅའ་སྡོད་བྱས་ནས་སྒེར་སེམས་མེད་པར་ལེགས་སྐྱེས་ཕུལ་བ་ལ་བརྟེན་ནས་ཐོབ་པ་ཞིག་ཡིན། བོད་རང་སྐྱོང་ལྗོངས་ཏང་ཨུད་རྩ་འཛུགས་པུའི་པུའུ་ཀྲང་གཞོན་པ་ལུའི་ཡེ་ཧུའེ་ཡིས། གྲོང་སྡོད་ལས་བྱེད་པས་ཏང་དང་མང་ཚོགས་དབར་ལ“སེམས་སྦྲེལ་ཟམ་པ”བཙུགས་ནས། ཞིང་འབྲོག་པ་དབུལ་སྒྲོལ་ཕྱུག་འགྱུར་བྱེད་པའི་སྣེ་ཁྲིད་པར་གྱུར་ཡོད་ཅེས་བརྗོད།

    2021-01-28
  • བོད་ལྗོངས་སུ་ནད་ཆེན་རིགས་38ཆེད་དོན་སྐྱོབ་བཅོས་ཐུབ་པ།

    བོད་ལྗོངས་སུ་ནད་ཆེན་རིགས་38ཆེད་དོན་སྐྱོབ་བཅོས་ཐུབ་པ།

    ཞིང་འབྲོག་ཁུལ་གྱི་མི་འབོར་དབུལ་པོའི་སྨན་བཅོས་ཁུར་པོ་ཡང་དུ་གཏོང་ཆེད། བོད་རང་སྐྱོང་ལྗོངས་ཀྱིས་ད་ལོ་ནས་བཟུང་། ལྒང་སྐྲན་དང་། མངལ་སྐྲན། མཁལ་སྐྲན། སྨྱོ་ནད་ཚབས་ཆེན། གྲུམ་བུའི་རང་བཞིན་གྱི་སྙིང་ནད་བཅས་ནད་གཞི་ཚབས་ཆེན་ཁག་གཅིག་སྡུད་སྐྱོབ་བཅོས་ནད་རིགས་ཀྱི་ཁྱབ་ཁོངས་སུ་བཅུག་ཡོད། སྐྱོབ་བཅོས་ནད་རིགས་བསྡོམས་འབོར་དེ་རྒྱལ་ཁབ་ཀྱི་ཚད་གཞི་ལས་རིགས་8མང་བས་ནད་རིགས་38ཟིན་ཡོད།

    2021-01-29
  • “ཤ་ཚལ་སྒོང་གསུམ”འབེལ་ལ་རིན་གོང་བརྟན་པ།

    “ཤ་ཚལ་སྒོང་གསུམ”འབེལ་ལ་རིན་གོང་བརྟན་པ།

    —— ཆབ་མདོ་གྲོང་ཁྱེར་གྱིས་དུས་ཆེན་གྱི་དངོས་ཟོག་མཁོ་སྤྲོད་འགན་ལེན་བྱེད་པའི་མཐོང་ཐོས།

    2021-02-02
  • ས་མཐོའི་དབུལ་སྒྲོལ་གྱི“ཁྲེང་ཀོན་གྱི་མ་དཔེ”

    ས་མཐོའི་དབུལ་སྒྲོལ་གྱི“ཁྲེང་ཀོན་གྱི་མ་དཔེ”

    ཉེ་བའི་ལོ་ཤས་རིང་། ལྷ་ས་གྲོང་ཁྱེར་ཁྲེང་ཀོན་ཆུས་ཀྱིས་ཆུས་དང་། ཤང་། གྲོང་ཚོ་བཅས་རིམ་པ་གསུམ་གྱི་དབུལ་སྐྱོར་ཆ་འཕྲིན་དྲ་རྒྱ་བརྒྱུད་རྫོང་རིམ་པའི་འགོ་ཁྲིད་ཀྱི“རོགས་སྐྱོར་འགན་ལེན་དང་དམ་འཛིན་ལ་སྐུལ་འདེད་གཏོང་བ”དང་། ལྗོངས་ཐད་གཏོགས་སྡེ་ཚན་གྱི་གནས་གཏན་འཁེལ་གྱི་རོགས་སྐྱོར། ཏང་ཡོན་ལས་བྱེད་པའི“ཆ་སྒྲིག་གཉེན་འཚོལ”གྱི་རོགས་སྐྱོར་བཅས་ཀྱི་འགན་འཁྲིའི་མ་ལག་བཙུགས་ནས་ཐོན་ལས་ཆེན་པོར་བརྟེན་ཏེ་རོགས་སྐྱོར་ཆེན་པོ་བྱེད་པར་སྐུལ་འདེད་གཏོང་བ་དང་།

    2020-08-31
  • ཉིང་ཁྲི་གྲོང་ཁྱེར་གྱི་ལོ་སྟོད་ཀྱི་དཔལ་འབྱོར་སྟོན་རྟགས་གཙོ་བོ་བརྟན་པོའི་ངང་འཕར་བ།

    ཉིང་ཁྲི་གྲོང་ཁྱེར་གྱི་ལོ་སྟོད་ཀྱི་དཔལ་འབྱོར་སྟོན་རྟགས་གཙོ་བོ་བརྟན་པོའི་ངང་འཕར་བ།

    ཉིན་ཤས་གོང་། གསར་འགོད་པར་འབྲེལ་ཡོད་སྡེ་ཚན་ནས་ཤེས་རྟོགས་བྱུང་བར། ཉིང་ཁྲི་གྲོང་ཁྱེར་གྱི་ལོ་སྟོད་ཀྱི་དཔལ་འབྱོར་སྟོན་རྟགས་གཙོ་བོ་བརྟན་པོའི་ངང་འཕར་བ་དང་། ས་ཁུལ་གྱི་ཐོན་སྐྱེད་རིན་ཐང་བསྡོམས་འབོར་དང་། གཏན་འཇགས་རྒྱུ་ནོར་གྱི་མ་དངུལ། སྤྱི་པའི་ནོར་སྲིད་སྔོན་རྩིས་ཡོང་འབབ། སྤྱི་ཚོགས་འཛད་རྫས་སིལ་ཚོང་གི་བསྡོམས་འབོར། གྲོང་ཁྱེར་དང་གྲོང་གསེབ་ཀྱི་གྲོང་མིའི་ཆ་སྙོམས་བཀོལ་སྤྱོད་ཆོག་པའི་ཡོང་འབབ་སོགས་དཔལ་འབོར་སྟོན་རྟགས་དུས་ཚིགས་གོང་མ་དང་བསྡུར་ན་མཐོ་རུ་མངོན་གསལ་དོད་པོ་ཕྱིན་ཡོད་ལ། སྟོན་རྟགས་རེ་ཟུང་གི་འཕར་ཚད་ཆེ་བས་ལོ་ཧྲིལ་པོའི་དམིགས་ཚད་ལས་འགན་ལེགས་གྲུབ་ལ་རྨང་གཞི་བརྟན་པོ་བཏིང་བ་རེད།

    2020-08-31
  • བོད་བྱང་ཐང་འབྲོག་ལས་ཀྱི་གྲུབ་འབྲས་ཐོབ་པའི་འཚོལ་ཞིབ།

    བོད་བྱང་ཐང་འབྲོག་ལས་ཀྱི་གྲུབ་འབྲས་ཐོབ་པའི་འཚོལ་ཞིབ།

    —— ནག་ཆུ་གྲོང་ཁྱེར་གསེར་རྙེད་ཆུས་དགའ་བདེ་རྟེན་གཞིའི་ཐོན་ལས་འཕེལ་རྒྱས་བྱུང་བའི་སྐོར་བཀོད་པ།

    2020-08-31
  • སྡོད་ཁང་ཁྲི་སྟོང་མང་པོ་བསྐྲུན་པས་ན། མི་སེར་ཚང་མས་དགའ་བའི་འཛུམ་མདངས་སྟོན།

    སྡོད་ཁང་ཁྲི་སྟོང་མང་པོ་བསྐྲུན་པས་ན། མི་སེར་ཚང་མས་དགའ་བའི་འཛུམ་མདངས་སྟོན།

    རང་སྐྱོང་ལྗོངས་དབུ་བརྙེས་ནས་ལོ་55ཡི་རིང་གི་རང་ལྗོངས་ཀྱི་སྡོད་ཁང་ཆ་རྐྱེན་རྒྱུན་མཐུད་ངང་ལེགས་སུ་ཕྱིན་པའི་སྐོར་གྱི་སྒྲིལ་གླེང་།

    2020-08-28
  • བོད་ཀྱི་ཆ་རྐྱེན་འཛོམས་པའི་ཤང་གྲོང་དང་སྒྲིག་ཁོངས་གྲོང་ཚོ་ཚང་མར་འགྲུལ་སྐྱེལ་རླངས་འཁོར་ཤར་གཏོང་ཐུབ་པ།

    བོད་ཀྱི་ཆ་རྐྱེན་འཛོམས་པའི་ཤང་གྲོང་དང་སྒྲིག་ཁོངས་གྲོང་ཚོ་ཚང་མར་འགྲུལ་སྐྱེལ་རླངས་འཁོར་ཤར་གཏོང་ཐུབ་པ།

    མིག་སྔར། བོད་ཀྱི་རྫོང་གྲོང་ཚང་མར་སྣུམ་ནག་ལམ་ཤར་གཏོང་ཐུབ་པ་དང་། ཤང་དང་གྲོང་རྡལ་99.8%དང་སྒྲིག་ཁོངས་གྲོང་ཚོ་99.9%ལ་གཞུང་ལམ་ཤར་གཏོང་ཐུབ་པ། ཤང་གྲོང་86.4%དང་སྒྲིག་ཁོངས་གྲོང་ཚོ་61.4%ལ་ཨར་འདམ་ལམ་ཤར་གཏོང་ཐུབ་ཡོད།

    2020-08-28
  • ལྷ་སའི་ལས་རིགས་སློབ་གསོས་དབུལ་སྒྲོལ་ལ་སྐུལ་འདེད་བཏང་བ།

    ལྷ་སའི་ལས་རིགས་སློབ་གསོས་དབུལ་སྒྲོལ་ལ་སྐུལ་འདེད་བཏང་བ།

    ཚེས་26ཉིན། གསར་འགོད་པས་ལྷ་སའི་འབྲེལ་ཡོད་སྡེ་ཚན་ནས་ཤེས་རྟོགས་བྱས་པར་གཞིགས་ན། ལྷ་སས་ལས་རིགས་སློབ་གསོའི་འཕེལ་རྒྱས་ལ་སྐུལ་འདེད་ཤུགས་ཆེན་བཏང་སྟེ་ཞིང་འབྲོག་མང་ཚོགས་ཀྱི་དབུལ་སྒྲོལ་ལ་རམ་འདེགས་བྱས་པ་རེད། ཉེ་བའི་ལོ་ཤས་རིང་། རྒྱལ་ཁབ་ཀྱི་མེ་སྟག་རྣམ་གྲངས་ཀྱི་ཞིང་འབྲོག་པའི་ཚན་རྩལ་སྣེ་ཁྲིད་པ་དང་། གྲོང་ཚོའི་ལས་བྱེད་པའི་སློབ་རྒྱུས་མཐོར་གཏོང་། ཡུལ་སྐོར་ལས་རིགས་ཀྱི་ལས་མིའི་གསོ་སྦྱོང་སོགས་ཀྱི་འཛིན་གྲྭ་བཙུཌ་ནས་མི་2760གསོ་སྦྱོང་བྱས་པ་རེད། དབུལ་སྒྲོལ་འགག་སྒྲོལ་གྱི་ཆེད་དོན་རྣམ་གྲངས་སྤེལ་ནས་མི་506བསྡུས་པ་དང་། ཡིག་ཚགས་དང་གཱ་བཟོས་པའི“གཉིས་ལུས་སློབ་མ”(དམའ་རིམ་སློབ་འབྲིང་དང་མཐོ་རིམ་སློབ་འབྲིང་ཐོན་རྗེས་སློབ་རིམ་འཕར་མེད་པ)མི་699ལ་གསོ་ཚགས་ལག་རྩལ་དང་། མ་བྱན། མགྲོན་ཁང་གི་ཞབས་འདེགས། ཁ་ལོ་བ། ལས་གཏོད་སོགས་ཀྱི་གསོ་སྦྱོང་འཛིན་གྲྭ་བཙུགས་ནས་མི་565ལས་ཞུགས་ཐུབ་པ་རེད།

    2020-08-28
  • སྟོད་ལུང་བདེ་ཆེན་ཆུས་བདེ་ཆེན་གྲོང་རྡལ་སྡིངས་ཁ་གྲོང་ཚོའི་ངག་དབང་གི་དབུལ་སྒྲོལ་ལམ་བུ།

    སྟོད་ལུང་བདེ་ཆེན་ཆུས་བདེ་ཆེན་གྲོང་རྡལ་སྡིངས་ཁ་གྲོང་ཚོའི་ངག་དབང་གི་དབུལ་སྒྲོལ་ལམ་བུ།

    ལྷ་ས་དང་བར་ཐག་སྤྱི་ལེ་70ལྷག་ཙམ་ཆོད་པའི་སྟོད་ལུང་བདེ་ཆེན་ཆུས་བདེ་ཆེན་གྲོང་རྡལ་སྡིངས་ཁ་གྲོང་ཚོའི་ངག་དབང་གི་ཁྱིམ་ཚང་གྲོང་ཚོའི་རི་རྐེད་དུ་ཆགས་ཡོད། བདེ་སྡོད་ལས་གྲྭའི་དྲིན་གྱིས་སྨི་ངོས་གྲུ་400ལྷག་གི་བོད་བཟོའི་ཐོག་ཁང་ཆུང་ངུ་དེ་དཀར་ཆ་དོད་པ་མ་ཟད། འཁྱག་སྒམ་དང་ཚོན་ཁྲ་ཅན་གྱི་བརྙན་འཕྲིན་སོགས་གློག་ཆས་མི་འཛོམ་པ་གཅིག་ཀྱང་མེད། ངག་དབང་གི་ཁྱིམ་ནས་སྡིངས་ཁ་གྲོང་ཚོར་བལྟས་ཚེ། ཡུལ་མིའི་སྡོད་ཁང་གྲལ་སྒྲིག་ཅིང་གཙང་སྦྲ་དོད་པ་ཞིག་ཡོད།

    2020-08-14
  • སྟེང་ཆེན་རྫོང་ཞེ་སྨད་གྲོང་ཚོའི་རིམ་སྤོར་དོ་དམ་དང་ལག་རྩལ་ལས་སྣོད་བཅུད་ཞིང་ལས་ཐོན་ལས་འཁོར་འབྲེལ་སྣུར་བསྲིང་ཡག་པོ་བྱུང་བ།

    སྟེང་ཆེན་རྫོང་ཞེ་སྨད་གྲོང་ཚོའི་རིམ་སྤོར་དོ་དམ་དང་ལག་རྩལ་ལས་སྣོད་བཅུད་ཞིང་ལས་ཐོན་ལས་འཁོར་འབྲེལ་སྣུར་བསྲིང་ཡག་པོ་བྱུང་བ།

    ཉེ་བའི་ལོ་ཤས་རིང་སྟེང་ཆེན་རྫོང་གིས་དོན་དངོས་དང་ཟུང་འབྲེལ་བྱས་ཏེ་ཁྱད་ལྡན་ཀ་རྟེན་ཐོན་ལས་འཕེལ་རྒྱས་བཏང་བས་འཇོན་ཐང་ཅན་མང་པོའི་ཡིད་དབང་བཀུག “སྲིད་གཞུང་དང་། ཁེ་ལས། མཉམ་ལས་ཁང་བཅས་ཟུང་དུ་འབྲེལ་བའི”རྣམ་པའི་ཐོག་ནས་མཉམ་ལས་དང་དོ་དམ་བྱས་པ་བརྒྱུད་ཞེ་སྨད་གྲོང་ཚོའི་འགྱིག་ཤོག་དྲོད་ཁང་60མང་ཚོགས་དབུལ་སྒྲོལ་ཕྱུག་འགྱུར་གྱི་ལམ་བུར་བསྐྱོད་པའི་ཐབས་ལམ་གསར་པར་གྱུར་ཡོད།

    2020-07-09
  • བོད་ཀྱི་ཞབས་ཞུའི་ལས་རིགས་ཀྱི་ཕྲན་ཚེགས་ཁེ་ལས་དང་ཁེར་རྐྱང་བཟོ་ཚོང་དུད་ཚང་བཅས་ལ་སླར་ཡང་ཕན་པ་ཐོབ་པ།

    བོད་ཀྱི་ཞབས་ཞུའི་ལས་རིགས་ཀྱི་ཕྲན་ཚེགས་ཁེ་ལས་དང་ཁེར་རྐྱང་བཟོ་ཚོང་དུད་ཚང་བཅས་ལ་སླར་ཡང་ཕན་པ་ཐོབ་པ།

    ཉེ་ཆར། ཏང་ཀྲུང་དབྱང་དང་རྒྱལ་སྲིད་སྤྱི་ཁྱབ་ཁང་གི་འབྲེལ་ཡོད་བཀོད་སྒྲིག་གཞིར་བཟུང་དང་རང་སྐྱོང་ལྗོངས་སྲིད་གཞུང་གི་ལས་དོན་བཀོད་སྒྲིག་གཞིར་བཟུང་། ལྗོངས་འཕེལ་སྒྱུར་ཨུ་ལྷན་གྱིས་སྣེ་ཁྲིད་དེ་ལྗོངས་སྡོད་ཁང་འཛུགས་སྐྲུན་ཐིང་དང་གཞུང་རྒྱུ་ཨུ་ལྷན་སོགས་སྡེ་ཚན་7དང་མཉམ་འབྲེལ་བྱས་ཏེ《ཏོག་གསར་གློ་ཚད་ཀྱི་རིམས་ནད་ལ་ཁ་གཏད་བཅག་སྟེ་ཞབས་ཞུའི་ལས་རིགས་ཀྱི་ཕྲན་ཚེགས་ཁེ་ལས་དང་ཁེར་རྐྱང་བཟོ་ཚོང་དུད་ཚང་བཅས་ཀྱི་ཁང་གླའི་གནོན་ཤུགས་ཆུང་དུ་གཏོང་རྒྱུའི་སྐོར་གྱི་ལག་བསྟར་ཇུས་གཞི》(གཤམ་དུ《ལག་བསྟར་ཇུས་གཞི》ཞེས་བསྡུ་རྒྱུ)བཀྲམ་ནས། ཁང་གླ་ཆག་ཡང་དང་རྩ་ཆག་གཏོང་བ་དང་། ནོར་ཁྲལ་གཟིགས་སྐྱོང་། དངུལ་རྩའི་རྒྱབ་སྐྱོར། སྡོད་ཁང་བོགས་གཏོང་སོགས་ལ་སྲིད་ཇུས་ཐོག་ནས་རྒྱབ་སྐྱོར་བྱེད་ཤུགས་ཆེ་རུ་བཏང་བ་དང་། ཞབས་ཞུའི་ལས་རིགས་ཀྱི་ཕྲན་ཚེགས་ཁེ་ལས་དང་ཁེར་རྐྱང་བཟོ་ཚོང་དུད་ཚང་བཅས་ལ་རོགས་སྐྱོར་བྱས་ནས་ཁང་གླའི་གནོན་ཤུགས་ཆུང་དུ་བཏང་བ་རེད།

    2020-07-09
  • ཟླ་5པར་བོད་ཀྱི་ཕྱིར་གཏོང་ནང་འདྲེན་ཟླ་གོང་མ་ལས་ལྡབ་གཉིས་འཕར་བ།

    ཟླ་5པར་བོད་ཀྱི་ཕྱིར་གཏོང་ནང་འདྲེན་ཟླ་གོང་མ་ལས་ལྡབ་གཉིས་འཕར་བ།

    གསར་འགོད་པར་ལྷ་ས་འགག་སྒོ་ནས་ཤེས་རྟོགས་བྱུང་བར། འདི་ལོའི་ཟླ་5པར་བོད་རང་སྐྱོང་ལྗོངས་ཀྱི་ཕྱི་ཕྱོགས་ཚོང་དོན་གྱི་ཕྱིར་གཏོང་ནང་འདྲེན་གྱི་རིན་ཐང་བསྡོམས་འབོར་སྒོར་དུང་ཕྱུར་1.34ཟིན་ནས་ཟླ་གོང་མ་ལས་ལྡབ་གཉིས་འཕར་བ་རེད། དེའི་ནང་ཕྱིར་གཏོང་སྒོར་དུང་ཕྱུར་0.96ཟིན་ནས་ཟླ་གོང་མ་ལས་ལྡབ་2.7འཕར་བ་དང་ནང་འདྲེན་སྒོར་དུང་ཕྱུར་0.38ཟིན་ནས་ཟླ་གོང་མ་ལས་ལྡབ་1.1འཕར་ཡོད།

    2020-07-09
  • དྲ་ཐོག་ཁྲལ་འཇལ་གྱིས་དམངས་ལ་སྟབས་བདེ་བསྐྲུན་པ།

    དྲ་ཐོག་ཁྲལ་འཇལ་གྱིས་དམངས་ལ་སྟབས་བདེ་བསྐྲུན་པ།

    ཤེས་རྟོགས་བྱུང་བར་གཞིགས་ན། ཏོག་གསར་གློ་ཚད་ཀྱི་རིམས་ནད་ཐོན་རིང་གི་ཁྲལ་སྒྲུབ་དང་འབྲེལ་ཡོད་ལས་སྒོའི་ཞབས་འདེགས་སྤུས་ཚད་ཞན་དུ་མི་འགྲོ་བ་དང་ལས་གཉེར་མཚམས་འཇོག་མི་བྱེད་པའི་ཆེད།

    2020-07-08
  • བོད་ལྗོངས་ཀྱིས“འཆལ་རྡུང་ལོག་སེལ”གྱི་མཉམ་འབྲེལ་ཆེད་དོན་བྱ་སྤྱོད་སྤེལ་བ།

    བོད་ལྗོངས་ཀྱིས“འཆལ་རྡུང་ལོག་སེལ”གྱི་མཉམ་འབྲེལ་ཆེད་དོན་བྱ་སྤྱོད་སྤེལ་བ།

    གསར་འགོད་པར་རང་སྐྱོང་ལྗོངས་ཀྱི་འབྲེལ་ཡོད་སྡེ་ཚན་ནས་ཤེས་རྟོགས་བྱུང་བར། 2020ལོའི་ཟླ་7ཚེས་1ཉིན་ནས་བཟུང་། རང་སྐྱོང་ལྗོངས“འཆལ་རྡུང་ལོག་སེལ”ལས་དོན་འགོ་ཁྲིད་ཚོགས་ཆུང་གཞུང་ལས་ཁང་གིས་ལྗོངས་ཏང་ཨུད་དྲིལ་བསྒྲགས་པུའུ་དང་། དྲ་འཕྲིན་གཞུང་ལས་ཁང་། རང་སྐྱོང་ལྗོངས་སྤྱི་བདེ་ཐིང་སོགས“འཆལ་རྡུང་ལོག་སེལ”གྱི་ཁོངས་མིའི་ཚན་པ་དང་། དེ་བཞིན་ས་ཁུལ་དང་གྲོང་ཁྱེར་ཁག་སྒྲིག་འཛུགས་བྱས་ནས་རང་སྐྱོང་ལྗོངས་དང་། གྲོང་ཁྱེར། ས་ཁུལ། རྫོང་ཆུས་བཅས་རིམ་པ་གསུམ་གྱི་མཉམ་འབྲེལ་ཆེད་དོན་ལས་དོན་ཚོགས་ཆུང་བཙུགས་ཏེ་གྲོང་ཁྱེར་དང་ས་ཁུལ་བདུན་དུ་གཅིག་རྗེས་གཉིས་མཐུད་ངང་བསྐྱོད་དེ་ཟླ་ཕྱེད་རིང་གི“འཆལ་རྡུང་ལོག་སེལ”གྱི་མཉམ་འབྲེལ་ཆེད་དོན་བྱ་སྤྱོད་སྤེལ་བ་རེད།

    2020-07-08
  • ཟླ་དང་པོ་ནས་ལྔ་པ་བར་ལྗོངས་ཡོངས་ཀྱི་ཁྲོམ་ར་མུ་མཐུད་སླར་གསོ་བྱུང་སྟེ་འཛད་སྤྱོད་ཁྲོམ་ར་ཡུན་རིང་བརྟན་པོ་དང་། མུ་མཐུད་རིམ་འཕར། འཕེལ་ཕྱོགས་མི་འགྱུར་བ་བཅས་ཀྱི་རྣམ་པ་ཐོན་པ།

    ཟླ་དང་པོ་ནས་ལྔ་པ་བར་ལྗོངས་ཡོངས་ཀྱི་ཁྲོམ་ར་མུ་མཐུད་སླར་གསོ་བྱུང་སྟེ་འཛད་སྤྱོད་ཁྲོམ་ར་ཡུན་རིང་བརྟན་པོ་དང་། མུ་མཐུད་རིམ་འཕར། འཕེལ་ཕྱོགས་མི་འགྱུར་བ་བཅས་ཀྱི་རྣམ་པ་ཐོན་པ།

    ཉིན་ཤས་གོང་གསར་འགོད་པས་ལྗོངས་ཚོང་དོན་ཐིང་ནས་ཤེས་རྟོགས་བྱས་པར། ཟླ་ཤས་བསྟུད་མར། རང་ལྗོངས་ཀྱི་སྡེ་ཚན་ཁག་གིས་ཀུན་སེམས་གཅིག་སྒྲིལ་ངང་ཏོག་གསར་གློ་ཚད་རིམས་ནད་ཀྱི་ཕན་མེད་ཤུགས་རྐྱེན་ལ་ཕྱོགས་ནས་བྱེད་ཐབས་སྣ་ཚོགས་སྤྱད་དེ་སླར་གསོའི་རང་བཞིན་གྱི་འཛད་སྤྱོད་ལ་སྣེ་ཁྲིད་བྱས་པར་བརྟེན་ཚོང་དོན་དཔལ་འབྱོར་གྱི་དམིགས་ཚད་ཁག་མངོན་གསལ་དོད་པོས་ལེགས་སུ་ཕྱིན་ནས་ལྗོངས་ཡོངས་ཀྱི་ཁྲོམ་ར་མུ་མཐུད་སླར་གསོ་ཐུབ་ཡོད།

    2020-07-14
  • བོད་ལྗོངས་མཁའ་འགྲུལ་གྱིས་ལྷ་ས་ནས་ཁུན་མིང་དང་མང་ཧྲི་བར་གྱི་མཁའ་ལམ་ལམ་ཐིག་གསར་པ་ཤར་གཏོང་བྱས་པ།

    བོད་ལྗོངས་མཁའ་འགྲུལ་གྱིས་ལྷ་ས་ནས་ཁུན་མིང་དང་མང་ཧྲི་བར་གྱི་མཁའ་ལམ་ལམ་ཐིག་གསར་པ་ཤར་གཏོང་བྱས་པ།

    གསར་འགོད་པར་བོད་ལྗོངས་མཁའ་འགྲུལ་ཀུང་སི་ནས་ཤེས་རྟོགས་བྱུང་བར། ཚེས་11ཉིན་གྱི་ཆུ་ཚོད་12དང་སྐར་མ་8ཀྱི་ཐོག་བོད་ལྗོངས་མཁའ་འགྲུལ་གྱི་འགྲུལ་སྐྱེལ་གནམ་གྲུ་ཡུན་ནན་ཏེ་ཧུང་མང་ཧྲི་གནམ་ཐང་དུ་འབྱོར་བ་དང་། དེ་ལས་བོད་ལྗོངས་མཁའ་འགྲུལ་གྱི་ལྷ་ས་ནས་ཁུན་མིང་དང་དེ་ནས་མང་ཧྲི་བར་གྱི་གསར་དུ་ཤར་གཏོང་བྱས་པའི་ལམ་ཐིག་གི་མཁའ་འགྲུལ་གནམ་གྲུ་ཐོག་མ་དེ་འཕུར་སྐྱོད་ལེགས་གྲུབ་བྱུང་བ་མཚོན་ཡོད།

    2020-07-14
  • བོད་ལྗོངས་ལྷོ་ཁས་གློག་སྤྱོད་ཞབས་འདེགས་ཡག་པོ་ཞུས་ནས་ཤ་ཚལ་སྒོང་གསུམ་གྱི་ཐོན་སྐྱེད་ལ་རམ་འདེགས་བྱས་པ།

    བོད་ལྗོངས་ལྷོ་ཁས་གློག་སྤྱོད་ཞབས་འདེགས་ཡག་པོ་ཞུས་ནས་ཤ་ཚལ་སྒོང་གསུམ་གྱི་ཐོན་སྐྱེད་ལ་རམ་འདེགས་བྱས་པ།

    ཉིན་ཤས་རིང་། རྒྱལ་ཁབ་གློག་དྲ་བོད་ལྗོངས་ལྷོ་ཁ་གློག་ཤུགས་མཁོ་འདོན་ཀུང་སི་དང་ཧུའུ་པེ་ཤང་དབྱང་གྲོང་ཁྱེར་གློག་ཤུགས་མཁོ་འདོན་ཀུང་སིའི་བོད་སྐྱོར་ལས་དོན་མི་སྣས“ཞིང་པའི་དྲོད་ཁང་ཆེ་མོར་སྐྱོད། དབྱར་དུས་གློག་ཤུགས་འགན་ལེན་བྱེད”ཅེས་པའི་བརྗོད་དོན་གཙོ་བོའི་དང་བླངས་པའི་ཞབས་ཞུའི་བྱེད་སྒོ་ཧུར་ཐག་སྤེལ་ཞིང་། གུང་ཁྲན་ཏན་ཡོན་གྱི་ཞབས་ཞུའི་རུ་ཁག་སྒྲིག་འཛུགས་བྱས་ནས་སྒོ་རྩར་འོས་འགན་ཞབས་འདེགས་ཞུ་བར་བསྐྱོད་དེ།

    2020-07-14
  • བོད་ལྗོངས་ཀྱིས་ཁྲོམ་རར་ཞུགས་འཐུས་སྟབས་བདེ་ཅན་གྱི་ཆུ་ཚད་མཐོ་རུ་བཏང་ནས་ཁེ་ལས་ཀྱི་གསོན་ཤུགས་རིམ་བཞིན་འཕེལ་བར་བྱས་པ།

    བོད་ལྗོངས་ཀྱིས་ཁྲོམ་རར་ཞུགས་འཐུས་སྟབས་བདེ་ཅན་གྱི་ཆུ་ཚད་མཐོ་རུ་བཏང་ནས་ཁེ་ལས་ཀྱི་གསོན་ཤུགས་རིམ་བཞིན་འཕེལ་བར་བྱས་པ།

    གསར་འགོད་པར་བོད་རང་སྐྱོང་ལྗོངས་ཁྲོམ་ར་ལྟ་འདོམས་ཅུས་ནས་ཤེས་རྟོགས་བྱུང་བར། ན་ནིང་ནས་བཟུང་བོད་ལྗོངས་ཀྱིས་སྲིད་འཛིན་ཞིབ་མཆན་གྱི་ལམ་ལུགས་སྒྱུར་བཅོས་སྔར་བས་གཏིང་ཟབ་ཏུ་བཏང་བ་དང་། ཚོང་དོན་ལམ་ལུགས་སྒྱུར་བཅོས་ལ་སྐུལ་འདེད་བཏང་བ། ཁྲོམ་རར་ཞུགས་འཐུས་སྟབས་བདེ་ཅན་གྱི་ཆུ་ཚད་རྒྱུན་ཆད་མེད་པར་མཐོ་རུ་བཏང་བ་བཅས་བྱས་ནས་སྤྱི་དམངས་ཀྱི་ལས་གཏོད་སྤྲོ་སེམས་དང་ཁྲོམ་རའི་གསོན་ཤུགས་ནུས་ལྡན་ངང་འཕེལ་བར་བྱས་ཡོད། འདི་ལོའི་ཟླ་6པའི་ཟླ་མཇུག་བར་བོད་ཀྱི་ཁྲོམ་རའི་བྱེད་པོ་ཁྲི་34.52དང་ཐོ་འགོད་མ་དངུལ་སྒོར་དུང་ཕྱུར་17443.6ཟིན་པ་དེ་དུས་མཚུངས་ལས་22.4%དང་26.2%སོ་སོར་འཕར་ཡོད་པ་རེད།

    2020-07-13
དེ་བས་མང་།
010020070840000000000000011200000000000000